林周县政务服务中心“高效办一件事”→“水电气网联合报装一件事”综合窗口正式对外服务的公告
为加快推进我县“水电气网联合报装一件事”高效办理,县政务服务中心“高效办一件事”综合窗口受理“水电气网联合报装一件事”相关业务。
更好满足全县范围内报装用户对供(水、排水、供电、网络联合报装,以及市政水电气网接入外线工程涉及联合审批的需求,解决报装多头跑、材料重复交、办理时限长等问题,县住交局牵头通过整合部门资源、精简报装材料、优化办理流程等措施,打造“供水、排水、供电、网络”联合报装“一表申请、一窗(端)咨询受理、联合踏勘、并联审批”的高效办成一件事工作模式,进一步减少环节、简化审批、压缩时限、降低成本,提升报装用户的满意度和获得感。
“水电气网联合报装一件事”所需材料请咨询0891-6129038
附件:
1.林周县“水电气网联合报装一件事”报装表(扫描二维码);
2.林周县“水电气网联合报装一件事”流程图(扫描二维码)。
附件:1.林周县“水电气网联合报装一件事”报装表(扫描二维码)
附件2.林周县“水电气网联合报装一件事”流程图(扫描二维码)
林周县政务服务中心
2024年12月15日
ལྷུན་གྲུབ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་“ནུས་ལྡན་ངང་དོན་དག་གཅིག་སྒྲུབ་པ། ”“ཆུ་གློག་དང་འབར་རླངས། དྲ་རྒྱ་བཅས་ཐེངས་གཅིག་རང་བཞིན་སྒྲིག་སྦྱོར་”གྱི་ཕྱོགས་བསྡུས་སྐར་ཁུང་དངོས་སུ་ཕྱི་ཕྱོགས་ལ་ཞབས་འདེགས་ཞུ་བའི་སྤྱི་བསྒྲགས།
རང་རེའི་རྫོང་གི་“ཆུ་གློག་དང་འབར་རླངས། དྲ་རྒྱ་མཉམ་འབྲེལ་ངང་སྒྲིག་སྦྱོར་བྱེད་པའི་”ལས་དོན་ནུས་ལྡན་ངང་སྒྲུབ་ཆེད། རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་“ནུས་ལྡན་ངང་དོན་དག་གཅིག་སྒྲུབ་པའི་”ཕྱོགས་བསྡུས་སྐར་ཁུང་གིས་“ཆུ་གློག་དང་འབར་རླངས། དྲ་རྒྱ་བཅས་མཉམ་འབྲེལ་ཐོག་སྒྲིག་སྦྱོར་བྱེད་པའི་”འབྲེལ་ཡོད་ལས་སྒོ་གཉེར་རྒྱུ་ཡིན།
རྫོང་ཡོངས་ཁྱབ་ཁོངས་ནང་ཆུ་མཁོ་འདོན་དང་། ཆུ་ཕྱིར་འབུད། གློག་མཁོ་འདོན། འབར་རླངས་མཁོ་འདོན། དྲ་སྦྲེལ་བཅས་མཉམ་འབྲེལ་སྒྲིག་སྦྱོར་བྱེད་པ་དང་དེ་བཞིན་མཉམ་འབྲེལ་ཞིབ་མཆན་འགོད་པའི་དགོས་མཁོ་སྔར་བས་སྐོང་གང་ཐུབ་བྱས་ནས། སྒྲིག་སྦྱོར་བྱེད་པར་ལས་ཁུངས་མང་པོར་འགྲོ་དགོས་པ་དང་དཔྱད་གཞི་བསྐྱར་སྤྲོད་བྱེད་དགོས་པ། ལས་སྒྲུབ་དུས་ཚད་རིང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་ཀྱིས་སྣེ་ཁྲིད་དེ་ཚན་པའི་ཐོན་ཁུངས་བསྡུ་སྒྲིལ་དང་། སྒྲིག་སྦྱོར་དཔྱད་གཞི་སྟབས་བསྡུས། འགྲོ་ལུགས་གཉེར་བའི་བརྒྱུད་རིམ་ལེགས་གཏོང་སོགས་ཀྱི་བྱེད་ཐབས་བརྒྱུད། “ཆུ་མཁོ་འདོན་དང་། ཆུ་ཕྱིར་འབུད། གློག་མཁོ་འདོན། འབར་རླངས་མཁོ་འདོན། དྲ་རྒྱ་”བཅས་མཉམ་འབྲེལ་ངང་“རེའུ་མིག་གཅིག་དང་། སྐར་ཁུང་གཅིག་བློ་འདྲི་དང་ལས་གཉེར། མཉམ་འབྲེལ་དངོས་ཞིབ་དང་ཞིབ་མཆན་”བཅས་ཀྱི་ལས་དོན་གྱི་རྣམ་པ་ཞིག་བཏོད་དེ་ལས་རིམ་ཉུང་དུ་གཏོང་བ་དང་། ཞིབ་མཆན་སྟབས་བདེར་གཏོང་བ། དུས་ཚད་ཐུང་དུ་གཏོང་བ། མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་དང་ཐོབ་ཚོར་ཆེ་རུ་གཏོང་རྒྱུ་ཡིན།
“ཆུ་གློག་དང་འབར་རླངས། དྲ་རྒྱ་མཉམ་འབྲེལ་སྒྲིག་སྦྱོར་སྙན་ཞུ་”ལ་མཁོ་བའི་དཔྱད་གཞིའི་ཡིག་རིགས་0891-6129038ལ་བློ་འདྲི་གནང་རོགས།
ཟུར་བཀོད།
1.ལྷུན་གྲུབ་རྫོང་གི་“ཆུ་གློག་དང་འབར་རླངས། དྲ་རྒྱ་མཉམ་འབྲེལ་སྒྲིག་སྦྱོར་སྙན་ཞུའི་”སྒྲིག་སྦྱོར་རེའུ་མིག(རྩ་གཉིས་ཨང་རྟགས་བཤེར་རོགས།)
2. ལྷུན་གྲུབ་རྫོང་གི་“ཆུ་གློག་དང་འབར་རླངས། དྲ་རྒྱ་མཉམ་འབྲེལ་སྒྲིག་སྦྱོར་སྙན་ཞུའི་”རྒྱུད་རིམ་རི་མོ། (རྩ་གཉིས་ཨང་རྟགས་བཤེར་རོགས།)
1.ལྷུན་གྲུབ་རྫོང་གི་“ཆུ་གློག་དང་འབར་རླངས། དྲ་རྒྱ་མཉམ་འབྲེལ་སྒྲིག་སྦྱོར་སྙན་ཞུའི་”སྒྲིག་སྦྱོར་རེའུ་མིག(རྩ་གཉིས་ཨང་རྟགས་བཤེར་རོགས།)
2. ལྷུན་གྲུབ་རྫོང་གི་“ཆུ་གློག་དང་འབར་རླངས། དྲ་རྒྱ་མཉམ་འབྲེལ་སྒྲིག་སྦྱོར་སྙན་ཞུའི་”རྒྱུད་རིམ་རི་མོ། (རྩ་གཉིས་ཨང་རྟགས་བཤེར་རོགས།)
ལྷུན་གྲུབ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་།
2024.12.15
点击↑↑↑相应文字查看专栏内容
推荐阅读
林周融媒
关注“林周之窗”视频号、“林周融媒”抖音号、“林周之窗”微信公众号、“智美林周”快手号