དམངས་ཀྱི་བསམ་གྲོས་འཁྱེར་ནས་ཚོགས་ཆེན་གཉིས་ཀྱི་འཐུས་མི་……

政务   2025-01-16 22:12   西藏  

དམངས་ཀྱི་བསམ་གྲོས་འཁྱེར་ནས་ཚོགས་ཆེན་གཉིས་ཀྱི་འཐུས་མི་འབྱོར་ཐོ་འགོད་སར་སླེབས་ནས་འགན་སྒྲུབ་ཀྱི་རྒྱང་ལམ་གསར་པར་བསྐྱོད་པ།

ཟླ་བ་༡པོའི་ཚེས་༡༦ཉིན། ཚང་མས་དོ་ཁུར་བྱེད་པའི་བོད་རང་སྐྱོང་ལྗོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་ཚོགས་འདུ་ཐེངས་༣པ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པས་འཐུས་མིའི་འབྱོར་ཐོ་འགོད་པའི་ཉིན་མོ་བསུས་ཡོད། རང་གྲོང་གི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཨུ་ཡོན་རྣམས་འགན་འཁྲི་ཁྲག་ཏུ་འཁུར་ནས་ལས་སྒྲུབ་ལམ་དུ་བསྐྱོད་ཡོད།




བསམ་གྲོས་ཁག་གཅིག་ལ་གཟིགས་རོགས།↓↓↓


རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་འཐུས་མི། བུ་རྒྱལ།

བསམ་གྲོས་གཉིས་འཁྱེར་ཡོད་པ་སྟེ། གཅིག་ནི་ཤང་གྲོང་དར་རྒྱས་ཀྱི་ཆེད་ལས་ལས་བྱེད་མི་སྣའི་ལས་གནས་ཐོབ་ཐང་མཐོ་རུ་གཏོང་རྒྱུ་ཡིན་པ། གཉིས་ནི་སྨན་བཅོས་འགན་བཅོལ་མ་དངུལ་ཉུང་དུ་བཅོག་རྒྱུའི་སྐོར་ཡིན།


རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་འཐུས་མི། སྐར་མ་ཀུན་ཁྱབ།


ངས་དེ་རིང་གྲོས་གཞི་གཉིས་འཁྱེར་ཡོད། གཅིག་ནི་གནམ་འཚོའི་ཉེ་འཁོར་གྱི་འགྲོ་ལམ་འཛུགས་སྐྲུན་སྐོར་ཡིན། གང་ཡིན་ཟེར་ན་གནམ་འཚོ་དེ་ཉིད་གྲོང་ཁྱེར་གཉིས་ཀྱི་མཚམས་ཐིག་ལ་ཐུག་ཡོད་པའི་ཡུལ་སྐོར་ཐོན་ཁུངས་མང་པོ་ཡོད། དེ་བས་ལེགས་པའི་སྒོ་ནས་ཡུལ་སྐོར་པ་ཚོའི་དགོས་མཁོ་སྐོང་ཐུབ་ཆེད་དང་གཉིས་ནི་ཉེ་འཁོར་གྱི་རྩ་རྭ་སྲུང་སྐྱོབ་བྱ་རྒྱུ་དེ་གཉིས་ངས་བྱས་ན་གལ་ཆེན་པོ་རེད་བསམ་གྱི་འདུག དེར་བརྟེན་ཚོགས་ཆེན་ཐོག་ལ་བསམ་གྲོས་ལེགས་པར་བཏོན་གྱི་ཡིན།


རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་འཐུས་མི། སུའུ་ཧྲུའུ་ཧའོ།

ངའི་གྲོས་གཞི་ནི་འབྲེལ་ཡོད་ཆ་རྐྱེན་འོག་བོད་དུ་ཡོད་པའི་ཁེ་ལས་མི་སྣའི་ཕྲུ་གུར་སློབ་བཞུགས་ཐད་ཀྱི་སྟབས་བདེ་བསྐྲུན་པའི་སྲིད་ཇུས་ཡོད་པའི་རེ་ཞུའི་སྐོར་ཡིན། དེ་མ་ཟད་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཐེངས་གསུམ་པའི་ཚོགས་འདུ་བདེ་བླག་ངང་སྤེལ་ཐུབ་པ་ཡོང་རྒྱུའི་སྨོན་འདུན་ཡོད།

记者:白旋 孙正珠 索朗曲珍 才仁拉珠 

翻 译:德庆拉泽

编 辑(一审):德庆拉泽

责 编(二审:国     吉

审 核(三审:索     朗

扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章