སྦྲ་ཆེན་རྫོང་དམར་རུ་ཤང་རླངས་འཁོར་རུ་ཁག་གིས་བགོ་འགྲེམས་མཛད་སྒོ་ཚོགས་པ།
ཉེ་དུས། སྦྲ་ཆེན་རྫོང་དམར་རུ་ཤང་བོད་ལྗོངས་སྤུན་ཟླའི་སྐྱེལ་འདྲེན་ཚད་ཡོད་འགན་འཁྲི་ཀུང་སིའི་རླངས་འཁོར་རུ་ཁག་གིས་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་པ་རེད། ད་ཐེངས་ཀྱི་ཁེ་སྤོགས་བགོ་བ་ནི་ཤང་ཡོངས་ཀྱི་གྲོང་ཚོ་ཁག་གི་རླངས་འཁོར་ཡོད་པའི་གྲོང་མིས་མཉམ་འབྲེལ་ཐོག་རླངས་འཁོར་རུ་ཁག་བཙུགས་པ་དང་ཀུང་སི་བཙུགས་རྗེས་ལོ་འཁོར་གྱི་ཁེ་སྤོགས་བགོ་ཐེངས་དང་པོ་ཡིན་པ་དང་། ཁྱོན་བསྡོམས་སྒོར་ཁྲི་233བགོས་ཡོད་པ་རེད།
འདས་ཟིན་པའི་ལོ་གཅིག་ནང་རླངས་འཁོར་རུ་ཁག་གི་ཁོངས་མི་ཚོས་འབད་བརྩོན་དང་བློ་གྲོས་ལ་བརྟེན་ནས་ས་གནས་དེ་གའི་དངོས་ཟོག་སྐྱེལ་འདྲེན་དང་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཁེ་སྤོགས་བགོས་པའི་མཛད་སྒོའི་ཐོག་གྲོང་མི་ཚོའི་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་པ་དང་ཁེ་སྤོགས་དེ་ནི་འདས་ཟིན་པའི་ལོ་གཅིག་གི་འབད་བརྩོན་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་གྱི་ལས་བརྩོན་འཕེལ་རྒྱས་ལ་སྐུལ་ལྕག་བྱས་པ་ཞིག་ཀྱང་རེད།
记 者:拉巴索朗
编 辑(一审):德庆拉泽
责 编(二审):秦 瑶
审 核(三审):戴 青 霞