▶高水平对外开放,拉孜县热萨乡怎么做?

民生   2024-11-20 12:35   西藏  

欢迎提供新闻线索:lztvxwb@qq.com



高水平对外开放,拉孜县热萨乡怎么做?

ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ལས་དོན་ནང་།
ལྷ་རྩེ་རྫོང་རེ་ས་ཤང་གིས་ཇི་ལྟར་བྱས་ཡོད་དམ།

拉孜县热萨乡党委书记 孟勇

ལྷ་རྩེ་རྫོང་རེ་ས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི། མོང་ཡུང་གིས།


2024年10月18日,日喀则市高水平开放大会召开,拉孜县热萨乡积极学习大会精神,主动思考全乡对外开放工作,主动落实六大提升行动,立足区位优势和内生资源,不断丰富功能要素,盘活各类资源,全面拓展乡村产业链条,书写乡村振兴的绚丽篇章。

热萨乡坚持“走出去”和“请进来”相结合,优化营商环境,激发市场活力。成功举办乡级招商引资推介会,引进汽修、餐饮、物流、宾馆等11家,产业链条显著延伸。同时,乡党委政府主动作为,今年以来,成功落地项目18个,总投资额达1.59亿元,同比增长194%,为乡村经济注入强劲动力。热萨乡以绿色建材小镇建设为引领,依托交通优势和特色产业,打造“运输经济”“马路经济”“文旅经济”三大引擎,以“交通+产业+文旅”模式促进三产融合发展。乡集体运输公司2024年预计收入达2600万元。318国道5000公里处建设综合服务站,11个商铺和超市每年盈利可达100余万元;央德扎念合作社采用“线上主播带货+线下实体经销”新型销售模式,年均收入158万元。发展马路经济,形成沿路经济走廊,吸引过往车辆游客停车休息消费,堆康村、宗贝村等5个沿路村庄通过门面出租每年实现集体经济增收10万—25万元不等,带动沿线村庄集体经济大幅增长。

下一步,热萨乡将继续深入学习开放大会精神,主动思考、谋划、推动、落实,持续将“四美热萨”建设推向深入取得实效。


2024ལོའི་ཟླ་10ཚེས་18ཉིན། གཞིས་རྩེ་གྲོང་ཁྱེར་གྱི་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཚོགས་ཆེན་འཚོགས་པ་རེད། རང་ལྷ་རྩེ་རྫོང་རེ་ས་ཤང་གིས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཧུར་ཐག་བྱས་པ་དང་ཆབས་ཅིག་རང་འགུལ་ངང་ཤང་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་ལ་བསམ་གཞིགས་དང་། མཐོར་གཏོང་གི་བྱ་སྤྱོད་ཆེན་པོ་དྲུག་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་ས་ཁོངས་ཀྱི་ལེགས་ཆ་དང་ནང་ངོས་ཐོན་ཁུངས་ལ་གཞི་ཚུགས་པ་དང་། བྱེད་ནུས་ཀྱི་རྒྱུ་ཆ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ། ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ཐུབ་པ་བཅས་གྲོང་གསེབ་ཀྱི་ཐོན་ལས་འབྲེལ་ཐག་ཁྱོན་ཡོངས་ནས་རྒྱ་ཆེར་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་བརྩམ་ཡོད། ལས་དོན་དེ་དག་སྤེལ་བའི་བརྒྱུད་རིམ་ནང་། ར་ས་ཤང་གིས“ཕྱིར་བསྐྱོད་ཐུབ་པ”དང“ནང་དུ་འདྲེན་ཐུབ་པ”ཟུང་འབྲེལ་གྱི་བྱ་ཐབས་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཡོད་ལ། གྲུབ་འབྲས་ཐོན་པོས་ཤང་རིམ་པའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ཤིང་། རླངས་འཁོར་ཉམས་བཟོ་དང་། བཟའ་བཏུང་། ཟོག་འགྲེམས། མགྲོན་ཁང་སོགས་ཚན་པ་11ནང་འདྲེན་བྱས་པས་ཐོན་ལས་འབྲེལ་ཐག་གི་ནུས་པ་ཡག་པོ་ཐོན་ཡོད། དེ་དང་ཆབས་ཅིག་ཤང་ཏང་ཨུད་དང་སྲིད་གཞུང་གིས་རང་འགུལ་ངང་ལས་དོན་སྤེལ་ནས་ལོ་འདིའི་ནང་རྣམ་གྲངས་18དོན་འཁྱོལ་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.59བཏང་བ་དེ་དུས་མཚུངས་ལས་194%འཕར་ནས་གྲོང་གསེབ་ཀྱི་དཔལ་འབྱོར་ལ་སྒུལ་ཤུགས་ཆེན་པོ་སྤྲད་ཐུབ་པ་དང་། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆའི་གྲོང་རྡལ་ཆུང་ངུ་བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ནས་འགྲིམ་འགྲུལ་གྱི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས“སྐྱེལ་འདྲེན་དཔལ་འབྱོར”དང་། “གཞུང་ལམ་དཔལ་འབྱོར” “རིག་གནས་ཡུལ་སྐོར་དཔལ་འབྱོར”བཅས་སྒུལ་ཤུགས་ཆེན་པོ་གསུམ་བཏོད་དེ། འགྲིམ་འགྲུལ་དང་། ཐོན་ལས། རིག་གནས་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ཐོན་ལས་གསུམ་པའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། སྔོན་དཔག་བྱས་ན། ཤང་མཉམ་སྡེབ་སྐྱེལ་འདྲེན་ཀུང་སིར་2024ལོའི་ནང་ཡོང་འབབ་སྒོར་ཁྲི་2600ཟིན་པ་དང་།  རྒྱལ་ལམ་318ཀྱི་སྤྱི་ལེ་5000གི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དང་། སྒྲོམ་ཚོང་། སྒོ་རྩིས་ཚོང་ཁང་སོགས་ཚན་པ་11ལ་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་100ལྷག་ཙམ་བྱུང་བ། དབྱངས་རྟ་སྒྲ་སྙན་མཉམ་ལས་ཁང་གིས“དྲ་ཐོག་བརྒྱུད་ཚོང་དང་ལག་ཐོག་ཚོང་གཉེར་མཉམ་འབྲེལ”གྱི་བྲིན་ཚོང་བྱེད་སྟངས་གསར་པ་སྤྱད་པར་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་158ཙམ་ཡོང་གི་ཡོད་པ། གཞུང་ལམ་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་ལམ་རྒྱུད་དཔལ་འབྱོར་གྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་འགྲོ་འོང་བྱེད་མཁན་དང་། ཡུལ་སྐོར་བར་རླངས་འཁོར་འཇོག་ནས་ངལ་གསོ་རྒྱག་ས་བྱུང་བ་མ་ཟད། འཁོ་བསྒྲུབ་ཀྱི་དགོས་འཁོ་བསྐོང་ཐུབ་པ་བྱུང་ཡོད། སྡོད་ཁང་གྲོང་ཚོ་དང་འཛོམས་དཔེ་གྲོང་ཚོ་སོགས་ལམ་རྒྱུད་ཀྱི་གྲོང་ཚོ་5ཡིས་ཚོང་གཉེར་ཁང་པ་བོགས་གཏོང་བྱས་ནས་ལོ་ལྟར་མཉམ་སྡེབ་དཔལ་འབྱོར་ལ་འབབ་འཕར་སྒོར་ཁྲི་10ནས་ཁྲི་25བར་མི་འདྲ་བ་བྱུང་སྟེ་ལམ་རྒྱུད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐད་སྐུལ་ཁྲིད་ཤུགས་ཆེན་ཐུབ་པ་སོགས་བྱུང་ཡོད། 

གོམ་སྟབས་རྗེས་མར། རེ་ས་ཤང་གིས་སྒོ་དབྱེའི་ཚོགས་ཆེན་གྱི་དགོངས་དོན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་འགུལ་ངང་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད། དོན་འཁྱོལ་བཅས་བྱས་ནས“མཛེས་པ་བཞི་ཡི་རེ་ས”འཛུགས་སྐྲུན་ལ་ཕན་འབྲས་གཏིང་ཟབ་ཐོན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན།།།།

视频编辑:德 央

编 辑、翻译:巴洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音







拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章