ཟླ་1ཚེས་7ཉིན། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། འདས་པའི་ཆུ་ཚོད་24ཡི་རིང་ཡོམ་ཁུལ(བྱང་གི་འཕྲེད་ཐིག་ཏུའུ་28.50དང་། ཤར་གྱི་གཞུང་ཐིག་ཏུའུ་87.45)དང་དེ་བཞིན་ཉེ་འཁོར་དུ་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བསྟན་ཡོད་པ་དང་། དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་14.8ནས་15.7བར་ཟིན་པ། ལྷགས་པ་རིམ་པ་7ནས་8བར་བརྒྱབ་ཡོད་པ་རེད། ཟླ་1ཚེས་7ནས་9ཉིན་བར། ཡོམ་ཁུལ(བྱང་གི་འཕྲེད་ཐིག་ཏུའུ་28.50དང་། ཤར་གྱི་གཞུང་ཐིག་ཏུའུ་87.45)དང་དེ་བཞིན་ཉེ་འཁོར་དུ་གནམ་དྭངས་པ་ནས་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ་ཡིན་པ་དང་། དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ། དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་18ནས་ཀླད་ཀོར་འོག་གི་3བར་དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་0ནས་15བར་ཟིན་རྒྱུ། ཉིན་གུང་ཡོལ་རྗེས་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ་ཡིན་པ་རེད། གནམ་གཤིས་སྡེ་ཚན་གྱི་གྲོས་འགོ་བཏོན་དོན། ཟླ་1ཚེས་7ནས་9ཉིན་བར་ཡོམ་ཁུལ་དང་དེ་བཞིན་ཉེ་འཁོར་དུ་གནམ་དྭངས་པ་ནས་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ་དང་། ཉིན་གུང་ཡོལ་རྗེས་ལྷགས་པ་ཆེན་པོ་རྒྱག་རྒྱུ། དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་བཅས་ཡིན་པས། སྔོན་ཚུད་ནས་དྲོ་ཇུས་བྱས་ཏེ་ལྷགས་པ་ཆེན་པོ་དང་དྲོད་ཚད་ཤུགས་ཆེན་ཆག་པ་ལས་ཤུགས་རྐྱེན་ངན་པ་མི་ཕོག་པ་བྱེད་དགོས།