特此公告。
ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་པས2024ལོའི་ཟླ9པའི་ཚེས30ཉིན་ནས་ཟླ12པའི་ཟླ་དཀྱིལ་བར། མཚོ་བྱང་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་གྱི་ལས་ཁུངས་དང་ཁུལ་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱེད་རྒྱུ་རེད།
ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་བླང་བྱ་ལྟར། སྐོར་ཞིབ་བྱ་བའི་ཁྱད་ཆོས་དང་ཆོས་ཉིད་གཉིས་ཟུང་འབྲེལ་གྱིས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་འགན་དང་འགན་ནུས་ཀྱི་འགན་འཁྲི་ལ་དམ་པོར་དམིགས་ནས།ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་བཅས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ། སྐོར་ཞིབ་དང་རྩིས་བཤེར་སོགས་ལྟ་སྐུལ་ཞིབ་བཤེར་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་པའི་གནས་ཚུལ་བཅས་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད།
ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་མཚོ་བྱང་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་ལས་ཁུངས་དང་ཁུལ་ཨུའི་རྩ་འཛུགས་པུའུ་རུ་ཟླ་བ2དང་ཕྱེད་ཀའི་རིང་བྱ་བ་སྒྲུབ་རྒྱུ་ཡིན་ཞིང་། སྐོར་ཞིབ་བྱེད་སྐབས་ཀྱི་ཆེད་མངགས་ལས་རེས་ཁ་པར་ཨང་གྲངས།1797166080(ལག་ཁྱེར་ཁ་པར་རམ་ཡང་ན་འཕྲིན་ཐུང)དང་འཕྲིན་ཡིག་སྦྲག་སྐུར་ས་གནས། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་ཡིག་སྒམA011། གློག་རྡུལ་ཡིག་ཟམ་བརྒྱུད་ནསqhswxsz3@163.comལ་བསྐུར་བའམ་ཡང་ན་ལག་ཁྱེར་ཁ་པར་གྱིས་སྤྱི་བསྒྲགས་ནང་གི་རྩ་གཉིས་ཨང་རྟགས་བཤེར་ཆོག སྐོར་ཞིབ་ཚན་ཆུང་བཅའ་སྡོད་བྱ་ཡུལ།(མཚོ་བྱང་ཁུལ་མགྲོན་ཁང་གི་སྐུ་མགྲོན་ཐོག་བརྩེགས་ཀྱི་གཅིག་ཐོག་གི་ཡིག་བསྐུར་ངོ་བཅར་ཁང)དུ་ཡིག་བསྐུར་ངོ་བཅར་སྣེ་ལེན་ཁང་བཙུགས་ཡོད། དེ་དང་ཆབས་ཅིག ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་དང་ཁུལ་ཨུའི་རྩ་འཛུགས་པུའི་གཞུང་ལས་ཁུལ་དུ་འབྲེལ་གཏུག་ཡིག་སྒམ་བཙུགས་ཡོད། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་བྱ་བའི་ཉིན་མོར་ཁ་པར་དང་ངོ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི། སྔ་དྲོའི་ཆུ་ཚོད8:30-12:00དང་། ཕྱི་དྲོའི་ཆུ་ཚོད2:30-6:00བར་ཡིན། ཡིག་བསྐུར་ངོ་བཅར་བདག་སྤྲོད་བྱེད་པའི་དུས་ཚོད་ནི2024ལོའི་ཟླ12པའི་ཚེས15ཉིན་བར་ཡིན།
སྐོར་ཞིབ་བྱ་བའི་སྲོལ་ཡིག་གི་གཏན་འབེབས་གཞིར་བཟུང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་གིས་གཙོ་བོ་མཚོ་བྱང་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་དང་། ཁུལ་ཨུའི་རྩ་འཛུགས་པུའི་མགོ་ཁྲིད་ཚན་ཁག་དེའི་ཁོངས་མི། རིམ་པ་འོག་མིའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་ལས་གནས་གཙོ་བོའི་མགོ་ཁྲིད་ལས་བྱེད་པའི་གནད་དོན་གོང་ཞུ་བྱས་པའི་འཕྲིན་ཡིག་དང་ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱ་རྒྱུ་ཡིན་ལ། གཙོ་བོ་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས་དང་འཚོ་བའི་སྒྲིག་ཁྲིམས་སོགས་ལས་འགལ་བའི་ཐེར་འདོན་དང་གོང་ཞུའི་རིགས་ཡིན། སྐོར་ཞིབ་བདག་སྤྲོད་ཁྱབ་ཁོངས་སུ་མི་གཏོགས་པའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་གཞན་དག་གཏན་འབེབས་གཞིར་བཟུང་མཚོ་བྱང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་ལ་ཐག་གཅོད་བྱ་རྒྱུར་བརྒྱུད་སྤྲོད་བྱ་རྒྱུ་ཡིན་པས་ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
来 源:中共青海省委第四巡视组