关于征集政协第十届波密县委员会第五次会议提案致全体县政协委员和各参加单位的一封信

政务   2024-12-17 14:00   西藏  


点击蓝字 关注我们


各位县政协委员,县政协各参加单位,各专门委员会:

提案是人民政协履行职能最直接、最有效的形式,是广泛听民声、汇民意、纳民智,服务和保障民生福祉的重要渠道,也是发挥专门协商机构作用,协助党委政府决策民主化、科学化的重要途径。

近年来,县政协委员、县政协各参加单位、各专门委员会在县委的坚强领导下,在县政协党组的精心指导下,在各乡镇政协委员联络办的支持配合下,通过提案提出了大量有价值的意见和建议,受到县委、县政府及有关部门的高度重视和社会各界的广泛关注,经采纳办理落实后,为推动波密长治久安和高质量发展作出了积极贡献。在此,我们向每一位理解、支持和参与提案工作的政协委员、各单位、各部门致以崇高的敬意和衷心的感谢!

波密县政协十届五次会议召开在即,提案征集工作现已全面启动。我们希望各位政协委员、各参加单位、各专门委员会坚持以习近平新时代中国特色社会主义思想为指导,深入学习贯彻党的二十大和二十届三中全会精神,贯彻落实习近平总书记关于加强和改进人民政协工作的重要思想特别是提案工作的重要指示,以及自治区党委十届六次全会、市委二届六次全会、县委十届六次全会精神,根据《政协波密县委员会提案工作条例》和提案征集工作具体要求,聚焦四件大事”“四个创建,紧扣全县中心工作,充分发挥自身优势,精心选题,深入调研,提出高质量提案。为切实提高本次会议提案质量,现提出以下建议:

一、精准选题。围绕党政所思、发展所需、群众所盼、职能所及,从大局出发、从小处着眼,确保提案站位高、方向准、切口小。

二、深入调研。提出提案前要深入基层、深入群众,广泛听取群众的意见建议,认真思考、多方求证,做到有情况、有分析、有具体建议。

三、规范格式。提案内容应开门见山、直奔主题、简明扼要、一事一案,讲清楚原因和建议,字数尽量控制在1000字以内;提案者必须详实、准确、清晰填写《提案表》,方便后续沟通联系;请各乡镇政协委员联络办帮助辖区政协委员做好提案前期调研、撰写、提交等工作。

四、根据有关规定,有以下情形之一的不予立案:1.违反宪法和法律规定;2.涉及党和国家秘密的;3.中共党员对党内有关组织、人事安排等方面有意见的;4.进入民事、刑事、行政诉讼程序的;5.属于学术研讨的;6.为本人、亲属或者其他特定关系人解决问题的;7.宣传、推介具体作品、产品的;8.指明举报的;9.涉及纪检监察机关正在审查和调查的涉嫌违纪违法问题的;10.内容空泛、没有具体建议的;11.非本县事权范围的(符合实际和政策要求但超出本县事权范围的,我们将委托自治区、市政协委员提交自治区、市政协办理)

请各位委员、政协各参加单位、各专门委员会提早着手、精心撰写提案,在县政协十届五次会议前或报到时送交县政协提案委员会,提案内容不涉密的,可通过党政信息网、电子邮箱提交并电话核实。

联系人:杨成洪 0894-5422126  18208045996

邮箱:bmzx5422126@126.com

政协波密县委员会提案委员会

202412


སྲིད་གྲོས་སྐབས་བཅུ་པའི་སྤོ་བོ་རྫོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་

ཐེངས་ལྔ་པའི་ཐོག་གྲོས་གཞི་བསྡུ་རྒྱུའི་ཐད་ཀྱི་རྫོང་ཡོངས་ཀྱི་སྲིད་གྲོས་

ཨུ་ཡོན་དང་།ཞུགས་མཁན་ཚན་པ་ཁག་ལ་བསྐུར་བའི་འཕྲིན་ཡིག

རྫོང་ཁག་གི་སྲིད་གྲོས་ཨུ་ཡོན་དང་། རྫོང་སྲིད་གྲོས་ནང་ཞུགས་པའི་སྡེ་ཚན་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ལ།

གྲོས་གཞི་ནི་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་ཆེས་ཐད་ཀར་དང་ཆེས་ཕན་ནུས་ལྡན་པའི་རྣམ་པ་ཞིག་ཡིན་པ་དང་། དམངས་ཀྱི་འབོད་སྒྲ་རྒྱ་ཁྱབ་ཏུ་ཉན་པ་དང་། དམངས་ཀྱི་འདོད་བློ་ཕྱོགས་བསྡུས་བྱེད་པ། དམངས་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ། དམངས་འཚོའི་བདེ་སྐྱིད་ལ་ཞབས་ཞུ་དང་འགན་སྲུང་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་དང་། ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་དམངས་གཙོ་ཅན་དང་ཚན་རིག་ཅན་དུ་འགྱུར་བར་རམ་འདེགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།

ཉེ་བའི་ལོ་ཤས་རིང་རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་རྫོང་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་རྫོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྫོང་སྲིད་གྲོས་ཏང་ཙུའུ་ཡི་མཛུབ་ཁྲིད་ཞིབ་ཚགས་འོག དེ་བཞིན་ཤང་གྲོང་རྡལ་ཁག་གི་སྲིད་གྲོས་ཨུ་ཡོན་འབྲེལ་གཏུག་གཞུང་ལས་ཁང་གི་རྒྱབ་སྐྱོར་དང་གཞོགས་འདེགས་བཅས་ཀྱི་འོག་གྲོས་གཞིར་བརྟེན་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་འབོར་ཆེན་བཏོན་པར་རྫོང་ཨུད་དང་རྫོང་སྲིད་གཞུང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཚད་མཐོའི་མཐོང་ཆེན་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ངང་དོ་ཁུར་བྱས་ཏེ་དང་ལེན་དང་གཉེར་སྒྲུབ་དོན་འཁྱོལ་བྱས་རྗེས། སྤོ་བོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། འདིར་ང་ཚོས་གྲོས་གཞིའི་ལས་དོན་ལ་བསམ་ཤེས་དང་། རྒྱབ་སྐྱོར། ཐེ་ཞུགས་བཅས་བྱེད་མཁན་སྲིད་གྲོས་ཨུ་ཡོན་དང་། ཚན་པ་ཁག  སྡེ་ཚན་ཁག་བཅས་ཚང་མར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤོ་བོ་རྫོང་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་ལྔ་པ་འཚོག་ཉེར་ཡོད་པ་དང་གྲོས་གཞི་བསྡུ་རུབ་ལས་དོན་ད་ལྟ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཡོད། ང་ཚོས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་། ཞུགས་མཁན་སྡེ་ཚན་ཁག  ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་དགོངས་པ་གལ་ཆེན་དང་ལྷག་པར་དུ་གྲོས་གཞིའི་ལས་དོན་གྱི་མཛུབ་སྟོན་གལ་ཆེན་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། གྲོང་ཨུད་ཀྱི་སྐབས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་། རྫོང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་གཞིར་བཟུང་<<སྲིད་གྲོས་སྤོ་བོ་རྫོང་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག>>དང་གྲོས་གཞི་བསྡུ་རུབ་ལས་དོན་གྱི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་"དོན་ཆེན་བཞི"དང་ "གསར་གཏོད་བཞི"ལ་དམིགས་ནས་རྫོང་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ཏེ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། བརྗོད་གཞི་ཞིབ་ཚགས་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་གྲོས་གཞི་བཏོན་དགོས། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞིའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད་ད་ལྟ་གྲོས་འགོ་འདོན་རྒྱུ་གཤམ་གསལ།

གཅིག གནད་ལ་འཁེལ་བའི་ཁ་བྱང་། ཏང་སྲིད་ཀྱི་བསམ་བློ་གཏོང་ས་དང་། འཕེལ་རྒྱས་གཏོང་བར་མཁོ་བ། མང་ཚོགས་ཀྱི་རེ་སྒུག་བྱེད་ས། འགན་ནུས་སྒྲུབ་ས་བཅས་ལ་དམིགས་ནས་ཁྱོན་ཡོངས་དང་ཆུང་ས་ནས་བསམ་བློ་བཏང་སྟེ་གྲོས་གཞིའི་ཚུགས་གནས་མཐོ་བ་དང་། ཁ་ཕྱོགས་གནད་ལ་འཁེལ་བ། གཅོད་ཁ་ཆུང་བ་བཅས་འགན་ལེན་ཏན་ཏིག་བྱ་དགོས།

གཉིས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱ་དགོས། གྲོས་གཞི་མ་བཏོན་གོང་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ཏུ་ཉན་འཇོག་བྱེད་པ་དེ་བཞིན་བསམ་གཞིགས་ནན་ཏན་དང་ཕྱོགས་མང་པོའི་ཐད་ནས་དཔང་རྟགས་འཚོལ་ཐབས་བཅས་བྱས་ཏེ་གནས་ཚུལ་ཡོད་པ་དང་། དབྱེ་ཞིབ་ཡོད་པ། གྲོས་འགོ་ཞིབ་ཕྲ་ཡོད་པ་བཅས་བྱ་དགོས།

གསུམ། རྣམ་གཞག་ཚད་ལྡན་དུ་གཏོང་དགོས། གྲོས་གཞིའི་ནང་དོན་ཁ་རི་ཁ་ཐུག་དང་། ཐད་ཀར་བརྗོད་བྱ་གཙོ་བོར་དམིགས་པ། ཚིག་ཉུང་དོན་གསལ། དོན་རེར་གྲོས་གཞི་རེ་བཅས་བྱས་ནས་རྒྱུ་རྐྱེན་དང་གྲོས་འགོ་གསལ་པོར་བཤད་དེ་ཡིག་འབྲུ་1000གི་ནང་ཚུན་དུ་ཚོད་འཛིན་གང་ཐུབ་བྱ་དགོས་པ་དང་།གྲོས་གཞི་འདོན་མཁན་གྱིས་ངེས་པར་དུ་<<གྲོས་གཞིའི་རེའུ་མིག>>ཞིབ་ཅིང་ཕྲ་བ་དང་། འཕྱུགས་པ་མེད་པ་། ཁ་གསལ་བ་བཅས་ཀྱི་སྒོ་ནས་བྲིས་ཏེ་རྗེས་མཐུད་འབྲེལ་གཏུག་བྱེད་བདེ་ཡོང་བ་བྱ་དགོས་པ་། ཤང་གྲོང་རྡལ་ཁག་གི་སྲིད་གྲོས་ཨུ་ཡོན་འབྲེལ་གཏུག་གཞུང་ལས་ཁང་གིས་ཁོངས་གཏོགས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་གྱིས་གྲོས་གཞིའི་དུས་འགོའི་བརྟག་ཞིབ་འབྲི་འབུལ་སོགས་ཀྱི་ལས་དོན་བསྒྲུབ་རོགས་བྱེད་དགོས།

བཞི། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས་གཤམ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་གྱོད་དོན་ཐོ་འགོད་མི་བྱེད་པ་སྟེ་།  གཅིག་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་བ། གཉིས་ནི་ཏང་དང་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་ཡོད་པ་། གསུམ་ནི་ཀྲུང་གུང་ཏང་ཡོན་གྱིས་ཏང་ནང་གི་འབྲེལ་ཡོད་རྩ་འཛུགས་དང་མི་དོན་བཀོད་སྒྲིག་སོགས་ཀྱི་ཐད་ལ་བསམ་འཆར་ཡོད་པ་། བཞི་ནི་དམངས་དོན་དང་། ཉེས་དོན། སྲིད་འཛིན་གཏུག་བཤེར་བཅས་ཀྱི་གོ་རིམ་ནང་ཞུགས་པའི་རིགས། ལྔ་ནི་རིག་གཞུང་ཞིབ་གྲོས་ཀྱི་ཁོངས་སུ་གཏོགས་པ། དྲུག་ནི་རང་ཉིད་དང་གཉེན་ཉེའམ་ཡང་ན་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་གཞན་དག་ལ་གནད་དོན་ཐག་གཅོད་བྱས་རིགས། བདུན་ནི་རྩོམ་རིགས་དང་ཐོན་རྫས་ཞིབ་ཕྲ་དྲིལ་བསྒྲགས་དང་འོས་སྦྱོར་བྱས་རིགས། བརྒྱད་ནི་ཐེར་འདོན་གོང་ཞུ་གསལ་སྟོན་བྱས་རིགས་། དགུ་ནི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་དང་བརྟག་དཔྱད་བྱེད་བཞིན་པའི་སྒྲིག་འགལ་ཁྲིམས་འགལ་དོགས་ཡོད་གནད་དོན་དང་འབྲེལ་བ་ཡོད་རིགས། བཅུ་ནི་ནང་དོན་སྟོང་པ་ཡིན་པ་དང་ཞིབ་ཕྲའི་གྲོས་འཆར་མེད་པ། བཅུ་གཅིག་ནི་རྫོང་དེ་གའི་དོན་གཅོད་དབང་ཆའི་ཁྱབ་ཁོངས་མིན་པ་(དངོས་གནས་འདོན་དགོས་པ་དང་དོན་དངོས་དང་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་ཡང་རྫོང་དེ་གའི་དོན་གཅོད་དབང་ཆའི་ཁྱབ་ཁོངས་ལས་བརྒལ་ཚེ་ང་ཚོས་ལྗོངས་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་ལ་མངགས་བཅོལ་བྱས་ནས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་སྲིད་གྲོས་ལ་བསྒྲུབ་དུ་བཅུག་རྒྱུ་ཡིན)

ཨུ་ཡོན་རྣམ་པ་དང་། སྲིད་གྲོས་ནང་ཞུགས་པའི་སྡེ་ཚན་ཁག  ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་སྔ་ཙམ་ནས་ལས་འགོ་བཙུགས་ཏེ་ཞིབ་མོའི་བློ་ཡིས་གྲོས་གཞི་འབྲི་བ་དང་། རྫོང་སྲིད་གྲོས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་ལྔ་པ་མ་འཚོགས་གོང་ངམ་འབྱོར་ཐོ་འགོད་སྐབས་རྫོང་སྲིད་གྲོས་ཀྱི་གྲོས་གཞི་ཨུ་ཡོན་ལྷན་ཁང་ལ་སྐྱེལ་སྤྲོད་བྱ་དགོས་ཤིང་། གྲོས་གཞིའི་ནང་དོན་གསང་བ་དང་འབྲེལ་བ་མེད་ན་ཏང་སྲིད་ཆ་འཕྲིན་དྲ་བ་དང་གློག་རྡུལ་ཡིག་སྒམ་བརྒྱུད་དེ་འབུལ་སྤྲོད་བྱས་ཆོག་པ་མ་ཟད་ཁ་པར་ཐོག་ནས་ཞིབ་དཔྱད་ཀྱང་བྱས་ཆོག

འབྲེལ་གཏུག་བྱེད་སའི་མི། དབྱང་ཁྲེང་ཧུང་།  0894-5422126   18208045996

ཡིག་སྒམ། bmzx5422126@126.com


སྲིད་གྲོས་སྤོ་བོ་རྫོང་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་།

2024ལོའི་ཟླ་12པར།

进一步全面深化改革,推进中国式现代化建设!

ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།


深入学习贯彻党的二十届三中全会精神,全面建设社会主义现代化新西藏!

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་སྐྲུན་དགོས།






4

审核:次仁德吉

校对:罗布次仁

辑:普巴拉姆

来源:政协波密县委员会提案委员会




网信波密
波密县权威互联网新媒体平台,实时发布政务新闻及民生、经济、旅游、交通、文化、生态等状况
 最新文章