水利局关于冬季农村饮水设施保温防冻告知书ཆུ་བེད་ཅུད་ཀྱི་དགུན་དུས་གྲོང་གསེབ་འཐུང་ཆུའི་སྒྲིག་བཀོད་ལ་དྲོད་སྲུང་བྱ་ཐབས་སྐོར་གྱི་གསལ་བརྡ།
语音播报
水利局关于冬季农村饮水设施保温防冻告知书
ཆུ་བེད་ཅུད་ཀྱི་དགུན་དུས་གྲོང་གསེབ་འཐུང་ཆུའི་སྒྲིག་བཀོད་ལ་དྲོད་སྲུང་བྱ་ཐབས་སྐོར་གྱི་གསལ་བརྡ།
广大农村用水户:
རྒྱ་ཆེའི་གྲོང་གསེབ་ཀྱི་ཆུ་བེད་སྤྱོད་གཏོང་མཁན་རྣམ་པ།
首先感谢大家长期以来对农村饮水工作的关心和支持!饮水关乎你我他,安全运行靠大家。目前气温已骤降,冬季农村饮水安全设施保温防冻工作面临新的挑战和要求,为了确保冬季我区农牧民群众的正常用水,切实做好农村饮水安全保障工作,现对提前做好水表、水井、水管等饮水安全设施的保温防冻措施告知如下:
ཐོག་མར་ཁྱེད་རྣམ་པས་རྒྱུན་དུ་གྲོང་གསེབ་ཀྱི་འཐུང་ཆུའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གང་མང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མི་ཀུན་ཆུ་ལ་བརྟེན་དགོས་ཤིང་ཆུ་གཙང་མ་ཞིག་འཐུང་དགོས་ན་མི་ཀུན་ལ་བརྟེན་དགོས། ནམ་ཟླ་དགུན་ལ་ཐོན་དུས་ཆུའི་ཆུ་ཚོད་དང་སྦུ་གུ། ཆུ་མགོ་སོགས་ལ་འཁྱགས་པ་རྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱིས་ཆུ་བེད་སྤྱོད་བྱ་རྒྱུར་དཀའ་ངལ་འཕྲད་ཉེན་ཆེ་བས་ཆེད་དུ་གསལ་སྒྲགས་སྤེལ་བ་གཤམ་གསལ།
一、水井等内设施防冻措施
གཅིག ཁྲོན་པ་སོགས་ནང་ངོས་ཀྱི་སྒྲིག་ཆས་ལ་དྲོ་བཅོས་བྱ་ཐབས།
(一)水井应做到井内设施不漏水,漏水的设施及时保修更换,确保井内的干燥。
༡ཁྲོན་པའི་ནང་ངོས་ཀྱི་སྒྲིག་ཆས་ནང་ཆུ་མི་འཛུལ་བ་བྱ་དགོས།ཆུ་འཛུལ་བའི་སྒྲིག་ཆས་བཟོ་བཅོས་དང་བརྗེ་པོ་རྒྱབ་སྟེ་ནང་དུ་ཆུ་མི་ཤོར་བ་བྱ་དགོས།
(二) 对井内水表、阀门等用水设施应采用棉织物、海绵、塑料、泡沫、棉被、旧衣服等材料层层包裹、缠紧扎实,进行保温。
༢ས་དོང་ནང་གི་ཆུ་ཚོད་དང་ཆུ་སྒོའི་སྒྲིག་ཆས་སོགས་ལ་ངེས་པར་དུ་སྲིང་བལ་དང་ཉལ་ཆས། གྱོན་གོས་རྙིང་པ་སོགས་དཀྲིས་ནས་དམ་པོར་བསྡམས་དགོས།
(三) 冬季在水表井盖上覆盖草帘、塑料薄膜、木(钢)板加盖土层等,防止雨、雪水进入井内。
༣དགུན་དུས་ཆུའི་ཆུ་ཚོད་ཡོད་སའི་ས་དོང་གི་ཁ་གཅོད་ཐོག་རྩ་གདན་དང་འགྱིག་ཤོགཤིང་ངམ་ལྕགས་ལེབ་སོགས་གཡོག་པའི་སྟེང་དུ་ས་བཀབ་ནས་ཆུ་དང་ཁ་བ་ས་དོང་གི་ནང་དུ་མི་ཤོར་བ་བྱ་དགོས།
二、入户水龙头、户外立管的防冻措施
གཉིས། ནང་གི་ཀ་ལའི་གཅུས་ཕུར་དང་ཕྱིའི་སྦུ་གུར་དྲོ་བཅོས་བྱ་ཐབས།
(一) 对室外裸露的立管及水头,可采用防冻包裹材料严密包裹保温,并在最外围包裹塑料薄膜以防雨雪淋湿。
༡ཁང་པའི་ཕྱི་རོལ་གྱི་ཀ་ལའི་གཅུས་ཕུར་དང་ཀ་ལའི་ཕྱི་སྒྲོམ་གྱི་ཐོག་ཏུ་མལ་ཆས་དང་གྱོན་གོས་རྙིང་པ་སོགས་ཀྱིས་བཏུམས་པའི་ཐོག་ཏུ་འགྱིག་ཤོག་གཡོག་སྟེ་བརློན་པ་མ་ཆགས་པ་བྱ་དགོས།
(二)室内有水龙头的房间,晚上要关紧房屋门窗,保证室内的温度保持在零摄氏度以上,同时也可用防冻材料包裹。
༢ ཁང་བའི་ནང་དུ་ཀ་ལ་ཡོད་ན། མཚན་མོར་ཁང་པའི་སྒོ་དང་སྒེའུ་ཁུང་བརྒྱབ་སྟེ།ནང་གི་དྲོད་ཚད་ཧྲ་ཧྲེ་ཏུའུ་ཡན་གནས་པར་བྱེད་པ་དང་།དུས་མཚུངས་སུ་གྱོན་གོས་རྙིང་པ་དང་མལ་ཆས་སོགས་ཀྱིས་བཏུམས་དགོས།
(三) 对确已冻住的水管,应急解冻时,要先用毛巾等物包裹水龙头,然后沿水龙头向水管处浇淋热水使之解冻切不可用火直接烘烤或用开水急烫。也可使用户外管道保温电热丝,缠绕在管道外壁防止冻裂。
༣འཁྱགས་པ་ཐེབས་པའི་ཆུ་སྦུག་གི་འཁྱགས་པ་བཞུ་རུ་འཇུག་སྐབས་སྔོན་ལ་ཨ་ཅོར་སོགས་ཀྱིས་ཀ་ལའི་གཅུས་ཕུར་བཏུམས་རྗེས་ཆུ་སྦུག་གི་ནང་དུ་ཆུ་ཚ་པོ་བླུགས་ཏེ་བཞུ་རུ་འཇུག་དགོས་པ་ལས་ཐད་ཀར་མེ་ལ་བསྲེགས་པ་འམ་ཆུ་ཁོལ་བཤོ་མི་རུང་།ཡང་ན་ཆུ་སྦུག་གི་ལྡེབས་སུ་དྲོད་གཏོང་ཚ་སྐུད་དཀྲིས་ནས་ཆུའི་སྦུག་ལམ་འཁྱགས་གས་མི་ཡོང་བ་བྱས་ན་ཡང་འགྲིག
(四) 家里应储存部分生活用水,以备紧急之用。
༤ཆུ་ཟངས་སོག་ཀྱི་ནང་དུ་སྐབས་འཕྲལ་བེད་སྤྱོད་བྱེད་པའི་ཆུ་གསོག་འཇོག་བྱ་དགོས།
(五) 用水户冬季不住或长期外出时,将室内或室外总阀关闭,打开最低处的水龙头将自来水管内的积水排空,以免水管冻裂,并委托亲戚邻居照看,防止水压变化或管道老化出现滴水,造成不必要的损失。
༥དགུན་ཁར་ནང་ལ་མི་མེད་པའམ་ཕྱི་ལ་ལས་ཀར་འགྲོ་དུས་ཆུ་སྒོ་བཀག་དགོས་པ་དང་ཁང་པའི་ནང་གི་ཀ་ལ་དམའ་ཤོས་ཀྱི་ཆུ་སྒོ་ཕྱེ་སྟེ་ཆུ་སྦུག་ནང་དུ་འཁྱིལ་བའི་ཆུ་གློད་དེ་ཆུ་སྦུག་སྟོང་པ་བཟོས་རྗེས་ཆུ་སྦུག་ལ་འཁྱགས་པ་ཤོར་བ་དང་གས་འགྲོ་བར་དོགས་ཟོན་བྱ་དགོས།ཡང་ན་གྲོང་པ་ཁྱིམ་མཚེས་ལ་མངག་ཆ་བྱས་ཏེ་ཆུའི་གནོན་ཤུགས་ཀྱི་འགྱུར་བ་བྱུང་བའི་དབང་གིས་ཆུ་སྦུག་བརྡོལ་ནས་ཆག་སྒོ་མི་ཡོང་བ་སྔོན་འགོག་བྱ་དགོས།
(六) 天气寒冷时保证室内温度,避免室内水管冻住;对暴露在室外的自来水管,必须用棉麻织物、塑料、泡沫等保暖材料进行包裹防护,引导广大群众提高防冻意识。
༦ གནམ་གཤིས་གྲང་བའི་དུས་སུ་ཁང་པའི་ནང་དྲོ་བཅོས་བྱས་ནས། ཁང་པའི་ནང་གི་ཆུ་སྦུག་ལ་འཁྱགས་པ་མི་ཐེབས་པ་བྱ་དགོས།ཁང་པའི་ཕྱི་ལ་ལུས་པའི་ཀ་ལའི་སྦུ་གུར་སྲིང་བལ་དང་། འགྱིག་ཤོགམལ་ཆས་སོགས་ཀྱིས་བཏུམས་ཏེ་མང་ཚོགས་ཀྱིས་རང་འགུལ་ངང་དྲོ་བཅོས་བྱ་རྒྱུར་འཁྲིད་སྟོན་བྱ་དགོས།
三、农牧区机电井要做到勤保养和管理
གསུམ། ཞིང་འབྲོག་ཁུལ་གྱི་གློག་གི་ཁྲོན་པར་བདག་སྐྱོང་དང་དོ་དམ་བྱ་ཐབས།
(一)机电井建议在正午时分发电抽水,此时天气最暖更容易启动。
༡ཉིན་གུང་གི་གནམ་གཤིས་དྲོ་བའི་དུས་སུ་གློག་གི་ཁྲོན་པ་ནས་ཆུ་འཐེན་ན་གློག་སྤར་བདེ་པོ་ཡོད།
(二)当电气设备出现问题,必须就近联系具有维修或相关经验的人员来维修,以免造成不必要的损失。
༢ གློག་འཕྲུལ་ལ་སྐྱོན་ཤོར་ན་ཉེ་འཁོར་གྱི་ཞིག་གསོ་བྱེད་མཁན་ནམ་ཞིག་གསོ་བྱེད་པའི་ཉམས་མྱོང་ཅན་འབོད་དེ་གྱོང་གུན་ཐོལ་པ་མི་ཕོག་པ་བྱ་དགོས།
(三)抽水过程中,一定要有大人负责抽水,小孩等青少年不得对发电机进行操作,以免发生安全事故。
༣ཆུ་འཐེན་པའི་དུས་སུ་ངེས་པར་དུ་མི་རྒན་པས་ཆུ་འཐེན་པའི་འགན་ཁུར་དགོས་པ་དང་། བྱིས་པ་དང་ལོ་ཆུང་གིས་འཕྲུལ་འཁོར་བེད་སྤྱོད་བྱེད་མི་རུང་བས་ཆག་སྒོ་མི་ཡོང་བ་བྱ་དགོས།
(四)光伏机电井切记在日间阳光充足时操作,必须由熟悉操作人员负责开关抽水。当出现问题或无法抽水时,请先检查电路、机井水位等,仍无法抽水时请及时关闭开关并联系属地乡镇服务人员。
༤ཉི་གློག་གི་ཁྲོན་པ་དེ་ཉིན་དཀར་ཉི་འོད་འཕྲོ་བའི་དུས་སུ་བེད་སྤྱོད་དགོས་པ་དང་ངེས་པར་དུ་བེད་སྤྱོད་གཏོང་ཤེས་མཁན་གྱིས་ཆུ་འཐེན་རྒྱུའི་འགན་འཁུར་དགོས། སྐྱོན་ཤོར་བའམ་ཆུ་འཐེན་མི་ཐུབ་པའི་དུས་སུ་སྔོན་ལ་གློག་སྐུད་དང་གློག་གི་ཁྲོན་པའི་ཆུ་ཡི་མང་ཉུང་ལ་བརྟག་དཔྱད་བྱ་དགོས་པ་དང་། སྔར་བཞིན་ཆུ་འཐེན་མ་ཐུབ་ན་གློག་དུས་ཐོག་ཏུ་བཀག་ནས་ཁོངས་གཏོགས་ཤང་དང་གྲོང་རྡལ་གྱི་ཞབས་ཞུའི་མི་སྣར་འབྲེལ་བ་བྱ་དགོས།
(五) 牧区所有机井冬季必须封闭管理,夜间门窗紧锁。做好保暖,机井口必要时采取棉被等覆盖方式保暖。同时,管道内的水必须每次排空,以免出现管道冰冻。
༥དགུན་དུས་སུ་འབྲོག་ཁུལ་དུ་ཡོད་པའི་གློག་གི་ཁྲོན་པ་ཚང་མ་ངེས་པར་དུ་བཀག་སྟེ་འཇོག་དགོས་པ་དང་མཚན་མོ་སྒོ་དང་སྒེའུ་ཁུང་དམ་པོར་རྒྱག་དགོས།དྲོ་བཅོས་ཡག་པོ་བྱ་དགོས་པ་དང་སྲིང་བལ་དང་ཉལ་ཆས་སོགས་ལ་བརྟེན་ནས་དྲོ་བཅོས་བྱས་ཆོག དེ་བཞིན། ཆུ་སྦུག་ནང་གི་ཆུ་གློད་དེ་ཆུ་སྦུག་ལ་འཁྱགས་པ་མི་ཐེབས་པ་བྱ་དགོས།
四、加强供水管网的维护
བཞི། ཆུ་མཁོ་འདོན་ཀྱི་སྦུག་དྲར་སྲུང་སྐྱོབ་བྱ་ཐབས།
(一) 不得私自接供水管网,不得在自来水管网铺设区域违规开控,违者按相关规定处罚。在建项目工程冬季不得在管网铺设区域开挖,如需开挖应请示属地乡(镇)人民政府同意方可开挖,以免用维修不及时造成管网冰冻。
༡ཆུ་སྦུག་ལ་རང་མཚམས་ཀྱིས་སྦྲེལ་མཐུད་བྱེད་མི་ཆོག་པ་དང་། ཆུ་ཀ་ལའི་སྦུག་ལམ་ཡོད་སར་སྒྲིག་སྲོལ་ལས་འགལ་ཏེ་སྔོག་མི་ཆོག་ཅིང་དེ་ལས་འགལ་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། རྣམ་གྲངས་ལས་གྲྭ་བསྐྲུན་དུས་ཆུ་སྦུག་ཡོད་སར་སྔོག་མི་ཆོག གལ་སྲིད་སྔོག་དགོས་ཚེ་ཁོངས་གཏོགས་ཤང་དང་(གྲོང་རྡལ)མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་རྗེས་སྔོག་ཆོག དེ་ནི་ཆུ་མཁོ་འདོན་ཀྱི་ཆུ་སྦུག་ལ་འཁྱག་པ་ཐེབས་པའི་གནས་ཚུལ་མི་ཐོན་པ་ཆེད་དུ་ཡིན།
(二) 不得在供水管网上方取土或土地平整,防止供水管网损坏。
༢ ཆུ་སྦུག་ལ་སྐྱོན་མི་ཡོང་བའི་ཆེད་དུ་ཆུ་སྦུག་ཡོད་ས་ནས་ས་ལེན་པའམ་ཡང་ན་ས་ཆ་ཁོད་སྙོམས་མི་ཆོག
(三) 对于出现的小问题,均由村(居)民委员会负责维修维护,维修资金从各村组水费中列支并做好记录。同时建议储备一批常用且易损耗的设备,出现问题做到及时保障。
༣ སྐྱོན་ཆུང་གྲས་རྣམས་གྲོང་ཚོའི(གྲོང་མི)ཨུ་ལྷན་གྱིས་ཉམས་གསོ་དང་སྲུང་སྐྱོང་གི་འགན་འཁུར་རྒྱུ་དང་། ཉམས་གསོའི་མ་དངུལ་གྲོང་ཚོ་དང་ཚོགས་ཆུང་ཁག་གི་ཆུ་རིན་ནང་ནས་གཏོང་དགོས་པ་མ་ཟད་ཐོ་འགོད་ཡག་པོ་བྱ་དགོས། དེ་དང་ལྷན་དུ་རྒྱུན་སྤྱོད་ཀྱི་སྐྱོན་ཤོར་སླ་བའི་སྒྲིག་ཆས་བརྗེ་པོ་རྒྱག་རྒྱུར་གྲ་སྒྲིག་བྱས་ཏེ་སྐྱོན་ཤོར་རྗེས་དུས་ཐོག་ཏུ་བཟོ་བཅོས་རྒྱག་ཐུབ་པ་བྱ་དགོས།
五、水源及取水口日常维护
ལྔ། ཆུའི་སྐྱེ་མགོ་དང་ཆུ་ལེན་སའི་རྒྱུན་ལྡན་གྱི་སྲུང་སྐྱོབ།
(一)自流式水源地要加强巡查,清理取水口周边垃圾、杂草,防止温度骤降导致取水口冻结,加强取水口清理平整,维护好取水口保温设施。
༡ ཆུ་འགོར་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏང་སྟེ་ཆུ་ལེན་སའི་ཉེ་འཁོར་གྱི་གད་སྙིགས་དང་རྩྭ་སྙིགས་མེད་པར་བཟོས་ཏེ། དྲོད་ཚད་གློ་བུར་དུ་དམའ་རུ་ཕྱིན་པའི་དབང་གིས་ཆུ་ལེན་སར་འཁྱགས་པ་མི་ཐེབས་པ་བྱ་དགོས། ཆུ་ལེན་སའི་ཁུལ་དུ་གཙང་མ་དང་ཁོད་སྙོམས་པོ་ཡོང་བར་ཤུགས་སྣོན་རྒྱག་དགོས་ལ་ཆུ་ལེན་སའི་ཁུལ་གྱི་སྒྲིག་ཆས་ལ་སྲུང་སྐྱོང་ཡག་པོ་བྱ་དགོས།
(二)地下水水源,做好水源周边卫生打扫,清理井房内卫生及排水管道,防止井房及周边大面结冰。
༢ ས་འོག་ཆུའི་ཆུ་མགོ་དང་ཆུ་ལེན་སའི་མཐའ་སྐོར་དུ་གཙང་སྦྲ་ལེགས་པོ་བྱ་དགོས་ལ་ཆུ་འབུད་སྦུག་ལམ་གཙང་བཤེར་དང་ཉེ་འཁོར་སུ་འཁྱགས་པ་མི་ཐེབས་པའི་སྔོན་འགོག་བཅས་བྱ་དགོས།
如您发现农牧区饮水私接水管偷水或供水管道漏水、家中无水时,请及时联系属地村村(居)民委员会反映情况,落实“用水户——各村居——各乡镇——县水利局”的层层报告解决制度,如未得到解决可拨打水利局、属地乡镇饮水安全服务电话。
གལ་ཏེ་ཁྱེད་ཀྱིས་ཞིང་འབྲོག་ཁུལ་གྱི་ཆུ་ལྐོག་ཏུ་བེད་སྤྱོད་པ་དང་ཆུ་སྦུག་ནས་ཆུ་འཛག་པ། ཁྱིམ་དུ་ཆུ་ཆད་ཚེ་ཁོངས་གཏོགས་གྲོང་ཚོ(གྲོང་ལྷན)ཨུ་ལྷན་ལ་གནས་ཚུལ་སྙན་གསེང་ཞུ་དགོས། ཆུ་བེད་སྤྱོད་བྱེད་མཁན་གྱིས་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་སྙན་གསེང་ཞུ་དགོས་པ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ཤང་ངམ་གྲོང་རྡལ་ལ་སྙན་གསེང་ཞུ་དགོས། ཤང་ངམ་གྲོང་རྡལ་གྱིས་རྫོང་གི་ཆུ་བེད་ཅུད་ལ་རིམ་པ་བཞིན་སྙན་གསེང་ཞུ་དགོས། གལ་སྲིད་ཐག་གཅོད་བྱེད་མ་ཐུབ་ཚེ་ཆུ་བེད་ཅུད་དང་ཁོངས་གཏོགས་ཤང་གྲོང་རྡལ་གྱི་འཐུང་ཆུའི་བདེ་འཇགས་ཞབས་ཞུའི་ཁ་པར་རྒྱག་དགོས།
饮水安全涉及千家万户,用户基数大,覆盖范围广且居住分散,冬季保暖和管理是一件非常重要的事,需要各用水户的齐心管理。为了您冬季用水安全,请把自家的设备设施维护好,把共用水表井管理好,发现饮水设备看管疏忽时要主动去看管和提醒,望广大群众积极配合共同做好冬季供水保障工作。
འཐུང་ཆུའི་བདེ་འཇགས་དེ་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། འཛད་སྤྱོད་པའི་གཞི་གྲངས་མང་བ་དང་ཁྱབ་ཁོངས་ཆེ་ལ་སྡོད་གནས་ཁ་ཐོར་ཡིན་པས་དགུན་དུས་ཀྱི་དྲོད་བཅོས་དང་དོ་དམ་ནི་ཧ་ཅང་གལ་འགངས་ཆེ་བའི་ལས་ཀ་ཞིག་ཡིན།སྐུ་ཉིད་ཀྱིས་དགུན་ཁ་ཆུ་རྒྱུན་ལྡན་ལྟར་བེད་སྤྱོད་ཐུབ་ཆེད་རང་ཁྱིམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཆུའི་ཆུ་ཚོད་དང་ཁྲོན་པར་དོ་དམ་ཡག་པོ་བྱ་དགོས།འཐུང་ཆུའི་སྒྲིག་ཆས་སྣང་མེད་དུ་ལུས་ཚེ་རང་འགུལ་ངང་ལྟ་རྟོག་བྱ་དགོས།རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཆུ་བེད་ཀྱི་ལས་ཀར་གཞོགས་འདེགས་ཧུར་ཐག་བྱས་ནས་ཐུན་མོང་ཐོག་དགུན་དུས་ཀྱི་ཆུ་བེད་སྤྱོད་ལ་འགན་ལེན་ཐུབ་པའི་གནང་རོགས་ཞུ།