ལས་མིའི་གླ་ཆ་ཏག་ཏག་མ་རག་ན། གོང་ཞུ་བྱེད་ས་འདིར་ཡོད།

民生   2024-11-29 12:10   西藏  

欢迎提供新闻线索:lztvxwb@qq.com

ཞིང་པ་ལས་མིར་སྤྲིངས་པའི་ཡི་གེ


༄༅།། མཛའ་བརྩེ་ལྡན་པའི་ཞིང་པ་ལས་མི་ཚོ།
ཞིང་པ་ལས་མི་རྣམས་ཕྱིར་ལས་ཀ་བྱེད་པར་འགྲོ་བ་ལས་སླ་པོ་མེད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་ལ། ཐོག་མཐའ་བར་གསུམ་དུ་དམངས་ཀྱི་དོན་དུ་ཁྲིམས་ལུགས་ལག་བསྟར་བྱེད་པ་དང་། ཞབས་ཞུ་གཙོ་བོར་འཛིན་པའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་ཁྲིམས་ལུགས་ལག་བསྟར་བྱས་ཏེ་དབང་ཆ་སྲུང་སྐྱོང་གི་ཞབས་ཞུའི་ལས་ཀར་ཚད་མཐོའི་མཐོང་ཆེན་གྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ངལ་རྩོལ་ཞུ་གཏུག་གྱོད་གཞི་སྣ་ཚོགས་ཐག་གཅོད་བཅས་བྱས་ནས། ཚང་མར་སེམས་ཁྲལ་མི་ཡོང་བའི་འབད་བརྩོན་བྱེད་བཞིན་ཡོད། ཚང་མའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་གང་ཐུབ་ཅི་ཐུབ་བྱ་ཆེད་འདིར་དྲན་སྐུལ་ཞུ་རྒྱུ་གཤམ་གསལ།
གཅིག ལས་ཀར་མ་ཕྱིན་གོང་དོན་དག་གཉིས་ཤེས་ཐུབ་པ་བྱ་དགོས། 
གཅིག་ནི་ཁྲིམས་སྲོལ་ཤེས་ཚེ་ཁེ་དབང་སྲུང་བར་ཕན། ༼ ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པའི་སྲོལ་ཡིག ༽དེ་༢༠༢༠ལོའི་སྤྱི་ཟླ་༥པའི་ཚེས་༡ཉིན་ལག་བསྟར་བྱས་པ་དང་། དེ་ནི་རང་རྒྱལ་གྱིས་ཞིང་པ་ལས་མི་སྤྱིའི་ཁེ་དབང་འགན་ལེན་བྱ་ཆེད་བཟོས་པའི་ཆེད་དམིགས་ཁྲིམས་སྲོལ་དང་པོ་དེ་ཡིན་པ་རེད། སྲོལ་ཡིག་ནང་གླ་ཕོགས་སྤྲོད་མཁན་གྱི་འགན་འཁྲི་དང་། གླ་ཕོགས་སྤྲོད་པའི་རྣམ་པ། དུས་ཡུན། དེ་བཞིན་གླ་ཕོགས་ཆད་འགྱངས་བྱས་རྗེས་ཁེ་དབང་སྲུང་སྐྱོང་གི་ཐབས་ལམ་གང་སྤྱོད་དགོས་པ་གཏན་འབེབས་ཁ་གསལ་བྱས་ཡོད་པས། སྲོལ་ཡིག་ཡག་པོ་ཤེས་པ་བྱས་ནས་ཁེ་དབང་སྲུང་སྐྱོང་ནུས་ལྡན་དང་གོ་རིམ་ལྡན་པ་བྱ་དགོས།
གཉིས་ནི་རྣམ་གྲངས་ཤེས་ན་ལས་ཀར་དཀའ་ཚེགས་མེད། ཨར་སྐྲུན་བྱ་ཡུལ་དུ་བཙུགས་པའི་ཁེ་དབང་སྲུང་སྐྱོང་གི་ཆ་འཕྲིན་རྩ་ཚིག་བྱང་བུའམ་ཡང་ན་ཐབས་ལམ་གཞན་དག་བརྒྱུད། འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཀྱི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱ་དགོས་པའི་ནང་རྣམ་གྲངས་ཀྱི་མིང་དང་། འཛུགས་སྐྲུན་ཚན་པ། ཨར་སྐྲུན་འགན་གཙང་སྤྱི་ལེན་ཚན་པ་དང་དེ་བཞིན་རྣམ་གྲངས་པུའུ་དང་། ཁག་བགོས་འགན་གཙང་ཚན་པ། ངལ་རྩོལ་གླ་ཕོགས་ཀྱི་ཆེད་གཉེར་དོ་དམ་པ་སོགས་གཞི་རྩའི་ཆ་འཕྲིན་ཚུད་ཡོད། དེས་མ་ཚད་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཚན་པ་དང་། ཁོངས་གཏོགས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོག་འགན་སྲུང་ཚན་པར་ཞུ་གཏུག་དང་ཐེར་འདོན་བྱེད་སྟངས་གསལ་པོ་ཤེས་དགོས།

གཉིས། ཨར་ལས་བྱེད་པར་ངེས་པར་དུ་བཞི་བསྒྲུབ་དགོས།

གཅིག་ནི་ངེས་པར་དུ་ངལ་རྩོལ་གན་རྒྱ་འཇོག་དགོས། ངལ་རྩོལ་གན་རྒྱ་རང་ཉིད་ཀྱིས་འཇོག་དགོས་པ་ལས་མི་གཞན་གྱིས་ཚབ་བྱས་ནས་འཇོག་མི་ཆོག
གཉིས་ནི་ངེས་པར་དུ་མིང་དངོས་ཐོ་འགོད་དགོས།
གསུམ་ནི་ངེས་པར་དུ་གླ་ཕོགས་རྒྱག་སའི་དངུལ་ཁང་གཱ་ཉར་ཚགས་ཡག་པོ་བྱ་དགོས།
བཞི་ནི་ངེས་པར་དུ་འབྲེལ་ཡོད་དཔང་རྟགས་ཉར་ཚགས་འོས་འཚམ་བྱ་དགོས།    
གསུམ། ཁེ་དབང་སྲུང་སྐྱོང་བྱེད་པར་བཞི་ཤེས་པ་དགོས།    
གཅིག་ནི་ཞུ་གཏུག་གི་དུས་ཚད་ཚོད་འཛིན་བྱེད་ཤེས་པ་དགོས། གླ་ཕོགས་ཆད་འགྱངས་བྱེད་སྐབས།  ཐོག་མར་ཨར་ལས་བྱ་ཡུལ་གྱི་རྣམ་གྲངས་པུའུ་བཙལ་ནས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱ་དགོས་པ་དང་། ཐག་གཅོད་མ་ཐུབ་ཚེ་དུས་ཐོག་ཏུ་སྲིད་གཞུང་གི་འབྲེལ་ཡོད་ཚན་པ་ཁག་ལ་ཞུ་དགོས།  གལ་ཏེ་ཁྲིམས་བཀོད་ཀྱི་ཞིབ་བཤེར་ཐག་གཅོད་ཡུན་ཚད་ལས་བརྒལ་ན། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་གོ་སྐབས་ཤོར་བ་ཡིན།
གཉིས་ནི་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཚན་ཁག་ལ་གོང་ཞུ་བྱེད་ཤེས་པ་དགོས། སྤྱིར་བཏང་གི་གླ་ཕོགས་ཆད་འགྱངས་ཡིན་ན། དཔང་རྟགས་གྲ་སྒྲིག་བྱས་རྗེས་ཐད་ཀར་ཨར་ལས་བྱ་ཡུལ་གྱི་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཚན་པར་ཞུ་དགོས།  
གསུམ་ནི་ལས་རིགས་ཀྱི་གཙོ་གཉེར་ཚན་པར་ཞུ་གཏུག་རྒྱག་ཤེས་པ་དགོས། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་སུ་ལས་གྲྭའི་དངུལ་ཆད་འགྱངས་བྱེད་པ་དང་། གཞན་གྱི་ལག་ཁྱེར་གཡར་ནས་ཨར་ལས་བྱེད་པ། ཁྲིམས་འགལ་ངང་འགན་གཙང་ལེན་པ། ཁག་བགོས་འགན་གཙང་སྤྲོད་པ། མི་གཞན་ལ་འགན་གཙང་སྤྲོད་པ་སོགས་ཀྱིས་རྐྱེན་པས་གླ་ཆ་ཆད་འགྱངས་བྱས་ཚེ། ཐད་ཀར་སྡོད་ཁང་འཛུགས་སྐྲུན་དང་། འགྲིམ་འགྲུལ། ཆུ་བེད་སོགས་གཙོ་གཉེར་ཚན་པར་ཐེར་འདོན་ཞུ་གཏུག་བྱས་ཆོག
བཞི་ནི་ངལ་རྩོལ་ཁྲུན་གཅོད་ལས་ཁུངས་དང་། ཁྲིམས་ཁང་། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་བཅས་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་ཤེས་པ་དགོས། གླ་ཕོགས་ཆད་འགྱངས་ཀྱི་གནས་ཚུལ་དེ་ངལ་རྩོལ་མི་དོན་རྩོད་གླེང་ཁྲུན་གཅོད་ལས་ཁུངས་སམ་མི་དམངས་ཁྲིམས་ཁང་། བཅའ་ཁྲིམས་རོགས་སྐྱོར་ལས་ཁུངས་བཅས་ལ་ཐད་ཀར་ཞུ་དགོས།    
བཞི། ཁེ་དབང་སྲུང་སྐྱོང་བྱེད་སྐབས་བྱེད་མི་རུང་བ་གསུམ་བློ་ལ་བརྟན་པོར་ངེས་དགོས། 
ཁེ་དབང་སྲུང་སྐྱོང་བྱེད་པ་དེ་དོན་དངོས་ཡིན་པ་ལས་རྫུན་བཟོ་བྱས་ནས་གླ་ཕོགས་ལེན་ཐབས་བྱེད་མི་རུང་བ་དང་། ཐལ་དྲགས་པའི་བྱ་ཐབས་སྤྱད་དེ་གླ་ཕོགས་ལེན་ཐབས་བྱེད་མི་རུང་བ། གླ་ཕོགས་ལེན་པར་ཁ་གཡར་ནས་ཨར་ལས་ཚན་པའམ་འགན་ལེན་ཨར་དཔོན་ལ་ལས་གྲྭའི་དངུལ་ལེན་རོགས་བྱེད་མི་རུང་བ།
ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་སྐབས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པར་ཐེར་འདོན་དང་ཞུ་གཏུག་བྱས་ཆོག
ཐེར་འདོན་ཞུ་གཏུག་ཁ་པར་ཨང་གྲངས་གཤམ་གསལ།


གཞིས་ཀ་རྩེ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུད་ནས།

༢༠༢༤ལོའི་སྤྱི་ཟླ་༡༡ཚེས་༢༦ཉིན། 

文章来源:日喀则市人力资源和社会保障局

编 辑:巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章