欢迎提供新闻线索:lztvxwb@qq.com
养羊铺就致富路 合作社分红暖人心
ལུག་གསོར་བརྟེན་ནས་ཕྱུག་འགྱུར་ལམ་བཟང་གཏོད།
མཉམ་ལས་དཔལ་འབྱོར་མི་སེམས་རབ་ཏུ་དྲོད།
11月23日,热萨乡杰村养羊合作社分红仪式在一片喜庆祥和的氛围中隆重举行,标志着本村养羊产业发展取得了阶段性的丰硕成果,村民们迎来了收获的喜悦时刻。热萨乡党委政府相关领导参加了此次分红仪式。
ཟླ་11ཚེས་23ཉིན། རེ་ས་ཤང་རྒྱས་གྲོང་ཚོས་ལུག་གསོའི་མཉམ་ལས་ཁང་གི་ཁེ་སྤོགས་བགོ་འགྲེམས་ཀྱི་མཛད་སྒོ་དེ་བཀྲ་ཤིས་ཡིད་དགའི་རྣམ་པ་དང་བཅས་པར་གཟབ་རྒྱས་ངང་འཚོགས་པ་རེད། དེའི་ཐོག་ནས་གྲོང་ཚོ་དེའི་ལུག་གསོའི་ཐོན་ལས་འཕེལ་རྒྱས་ལ་དུས་མཚམས་རང་བཞིན་གྱི་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། གྲོང་མི་ཚོར་ཁ་ཡོད་ལག་ཡོད་ཀྱི་དཔལ་འབྱོར་ཕན་འབྲས་ཐོབ་པ་མཚོན་ཡོད། རེ་ས་ཤང་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཁེ་སྤོགས་བགོ་འགྲེམས་ཀྱི་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།
仪式现场,载歌载舞,欢声笑语。参与养羊合作社的村民们早早地聚集在一起,每个人的脸上都洋溢着期待与兴奋。首先,村主任通报了2024年度养羊合作社各项收支及合作社运营情况、本次分红明细。其次,乡党委、政府相关领导分别讲话,对全体村民在养殖过程中的辛勤付出给予了高度肯定,同时也对未来养羊产业的持续发展提出了新的期望与规划。最后,参与人员共同欣赏了杰村文艺队带来的《格桑啦》等堆谐舞蹈。
མཛད་སྒོ་སྤེལ་ཡུལ་དུ། གླུ་ལེན་གར་འཁྲབ་བྱེད་པ་དང་། དགའ་འབོད་དང་དགོད་སྒྲའི་ཁྲོད་དུ་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་ལ། མཉམ་ལས་ཁང་དུ་ཞུགས་མཁན་གྲོང་མི་ཚོའི་གདོང་ནས་རེ་སྒུག་དང་སྤྲོ་སྣང་གིས་ཡོངས་སུ་ཁེངས། དང་ཐོག་གྲོང་ཚོའི་ཀྲུའུ་རེན་ནས་2024ལོའི་ལོ་འཁོར་གྱི་ལུག་གསོ་མཉམ་ལས་ཁང་གི་གཏོང་ཡོང་ཁག་དང་། མཉམ་ལས་ཁང་གི་གཉེར་སྐྱོང་གནས་ཚུལ། དེ་བཞིན་ད་ཐེངས་ཀྱི་བགོ་འགྲེམས་གནས་ཚུལ་བཅས་བརྡ་ཁྱབ་བཏང་ཡོད་པ་དང་། ཤང་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྐབས་དོན་གསུང་བཤད་གནང་ནས །གྲོང་མི་ཡོངས་ཀྱིས་མཉམ་ལས་ཁང་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་དཀའ་སྤྱད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས་པ་དང་། ཆབས་ཅིག་འབྱུང་འགྱུར་ལུག་གསོའི་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་རེ་བ་དང་འཆར་འགོད་གསར་པ་བཏོན་ཡོད་པ་རེད། མཇུག་ཏུ་རྒྱལ་གྲོང་ཚོའི་རིག་རྩལ་རུ་ཁག་གིས《སྐལ་བཟང་ལགས》སོགས་སྟོད་གཞས་ཞབས་བྲོ་འཁྲབ་སྟོན་བྱས་ནས་གཟིགས་མོ་བ་རྣམས་ཀྱི་ཡིད་དབང་རབ་ཏུ་བཀུག་ཡོད་པ་རེད།
本次分红共计88.75万元,受益群众74户445人。
ད་ཐེངས་ཁེ་སྤོགས་བགོ་འགྲེམས་ནང་། ཁྱོན་སྒོར་ཁྲི་88.75དོན་འཁྱོལ་བྱས་ཡོད་པ་དང་། མང་ཚོགས་དུད་ཚང་74དང་མི་གྲངས་445ལ་ཕན་པ་ཐོབ་ཡོད་པ་རེད།
此次分红仪式的成功举办,不仅让村民们实实在在地享受到了养羊合作社带来的经济利益,更极大地增强了全体村民对发展特色养殖产业的信心和决心。
ད་ཐེངས་ཀྱི་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་དེ་བཀྲ་ཤིས་བདེ་ལེགས་ངང་གཉེར་ཐུབ་པ་དེས། གྲོང་མི་ཚོར་ལུག་གསོ་མཉམ་ལས་ཁང་ལས་བྱུང་བའི་དཔལ་འབྱོར་གྱི་ཁེ་ཕན་དངོས་འབྲེལ་ལོངས་སྤྱོད་ཐུབ་པ་མ་ཟད།མང་ཚོགས་རྣམས་ཀྱིས་ཁྱད་ལྡན་གསོ་ཚགས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་བཏང་ཐུབ་པ་བྱུང་ཡོད།།།།
供稿:热萨乡
编 辑、翻译:巴 洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音