༡༠༽ འཁོར་བའི་སྡུག་བསྔལ། སྐར་མ་བཅུའི་བློ་སྦྱོང་། གཞན་ཕན་སྙིང་པོ།

政务   2024-10-27 08:41   四川  

རྫོང་སར་གཟི་འོད་ཚང་གི་དྲ་བདག་ཕྲན་ཆུང་ངས་ཀྱང་དུས་ཚོད་ཀྱི་བར་སྟོང་ཡོད་ཚད་བེད་སྤྱོད་དེ་མུ་མཐུད་དུ་རྫོང་སར་ཚང་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་གང་དང་སུ་བཞུགས་པ་དག་གི་སྒེར་གཞུང་གཉིས་ཕན་གྱི་བསླབ་བྱ་འཆད་ཁྲིད་དང་།  མིག་ལྟོས་མཛད་རིམ་དག་སྟབས་བདེའི་འཕྲིན་ལམ་ནས་སྤེལ་བའི་འདུན་མ་སྔ་ལས་ཇེ་ཆེར་རུ་སོང་ཡོད།  ཡིན་ནའང་ང་རང་རིག་པའི་གནས་ལ་སྦྱོང་བ་ཆུང་བས་འདི་དག་གི་བྱ་འགུལ་ལ་བཟོ་བཅོས་དགོས་པ་ཅི་ཞིག་ཡོད་ན་བརྩེ་བའི་མཁྱེན་ལྡན་པ་དག་གིས་མཛུབ་སྟོན་དང་རྒྱབ་སྐྱོར་ཡོད་པ་མཁྱེན་མཁྱེན།

སྐར་མ་བཅུའི་བློ་སྦྱོང་ངམ་ཉིན་ཞག་རེའི་བློ་སྦྱོང་ཆག་མེད་དུ་ཉམས་སུ་ལེན་ཚུལ་མདོ་སྔགས་ཆོས་ཀྱི་ཉིང་ཁུ་ཞེས་བྱ་བ་བཞུགས།

མཛད་པ་པོ།  མཁན་ཆེན་གཞན་ཕན་སྙིང་པོ།

འཆད་ཁྲིད་པ། མཁན་ཆེན་གཞན་ཕན་སྙིང་པོ།

བཞི་པ་འཁོར་བའི་སྡུག་བསྔལ། རིགས་དྲུག་འཁོར་བའི་གནས་རིས་གང་དུ་སྐྱེས་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞིས་རང་དབང་མེད་པར་སྡུག་བསྔལ་བར་འགྱུར་བས་སྲིན་པའི་གླིང་དང་འདྲ། དེས་ན་འཁོར་བའི་རྩ་བ་སྤངས་ཏེ་གཏན་གྱི་བདེ་བ་ཅིས་ཀྱང་བསྒྲུབ་ཐུབ་པ་ཞིག་བྱེད་ཨང་སྙམ་དུ་དམ་བཅའ་འདུན་པ་སྨོན་ལམ་གསོལ་འདེབས་བཞི་དང་སྦྲེལ་ཏེ་ཚོར་བ་རྣོན་པོའོ་ཐོག་ནས་སྐར་གཅིག་བསྒོམ་པ་སྟེ། དོན་དེ་བཞིན་དུ་རྒྱུན་དུ་བསྒོམས་པས་འཁོར་བའི་སྐྱོན་རིག་ནས་འཁོར་བ་བློས་གཏང་ཐུབ་པ་དང་། དམ་པའི་ཆོས་བསྒྲུབ་པར་བློ་ཐག་ནང་ནས་ཆོད་པ། དེ་ལ་བརྟན་ཆ་ཐོན་པ། དེ་ཡང་ངང་གིས་འབྱུང་བ ༡དམ་པའི་ཆོས་ཀྱི་ཆེད་དུ་སྙན་གྲགས་བློས་གཏང་ཕོད་པ་དང་དེ་ལ་རེ་བ་མེད་པ། ༢དམ་པའི་ཆོས་ཀྱི་ཆེད་དུ་བསྟོད་བསྔགས་བློས་གཏང་ཕོད་པ་དང་དེ་ལ་རེ་བ་མེད་པ། ༣དམ་པའི་ཆོས་ཀྱི་ཆེད་དུ་རྒྱུ་ནོར་བློས་གཏང་ཕོད་པ་དང་དེ་ལ་རེ་བ་མེད་པ། ༤དམ་པའི་ཆོས་ཀྱི་ཆེད་དུ་ཟག་བཅས་ཀྱི་བདེ་བ་བློས་གཏང་ཕོད་པ་དང་དེ་ལ་རེ་བ་མེད་པ། ༥གྲགས་པ་ངན་པ་ཇི་ཙམ་བྱུང་ཡང་དམ་པའི་ཆོས་བློས་མི་གཏང་བ་དང་གྲགས་པ་ངན་པ་འབྱུང་ངམ་སྙམ་པའི་དོགས་པ་མེད་པ། ༦སྨ་ཕབ་དང་མཚང་འབྲུ་སོགས་ཇི་ཙམ་བྱུང་ཡང་དམ་པའི་ཆོས་བློས་མི་གཏང་བ་དང་དེ་དག་འབྱུང་ངམ་སྙམ་པའི་དོགས་པ་མེད་པ། ༧རྒྱུ་ནོར་དང་མཐུན་རྐྱེན་ཇི་ཙམ་ཞན་རུང་དམ་པའི་ཆོས་བློས་མི་གཏང་བ་དང་དབུལ་ཕོངས་སོགས་འབྱུང་ངམ་སྙམ་པའི་དོགས་པ་མེད་པ། ༨ཟག་བཅས་ཀྱི་བདེ་སྐྱིད་ཡོད་ཚད་ཤོར་ཡང་དམ་པའི་ཆོས་བློས་མི་གཏང་བ་དང་དེ་ལྟར་ཤོར་ཡོང་ངམ་སྙམ་པའི་དོགས་པ་མེད་པ་བཅས་བྱུང་ན་བློ་སྦྱོང་གི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ལྟར་ཐོན་མིན་གྱི་ཐོག་ནས་བློ་སྦྱོང་གི་འབྲས་བུ་བཟང་ངན་ཕྱེ་ཤེས་པ་སྐབས་འདིར་ཤིན་ཏུ་གལ་ཆེའོ། །

恭请《宗萨钦哲仁波切文集》འདི་ནས་དཔེ་ཆ་བླུ་ཐུབ།


ས་སྐྱ་གོང་མ།

རྫོང་སར་མཁྱེན་བརྩེ།

མཁན་ཆེན་པད་དམ།

མཁན་ཆེན་ཕུན་རྣམ།

མཁན་ཆེན་འཇམ་སེང་།མཁན་ཆེན་ཚེ་བརྟན།མཁན་ཆེན་བསམ་འགྲུབ།མཁས་དབང་བློ་གྲོས།


སངས་རྒྱས། སྲིད་པའི་སྒྲོན་མེ། ཞི་བའི་སྟོན་པ་སྟེ་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་རྣམ་བརྗོད་བྱར་བྱས་པའི་རྒྱ་གར་གྱི་མུ་འབྲེལ་གློག་བརྙན་༼སངས་རྒྱས༽ཞེས་པ་འདི་༼རྫོང་སར་ཁམས་བྱེ་ལྔ་རིག་ནང་བསྟན་སློབ་གླིང་༽གིས་བོད་ཀྱི་གཙུག་ལག་རིག་གཞུང་ནང་གི་སྐད་ཡིག་གཞིར་བཟུང་ཐོག་བོད་འགྱུར་བྱས་པ་ཡིན་ནོ། །

སྟོན་པའི་རྣམ་ཐར།  ཡིག་སྐད།  ལེའུ་དང་པོ་ནས་བརྒྱད་བར།1-8 མུ་འགོད།

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་དང་པོ་ནས་བརྒྱད་བར།9-16 མུ་འགོད།

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་དང་པོ་ནས་བརྒྱད་བར།17-24 མུ་འགོ

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་ཉེར་ལྔ་ནས་སོ་གཉིས། །25-32མུ་འགོད།

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་སོ་གསུམ་ནས་བཞི་བཅུ། 33-40མུ་འགོད།

སྟོན་པའི་རྣམ་ཐར།  ཡིག་སྐད། ལེའུ་ཞེ་གཅིག་ནས་ལྔ་བཅུ། 41-50མུ་འགོད།

སྟོན་པའི་རྣམ་ཐར།  ལེའུ་ལྔ་བཅུ་ལྔ་བཞི་ཆ་ཚང་ཡོད། 佛陀1–54集

རྫོང་སར་བཤད་གྲྭའི་མཁན་རབས་རིམ་བྱོན་གྱི་མཛད་རྣམ།  མཁན་རབས། ༡-༡༣

༸རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་བཀོད་སྒྲོལ་མ་ཉེར་གཅིག

ཀུན་བཟང་བླ་མའི་ཞལ་ལུང་ཁྲིད།  མཁན་ཆེན་པདྨ་དམ་ཆོས། སྟོད་ཆ།

ཀུན་བཟང་བླ་མའི་ཞལ་ལུང་ཁྲིད།  མཁན་ཆེན་པདྨ་དམ་ཆོས། སྨད་ཆ།

བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ།  ༧ མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།

༧རྫོང་སར་མཁན་ཆེན་འཇམ་དབྱངས་བློ་གྲོས་མཆོག་གི་གསུང་དུམ་བུ་དྲུག

དཔལ་འབྱོར་ནི་ཐོས་པའི་གེགས་ཡིན།  རྫོང་སར་མཁན་ཆེན་གཞན་ཕན་སྙིང་པོས།



རྫོང་སར་གཟི་འོད་ཚང་གི་ཡིག་ཟམ།

3465578557@qq.com

གཙོ་སྒྲིག་པ། རྫོང་སར་གཟི་འོད་ཚང་།

宗萨雪域达瓦平台二
ཁྱེད་ཀྱིས་རྫོང་སར་གཟི་འོད་ཚང་གི་དྲྭ་བ་ལ་ནམ་རྒྱུན་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ།
 最新文章