དཔལ་ལྡན་ས་སྐྱ་པའི་ལྟ་གྲུབ་སྐོར་དྲི་བ་དྲིས་ལན་ཆ་ཚང་ཡོད། ཚེ་དབང་།

政务   2024-10-22 11:07   中国  

རྫོང་སར་གཟི་འོད་ཚང་གི་དྲ་བདག་ཕྲན་ཆུང་ངས་ཀྱང་དུས་ཚོད་ཀྱི་བར་སྟོང་ཡོད་ཚད་བེད་སྤྱོད་དེ་མུ་མཐུད་དུ་རྫོང་སར་ཚང་གི་བླ་སྤྲུལ་དགེ་བའི་བཤེས་གཉེན་གང་དང་སུ་བཞུགས་པ་དག་གི་སྒེར་གཞུང་གཉིས་ཕན་གྱི་བསླབ་བྱ་འཆད་ཁྲིད་དང་།  མིག་ལྟོས་མཛད་རིམ་དག་སྟབས་བདེའི་འཕྲིན་ལམ་ནས་སྤེལ་བའི་འདུན་མ་སྔ་ལས་ཇེ་ཆེར་རུ་སོང་ཡོད།  ཡིན་ནའང་ང་རང་རིག་པའི་གནས་ལ་སྦྱོང་བ་ཆུང་བས་འདི་དག་གི་བྱ་འགུལ་ལ་བཟོ་བཅོས་དགོས་པ་ཅི་ཞིག་ཡོད་ན་བརྩེ་བའི་མཁྱེན་ལྡན་པ་དག་གིས་མཛུབ་སྟོན་དང་རྒྱབ་སྐྱོར་ཡོད་པ་མཁྱེན་མཁྱེན།

དཔལ་ལྡན་ས་སྐྱ་པའི་ལྟ་གྲུབ་སྐོར་དྲི་བ་དྲིས་ལན་ཆ་ཚང་ཡོད།དཔྱད་གླེང་བ།  ས་སྐྱའི་མཁན་པོ་ཚེ་དབང་།

    ཁོང་གིས་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་དཔལ་ཡུལ་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་གི་ཆོས་སྡེ་ཆེན་མོ་འདིའི་ནང་དུ་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཆོས་བརྒྱུད་རིས་མེད་ཀྱི་དགེ་བའི་བཤེས་གཉེན་རྣམ་པ་དང་།  སློབ་གཉེར་བ་རྣམ་པ། ཆོས་སྡེ་འདིར་གཉུག་མར་གནས་པའི་མཁན་སློབ་དགེ་འདུན་འདུས་པ་ཡོངས་ལ་དགའ་དད་སྤྲོ་བ་ཆེན་པོའི་སྒོ་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་བཅས། དེའི་རྗེས་ཁོང་གིས་དེ་རིང་དཔལ་ལྡན་ས་སྐྱ་པའི་གཞུང་ལུགས་དང་འབྲེལ་བའི་ལྟ་གྲུབ་ཀྱི་ཐོག་ནས་དཔྱད་གླེང་བྱེད་རྒྱུ་ཡི་ཁུར་བླངས་པ་ཡིན་དུས་བསྡུས་བསྡུས་ཞིག་ཞུ་རྒྱུ་ཡིན་གསུངས། དཔལ་ལྡན་ས་སྐྱ་པས་གཞུང་ལུག་ལ་སློབ་གཉེར་བྱེད་སྟངས་དང་།   ཤེར་ཕྱིན་གྱི་འཆད་ཉན་འདི་དཔལ་ལྡན་ས་སྐྱ་པ་ལ་ཇི་ལྟར་དར་ཚུལ་དང་ས་སྐྱ་པའི་མཁས་གྲུབ་རྣམས་ཀྱིས་དེའི་འགྲེལ་པའི་སྐོར་མཛད་ཚུལ། ཀུན་མཁྱེན་གོ་རམས་པ་ཆེན་པོའི་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན་དང་འབྲེལ་བའི་གཞུང་འགྲེལ་ཆེན་པོ་བདུན་གྱི་དོན་གནད་བསྡུས་རེ་དང་།  ཤེར་ཕྱིན་གྱི་རྣམ་གཞག་དང་འབྲེལ་བའི་སྒོ་ནས་ས་སྐྱ་པའི་གཞུང་ལུགས་ཀྱི་སྟེང་དུ་ལྟ་གྲུབ་ལ་རྒྱུས་ལོན་གནང་དགོས་པ་ཡིན་ན་གལ་ཆེ་ཤོས་དེ་གཞུང་ཆེན་པོ་དེ་བདུན་ལ་བལྟ་ཀློག་ཡག་པོ་ཞིག་གནང་རྒྱུ་གལ་ཆེ་ཚུལ་སོགས་གསུངས་རྗེས།    དེ་ནས་རིམ་བཞིན་གྲུབ་མཐའ་ཁག་སོ་སོའི་མཁས་དབང་དང་དེར་བཞུགས་དགེ་སློབ་དག་གིས་ཀྱང་དྲི་བ་མུ་མཐུད་ནས་དྲིས་པ་ལ་ཁོང་གིས་རེ་རེ་བཞིན་དུ་དྲིས་ལན་གང་ཐུབ་གནང་སོང་།


ས་སྐྱ་གོང་མ།

རྫོང་སར་མཁྱེན་བརྩེ།

མཁན་ཆེན་པད་དམ།

མཁན་ཆེན་ཕུན་རྣམ།

མཁན་ཆེན་འཇམ་སེང་།མཁན་ཆེན་ཚེ་བརྟན།མཁན་ཆེན་བསམ་འགྲུབ།མཁས་དབང་བློ་གྲོས།


སངས་རྒྱས། སྲིད་པའི་སྒྲོན་མེ། ཞི་བའི་སྟོན་པ་སྟེ་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་རྣམ་བརྗོད་བྱར་བྱས་པའི་རྒྱ་གར་གྱི་མུ་འབྲེལ་གློག་བརྙན་༼སངས་རྒྱས༽ཞེས་པ་འདི་༼རྫོང་སར་ཁམས་བྱེ་ལྔ་རིག་ནང་བསྟན་སློབ་གླིང་༽གིས་བོད་ཀྱི་གཙུག་ལག་རིག་གཞུང་ནང་གི་སྐད་ཡིག་གཞིར་བཟུང་ཐོག་བོད་འགྱུར་བྱས་པ་ཡིན་ནོ། །

སྟོན་པའི་རྣམ་ཐར།  ཡིག་སྐད།  ལེའུ་དང་པོ་ནས་བརྒྱད་བར།1-8 མུ་འགོད།

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་དང་པོ་ནས་བརྒྱད་བར།9-16 མུ་འགོད།

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་དང་པོ་ནས་བརྒྱད་བར།17-24 མུ་འགོ

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་ཉེར་ལྔ་ནས་སོ་གཉིས། །25-32མུ་འགོད།

སྟོན་པའི་རྣམ་ཐར། ཡིག་སྐད། ལེའུ་སོ་གསུམ་ནས་བཞི་བཅུ། 33-40མུ་འགོད།

སྟོན་པའི་རྣམ་ཐར།  ཡིག་སྐད། ལེའུ་ཞེ་གཅིག་ནས་ལྔ་བཅུ། 41-50མུ་འགོད།

སྟོན་པའི་རྣམ་ཐར།  ལེའུ་ལྔ་བཅུ་ལྔ་བཞི་ཆ་ཚང་ཡོད། 佛陀1–54集

རྫོང་སར་བཤད་གྲྭའི་མཁན་རབས་རིམ་བྱོན་གྱི་མཛད་རྣམ།  མཁན་རབས། ༡-༡༣

༸རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཞལ་བཀོད་སྒྲོལ་མ་ཉེར་གཅིག

ཀུན་བཟང་བླ་མའི་ཞལ་ལུང་ཁྲིད།  མཁན་ཆེན་པདྨ་དམ་ཆོས། སྟོད་ཆ།

ཀུན་བཟང་བླ་མའི་ཞལ་ལུང་ཁྲིད།  མཁན་ཆེན་པདྨ་དམ་ཆོས། སྨད་ཆ།

བར་དོའི་ངོ་སྤྲོད་ཐོས་གྲོལ་ཆེན་མོ།  ༧ མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།

༧རྫོང་སར་མཁན་ཆེན་འཇམ་དབྱངས་བློ་གྲོས་མཆོག་གི་གསུང་དུམ་བུ་དྲུག

དཔལ་འབྱོར་ནི་ཐོས་པའི་གེགས་ཡིན།  རྫོང་སར་མཁན་ཆེན་གཞན་ཕན་སྙིང་པོས།



རྫོང་སར་གཟི་འོད་ཚང་གི་ཡིག་ཟམ།

3465578557@qq.com

གཙོ་སྒྲིག་པ། རྫོང་སར་གཟི་འོད་ཚང་།

宗萨雪域达瓦平台二
ཁྱེད་ཀྱིས་རྫོང་སར་གཟི་འོད་ཚང་གི་དྲྭ་བ་ལ་ནམ་རྒྱུན་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ།
 最新文章