工布江达县关于燃放烟花爆竹的通告

政务   2025-01-06 18:23   西藏  

点击蓝字 关注我们


临近春节、藏历新年之际,为有效预防森林(草原)、消防等火灾,确保人民群众生命财产安全,根据《中华人民共和国治安管理处罚法》《烟花爆竹安全管理条例》等相关规定要求,结合工布江达县实际,现就烟花爆竹燃放行为通告如下:

一、禁放区域

(一)党政机关办公场所、重要军事区域、山林(草原)等重点防火区;
(二)易燃易爆危险物品生产、经营,储存单位;
(三)输变电、燃气、燃油等能源设施安全保护区内;
(四)医疗机构、幼儿园、学校;
(五)商场、菜市场、公共文化设施、宗教活动场所等人员密集场所;
(六)使用易燃可燃外保温材料、当前停工的高层建筑,耐火等级较低的建筑物;
(七)县人民政府划定并公布的其他区域、场所。


二、燃放区域

县城新时代文明实践活动中心广场、县城新区文化广场以及各乡(镇)文化广场。



三、温馨提示

(一)工布江达县安全生产委员会办公室温馨提示全县各族干部群众,在指定区域燃放烟花爆竹,要做好个人防护,按照烟花爆竹安全提示说明,安全进行燃放,确保人身安全。
(二)工布江达县域内未设置烟花爆竹采购零售点,县域内各超市、商铺以及仓储点严禁销售烟花爆竹,有需要购置烟花爆竹的单位及个人前往林芝市区合法零售点按照相关规定购置。
(三)凡违反本通告的单位和个人,将根据《中华人民共和国治安管理处罚法》《烟花爆竹安全管理条例》等有关规定给予处罚;构成犯罪的,依法追究刑事责任。


    特此通告



工布江达县公安局

工布江达县应急管理局

  工布江达县住房和城乡建设局

2025年1月6日




༄༅། །ཤོག་སྦག་སྦོར་ཕྱོགས་སྐོར་གྱི་ཀོང་པོ་རྒྱ་མདའ་རྫོང་གི་གསལ་བརྡ།


དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་འཆར་ལ་ཉེ་མཚམས་ལ།  ནགས་ཚལ་དང་རྩྭ་ཐང་སོགས་ཀྱི་མེ་སྐྱོན་སྔོན་འགོག་ནུས་ལྡན་བྱ་ཕྱིར་དང་།  མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་གི་བདེ་འཇགས་འགན་ལེན་བྱ་ཆེད།  བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས དང་ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།  ཀོང་པོ་རྒྱ་མདའ་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཤོག་སྦག་སྦོར་བའི་བྱ་སྤྱོད་ཐད་གསལ་བརྡ་གཤམ་གསལ།


དང་པོ། སྦོར་མི་ཆོག་པའི་ཁུལ།

(གཅིག)ཏང་སྲིད་ལས་ཁུངས་ཀྱི་གཞུང་ལས་བསྒྲུབ་ཁུལ་དང་།  དམག་དོན་གྱི་ཁུལ་གལ་ཆེན།  ནགས་རི་(རྩྭ་ཐང་)སོགས་ཀྱི་མེ་ཟོན་གཙོ་གནད་ཁུལ་བཅས་དང་།

(གཉིས)འབར་གས་སླ་བའི་དངོས་པོ་ཐོན་སྐྱེད་དང་།  ཚོང་གཉེར།  གསོག་འཇོག་བཅས་ཀྱི་ཚན་པ།

(གསུམ)གློག་སྒྱུར་ས་ཚིགས་དང་། འབར་རླངས། འབར་སྣུམ་སོགས་ཀྱི་ནུས་ཁུངས་སྒྲིག་བཀོད་བདེ་སྲུང་ཁུལ་ནང་།

(བཞི)སྨན་བཅོས་ཚན་པ་དང་།  བུ་བཅོལ་ཁང་།  སློབ་གྲྭ་བཅས།

(ལྔ)ཚོང་རྭ་དང་།  ཚལ་ཁྲོམ།  སྤྱི་པའི་རིག་གནས་སྒྲིག་ཆས།  ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་མི་འདུ་འཛོམས་ཆེ་ས།

(དྲུག)འབར་གས་སླ་བའི་ཕྱི་ངོས་དྲོད་སྲུང་རྒྱུ་ཆ་དང་།  མིག་སྔར་ལས་མཚམས་བཞག་པའི་ཐོག་རྩེགས་མཐོ་བའི་འཛུགས་སྐྲུན།  མེ་བཟོད་རིམ་པ་དམའ་བའི་བསྐྲུན་དངོས།

(བདུན)རྫོང་མི་དམངས་སྲིད་གཞུང་གིས་དབྱེ་མཚམས་ཕྱེ་བ་མ་ཟད། ཁྱབ་བསྒྲགས་ཟིན་པའི་ཁུལ་དང་རྭ་བ་སོགས།


གཉིས་པ། སྦོར་ཆོག་པའི་ཁྱབ་ཁོངས།

རྫོང་གྲོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཐང་ཆེན་དང་། རྫོང་གྲོང་ཁུལ་གསར་རིག་གནས་ཐང་ཆེན།  དེ་བཞིན། ཤང་(གྲོང་རྡལ་)ཁག་གི་རིག་གནས་ཐང་ཆེན་བཅས་སོ།


གསུམ་པ། ཤ་ཚའི་དྲན་སྐུལ།

(གཅིག)ཀོང་པོ་རྒྱ་མདའ་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་ཤ་ཚའི་དྲན་སྐུལ་ཞུ་རྒྱུར།  རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་གནས་གཏན་འཁེལ་ཁུལ་དུ་ཤོག་སྦག་སྦོར་བ་དང་།  རང་ངོས་འགོག་སྲུང་ཡག་པོ་གནང་དགོས་པ།  ཤོག་སྦག་སྦོར་བའི་བདེ་འཇགས་ཀྱི་གསལ་བཤད་བཞིན།  བདེ་འཇགས་ལྡན་པའི་ངང་ཤོག་སྦག་སྦོར་བ་དང་།  མི་སྲོག་བདེ་འཇགས་འགན་ལེན་བྱེད་དགོས།

(གཉིས)ཀོང་པོ་རྒྱ་མདའ་རྫོང་མངའ་ཁོངས་སུ་ཤོག་སྦག་ཉོ་སྒྲུབ་ས་ཚིགས་བཟོས་མེད།  རྫོང་མངའ་ཁོངས་ཀྱི་སྒོ་རྩིས་ཚོོང་ཁང་དང་།  ཚོང་ཁང་།  མཛོད་ཁང་བཅས་ཀྱིས་ཤོག་སྦག་ཚོང་མི་ཆོག གལ་ཏེ་ཤོག་སྦག་ཉོ་ཚོང་བྱེད་འདོད་པའི་ཚན་པ་དང་མི་སྒེར་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བསྐྱོད་དེ་ཁྲིམས་མཐུན་སིལ་ཚོང་ས་ཚིགས་ནས་འབྲེལ་ཡོད་གཏན་འབེབས་བཞིན་ཉོ་སྒྲུབ་བྱེད་དགོས།

(གསུམ)ཚན་པ་དང་མི་སྒེར་སུ་ཡིན་ཡང་གསལ་བརྡ་འདི་ལས་འགལ་ཚེ།  བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས དང་ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉེས་ཆད་གཏོང་རྒྱུ་དང་།  ཉེས་པ་བསག་ཚེ།  ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།


ཀོང་པོ་རྒྱ་མདའ་རྫོང་སྤྱི་བདེ་ཅུད།

ཀོང་པོ་རྒྱ་མདའ་རྫོང་འཕྲལ་དོན་མྱུར་སེལ་དོ་དམ་ཅུད།

ཀོང་པོ་རྒྱ་མདའ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད་བཅས་ནས།

༢༠༢༥ལོའི་ཟླ་༡ཚེས་༦ཉིན།

来源:县应急管理局

审核:曹学洲

责编:田雅欣

编辑:米玛拉姆

网信工布江达
信息发布
 最新文章