རྒན་ལགས་ཁྱེད་སྐུ་ལས་ཁག་སོང། སྙན་སྒྲོན་པ། གཙང་གཞོན་ལྷག་པ་སྲིད་དར།

民生   2024-09-10 13:07   西藏  


གསལ་འདེབས།

 ༄༅། ། ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས།

འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གུས་པས་ཕྱག་འཚལ་ལོ། །

ལྷ་ཡི་མཆོག་དང་ཀླུ་དབང་གྲུབ་པ་རིག་འཛིན་གཙོ། །

དྲང་སྲོང་རྒྱས་པ་གྲོག་མཁར་བ་དང་རྐང་མིག་སོགས། །

ཀུན་ནས་དགའ་བའི་གཙུག་གི་ནོར་བུས་ཞབས་མཆོད་པ། །

འགྲོ་བའི་གཙོ་བོ་ཀུན་མཁྱེན་དེ་ལ་བདག་ཕྱག་འཚལ། །

རིག་པས་དཔྱད་ན་ཆོས་ལུགས་མི་འགལ་ཞིང་། །

འཇིག་རྟེན་བྱ་བ་ཀུན་ནས་ལེགས་བསྒྲུབ་པ། །

དམ་པ་རྣམས་ཀྱི་སྤྱོད་ཚུལ་ཅི་འདྲ་ཞིག །

བཤད་པ་འདི་ནི་ལེགས་བཤད་རིན་ཆེན་གཏེར། །


༼ དགེ་རྒན་ལགས་ཁྱེད་སྐུ་ལས་ཁག་སོང་། ༽

སྙན་སྒྲོན་པ། གཙང་གཞོན་ལྷག་པ་སྲིད་དར་།

རྩོམ་པ་པོ། གཡག་གྲུ་གཟིངས།

རྩོམ་སྒྲིག་པ།  རྒྱལ་རྩེ་བློ་བཟང་།


དགེ་རྒན་ལགས།  

ཐོག་མར་ངས་ཁྱེད་ལ་རྟེན་འབྲེལ་ཞུས་ཡོད།

ངས་ཁྱེད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཡོད།

ངས་ཁྱེད་ལ་རྟེན་འབྲེལ་ཞུ་དོན་ནི།

ཁྱེད་ཀྱིས་མུན་པ་དང་འཐབ་ནས་ངེད་སློབ་བུ་ཚོའི་འགྲོ་འདུག་བསམ་པས་ཡིན་ལ།

ཁྱེད་ཀྱིས་སྐར་ཆེན་དང་འགྲོགས་ནས་ངེད་སློབ་མ་ཚོའི་དཔེ་ཀློག་སྲུང་པས་ཡིན།   

ཉིན་མོའི་ཟས་བཅགས་ནས་ང་ཚོ་སེམས་ཀྱིས་བསྐྱངས་པས་ཡིན་ལ།

མཚན་མོའི་ཟས་བརྗེད་དེ་ང་ཚོ་མིག་གིས་འཚོས་པས་ཀྱང་ཡིན།

དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།

ཁྱེད་རང་འདི་ལྟར་དུངས་ཞེན་གྱི་དབང་གིས་ལོ་ཟླས་མཐའ་ལ་དེད་ཀྱང་།

ཁྱེད་རང་འདི་ལྟར་གཞན་ཕན་གྱི་སེམས་པས་དབུ་ལ་སེ་མདའ་བབས་ཀྱང་།

ལོ་ཟླའི་ལྟེབས་ཁུག་རེ་རེར་དུས་ཀྱི་མི་ཁས་མི་ཚུགས་པའི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་མཁན་དེ་ཁྱེད་ཡིན་ལ།

བརྩེ་བའི་བྱམས་པ་ཆེན་པོར་ལམ་གྱི་རྡོག་པས་མི་གནོན་པའི་སེམས་ཀྱི་མཁའ་དབྱིངས་བསྐྲུན་མཁན་དེ་ཁྱེད་ཡིན།

ཁྱེད་ཡིན་པའི་ངོ་སོར་དཔའ་རྟགས་མེད་ལ་རྒྱབ་སྐྱོར་མེད་ན་ཡང་།

ཁྱེད་ཀྱིས་འབད་པ་སྟོང་གི་གོ་ཁྲབ་གྱོན་ནས་མི་གཤིས་ཀྱི་གཉོམ་སོ་དག་གཅེས་སྐྱོང་བྱས་ལ།

ཁྱེད་ཀྱིས་བརྩོན་པ་ཁྲི་ཕྲག་གདོང་གིས་བསུས་ནས་ན་ཆུང་གི་མྱུ་གུ་དག་ལག་པས་གསོས་ཡོད།

དུས་དེ་དག་ལ།  ཁྱེད་ལ་རྟེན་འབྲེལ་དང་བཀའ་དྲིན་ཞུ་མཁན་མེད་ཀྱང་།    

ཁྱེད་ལ་ཁ་བཏགས་དང་མཆོད་ཆང་འདེགས་མཁན་མེད་ཀྱང་། 

ཁེར་རྐྱང་གི་ཁྱེད་ཀྱི་སྤོབས་པར་རི་རབ་ཀྱིས་མགོ་བོ་སྒུར་ཅིང་།

ཡིད་འོང་གི་ཁྱེད་ཀྱི་བྱམས་པར་ཆུ་ཆེན་གྱིས་མཆོད་པ་ཕུལ་ཡོད།

དགེ་རྒན་ལགས། སྐུ་ངལ་ཅིག་གསོ་རོགས།


ཁྱེད་ཀྱིས་སློབ་ཁང་ཟེར་བའི་དྭངས་གཙང་གི་ཁོར་ཡུག་ཅིག་སྲུངས་ཤིང་།

ཁྱེད་ཀྱིས་སློབ་མ་ཟེར་བའི་ན་ཆུང་གི་མྱུ་གུ་དག་གཉོར་གྱིན།

གོ་ས་ཆེན་པོ་ཞིག་ལ་ཐུགས་སེམས་མ་འཁོར་ལ།

རྒྱུ་ནོར་མང་པོ་ཞིག་ལ་ཞེ་རྩ་མ་གནག་པར།

ཁྱེད་ཀྱིས་སློབ་གསོ་ཟེར་བ་ཞིག་ལ་མི་ཚེ་ཕུལ་ཅིང་།

ཁྱེད་ཀྱིས་མི་རིགས་ཟེར་བ་ཞིག་ལ་ལང་ཚོ་བསྟིམས་ཡོད།

དགེ་རྒན་ལགས།

ཁྱེད་ཀྱི་མིང་བྱང་ལ་གཡོ་ཟོལ་མེད།

ཁྱེད་ཀྱི་མིང་བྱང་ལ་ཕྱོགས་རིས་མེད།

ཁྱེད་ཀྱི་མིང་བྱང་ལ་ནག་ནོག་མེད།

ཁྱེད་ཀྱི་མིང་བྱང་ལ་མཐོ་དམའ་མེད།

ཁྱེད་ཀྱི་མིང་བྱང་གིས་བཟོས་པའི་ལོ་རབས་ཤིག་གི་ངོ་གདོང་།

དུས་རབས་ཀྱིས་བརྗེད་མི་སྲིད།

ལོ་རྒྱུས་ཀྱིས་བརྗེད་མི་སྲིད།

དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།


ཉི་མ་ལྟ་བུའི་དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།

ཟླ་བ་ལྟ་བུའི་དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།

སྐར་ཚོགས་ལྟ་བུའི་དགེ་རྒན་ལགས།

སྐུ་ངལ་ཅིག་གསོ་རོགས།


གཙང་གི་གཞས་པ་རིག་སྤྲུལ་གྱི་གླུ་གཞས་ཕྱོགས་བསྒྲིགས། ༠༡
གཙང་གི་གཞས་པ་རིག་སྤྲུལ་གྱི་གླུ་གཞས་ཕྱོགས་བསྒྲིགས། ༠༢ 
སྨར་ཁམས་པི་ལྦང་ཞབས་བྲོ་གསར་པ་ཕྱོགས་བསྒྲིགས།
རྒྱལ་རྩེ་བཀྲིས་ཟླ་བའི་གླུ་གཞས་ཕྱོགས་བསྡུས།
བཀྲིས་ཟླ་བའི་ཆེད་བསྒྲིགས་གཉིས་པའི་གླུ་གཞས།
གཙང་པ་ནོར་བུའི་གླུ་གཞས་ཕྱོགས་བསྡུས།
གཞས་མ་ཕན་ཐོགས་ལགས་ཀྱི་དམངས་གཞས་འོས་སྦྱོར།
སྟོབས་རྒྱལ་ལགས་ཀྱི་དྲན་གསོའི་གླུ་གཞས།
ཆོས་འཕེལ་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར།
ཨ་ཅེ་ལྷ་མོའི་མཉམ་གཞས་གླུ་གཞས་འོས་སྦྱོར། 
【གཞས་པ་བཀྲ་རྡོར་ལགས་ཀྱི་གཞས་རྙིང་འོས་སྦྱོར། 
ནོར་འཛིན་སྒྲོལ་མའི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར། 
འཕན་པོའི་གཞས་པ་བློ་བཟང་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས།
གཞས་པ་རྒྱལ་པོ་ལགས་ཀྱི་གླུ་གཞས་འོས་སྦྱོར།
བསྟན་པ་རྒྱན་མཚན་གྱི་གླུ་གཞས་འོས་སྦྱོར།
གཙང་གི་གཞས་མ་སྒྲོན་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས།
གཙང་གི་གཞས་མ་མཚམས་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས།
གཙང་གི་གཞས་པ་ཚེ་རིང་གི་གླུ་གཞས་ཕྱོགས་བསྒྲིགས།
གཙང་གི་གཞས་མ་སྐལ་བཟང་གཡུ་སྒྲོན་གྱི་གླུ་གཞས་ཕྱོགས་བསྒྲིགས།
གཙང་གི་གཞས་མ་གཡང་སྐྱིད་ཀྱི་གླུ་གཞས་ཆེད་བསྒྲིགས།
རིན་སྤུངས་པད་སྒྲོན་གྱི་གླུ་གཞས་ཆེད་བསྒྲིགས།
རིན་སྤུངས་རྣམ་གྲོལ་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས།
དམངས་ཁྲོད་གཞས་པ་ཀུན་བཟང་ཚེ་དབང་ལགས་ཀྱི་གླུ་གཞས་འོས་སྦྱོར།
ཁང་དམར་ཕུན་ཚོགས་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས།
སྟོབས་རྒྱལ་ལགས་ཀྱི་དྲན་གསོའི་གླུ་གཞས།
ཟླ་བ་སྒྲོན་ལགས་ཀྱི་གླུ་གཞས་ཕྱོགས་བསྡུས།
གཙང་གི་གཞས་པ་ཉི་མ་རྡོ་རྗེའི་གླུ་གཞས་ཕྱོགས་བསྒྲིགས།
སྙེ་མོའི་གཞས་མ་ལྷ་འཛོམས་ཀྱི་གླུ་གཞས་ཕྱོགས་བསྒྲིགས།
རང་གསལ་དཔལ་ལྡན་གྱི་གླུ་གཞས་ཕྱོགས་བསྒྲིགས།
སྙེ་མོ་བསམ་སྐྱིད་ཀྱི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར། 
དབུས་གཙང་བསོད་རྡོར་ལགས་ཀྱི་གླུ་གཞས། 
སྤེན་སྒྲོན་གྱི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར། 
མཁས་གྲུབ་ཀྱི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར།  
རིན་ཆེན་དངོས་གྲུབ་ཀྱི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར། 
གངས་རྒོད་མཉམ་གཞས་ཚོགས་པའི་གླུ་གཞས་འོས་སྦྱོར།
རྒྱལ་རྩེ་ཚེ་བསྟན་ལགས་ཀྱི་གླུ་གཞས་ཆེད་བསྒྲིགས་འོད་སྦྱོར།
གཟི་མིག་དགུ་པ་རོལ་ཚོགས་གླུ་གཞས་འོས་སྦྱོར། 
གཙང་གི་གཞས་པ་ཉི་མ་ཚེ་རིང་གི་གླུ་གཞས་འོས་སྦྱོར།
སྤེན་པ་བསམ་གྲུབ་ཀྱི་གླུ་གཞས་འོས་སྦྱོར། 
ཀུན་དགའི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར། 
ཚེ་དབང་་ལྷ་མོའི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར། 
པ་བཟང་རྡོ་རྗེའི་གླུ་གཞས་འོས་སྦྱོར།
ཚེ་རིང་བསམ་གྲུབ་ཀྱི་གླུ་གཞས་འོས་སྦྱོར།
གཞས་མ་བདེ་ཆེན་གྱི་གླུ་གཞས་འོས་སྦྱོར།
གཞས་མ་པ་བཟང་གྱི་གླུ་གཞས་འོས་སྦྱོར།
འབྲི་གུང་བཀྲ་དབང་གླུ་གཞས་འོས་སྦྱོར།
ནོར་འཛིན་སྒྲོལ་མའི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར།
ཀུན་བཟང་ལྷ་མོའི་གླུ་གཞས་འོས་སྦྱོར།
ཐུབ་བསྟན་འཇིགས་གྲགས་ཀྱི་གླུ་གཞས་འོས་སྦྱོར།
ནོར་བུ་བསམ་གྲུབ་ཀྱི་གླུ་གཞས་འོས་སྦྱོར།
ཤེར་བསྟན་གྱི་གླུ་གཞས་འོས་སྦྱོར།
ལྷག་པ་ཚེ་རིང་གི་གླུ་གཞས་འོས་སྦྱོར།
མཁའ་འགྲོའི་གླུ་གཞས་འོས་སྦྱོར།
རྒྱན་མཚན་གྱི་གླུ་གཞས་ཆེད་བསྒྲིགས་འོས་སྦྱོར།


མཇུག་བསྡུའི་སྨོནཚིག།




Tibet藏歌影视网(གངས་ལྗོངས་བོད་གླུའི་གློག་བརྙན་འཕྲིན་སྟེགས་།)ཞེས་པའི་འཕྲིན་སྟེགས་ནི་ང་ཚོ་ཐུན་མོང་ལ་དབང་བའི་དྲ་བའི་གཞིས་ཁྱིམ་དྲོན་མོ་ཞིག་ཡིན་མོད་འདི་རུ་གླུ་གཞས་དང་པར་རིས་སོགས་ལྟད་མོ་མང་པོར་མཉམ་རོལ་བྱ་ཐུབ། འདི་རུ་གཞུང་སྒེར་གང་རུང་ལ་གནོད་པའི་ནང་དོན་ཡོད་ཚེ་ང་ཚོར་མྱུར་མོར་འབྲེལ་བ་བྱོས་དང་དྲ་ངོས་ནས་བསུབ་ངེས་ཡིན། ད་དུང་གཞན་གྱི་བརྩམས་ཆོས་ལ་བསམ་འཆར་དང་དགེ་སྐྱོན་ཞབས་མཆན་དུ་འདེབས་ཆོག  མཐར་དུས་དང་རྣམ་པ་ཀུན་ཏུ་ངེད་Tibet藏歌影视网(གངས་ལྗོངས་བོད་གླུའི་གློག་བརྙན་འཕྲིན་སྟེགས་།)ཞེས་པའི་ཞིང་པའི་སྤྱི་སྟེགས་ལ་དོ་ཁུར་དང་དགའ་བ་ཡོད་པའི་གྲོགས་པོ་ཀུན་གྱི་སྐུ་ལུས་བདེ་ཞིང་ཚེ་ཐག་རིང་བའི་བཀྲ་ཤིས་སྨོན་འདུན་ཞུ། 

扫描二维码获取更多信息



公众号名称:Tibet藏歌影视网

内容:藏歌 小品 健康知识 纪录片 科技 传统文化 搞笑视频 藏语小说

建立时间:2018年

Tibet藏歌影视网
弘扬与传承中华民族文化,藏区新老音乐推荐,在这里您将收到各种健康知识、藏歌、小品、故事、搞笑视频以及藏区最新歌曲和MV等等…欢迎关注和支持!
 最新文章