【安全生产】“两节”期间安全燃放烟花爆竹温馨提示

政务   2025-01-25 22:08   西藏  


“两节”期间安全燃放烟花爆竹温馨提示

དུས་ཆེན་གཉིས་རིང་ཤོག་སྦག་བདེ་འཇགས་ངང་ནས་སྤོར་རྒྱུའི་ཤ་ཚའི་དྲན་སྐུལ།

为进一步加强烟花爆竹燃放安全管理,预防和减少因燃放烟花爆竹引发的火灾、人身伤亡事故,切实维护人民群众生命财产安全。根据《烟花爆竹安全管理条例》《中华人民共和国治安管理处罚法》等有关规定,现将2025年春节、后藏新年期间烟花爆竹燃放安全提示如下。 

ཤོག་སྦག་སྤོར་སྐབས་ཀྱི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱབ་ནས་ཤོག་སྦག་སྤར་བས་རྐྱེན་གྱིས་མེ་སྐྱོན་དང་མི་ཤི་རྨས་སོགས་ཀྱི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་དང་ཉུང་དུ་བཏང་སྟེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་ཏན་ཏིག་བྱ་ཆེད།  《ཤོག་སྦག་བདེ་འཇགས་དོ་དམ་སྲོལ་ཡིག》དང་《ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།  ད་ལྟ་༢༠༢༥ལོའི་སྤྱི་གསར་དུས་ཆེན་དང་སོ་ནམ་ལོ་གསར་རིང་ཤོག་སྦག་བདེ་འཇགས་ངང་སྤོར་རྒྱུའི་དྲན་སྐུལ་ཞུ་རྒྱུ་གཤམ་གསལ།





(一)不得在居民楼的阳台、窗户、楼道、屋顶、停车场燃放烟花爆竹,农村地区不得在畜棚及饲草堆周围燃放烟花爆竹。

(གཅིག)གྲོང་མའི་ཁང་པའི་ཉི་གཡབ་དང་སྒེའུ་ཁུང་།   བར་འཁྱམས།  ཐོག་ཁ།རླངས་འཁོར་འཇོགས་ས་བཅས་སུ་ཤོག་སྦག་སྦོར་མི་ཆོག་ཅིང་གྲོང་གསེབ་ཀྱི་ཕྱུགས་ར་དང་རྩྭ་རའི་ཉེ་འཁོར་དུ་ཤོག་སྦག་སྤོར་མི་ཆོག

(二)不得向人群、车辆、建筑物、公共绿化地、下水井及管道、其它地下管网抛掷点燃的烟花爆竹。

(གཉིས)མི་ཚོགས་དང་རླངས་འཁོར། འཛུགས་སྐྲུན་དངོས་པོ། སྤྱི་པའི་ལྗང་སྒྱུར་ས་ཆ། ས་འོག་ཁྲོན་པ་དང་ཆུ་ལམ། ས་འོག་སྦུག་དྲ་གཞན་དག་བཅས་སུ་ཤོག་སྦག་སྤར་ནས་དབྱུགས་མི་ཆོག

(三)燃放烟花爆竹时不得妨碍行人、车辆等交通工具安全通行。

(གསུམ)ཤོག་སྦག་སྤོར་སྐབས་འགྲུལ་པ་དང་འཁོར་རིགས་སོགས་འགྲིམ་འགྲུལ་ཡོ་བྱད་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་འགོག་རྐྱེན་བཟོ་མི་ཆོག

(四)未成年人燃放烟花爆竹时,应当由其监护人或其他成年人陪同看护。

(བཞི)ནར་མ་སོན་པའི་སྐྱེ་བོས་ཤོག་སྦག་སྤོར་སྐབས་ཁྱིམ་བདག་གམ་ཡང་ན་ནར་སོན་པའི་མི་གཞན་གྱིས་ལྟ་སྐྱོང་བྱེད་དགོས།

(五)禁止在以下区域燃放烟花爆竹:文物保护单位、车站、机场、油气罐(站)、易燃、易爆危险物品储存场所及其他重点消防单位、输变电设施、医疗机构、中小学校、幼儿园、养老院、山林、苗圃等重点防火区、重要军事设施区域。

(ལྔ)རིག་དངོས་སྲུང་སྐྱོང་སྡེ་ཚན་དང་། རླངས་འཁོར་འབབ་ཚུགས། གནམ་ཐང་།  སྣུམ་རླངས་བླུགས་སྣོད(ས་ཚིགས)ཚིག་སླ་བ་དང་འབར་སླ་བའི་དངོས་རྫས་གསོག་ཉར་ཁུལ་བཅས་དང་གཙོ་གནད་མེ་ཟོན་ཚན་པ་གཞན་དག  གློག་གཏོང་སྒྱུར་སྒྲིག་ཆས།  སྨན་བཅོས་ལས་ཁུངས། སློབ་གྲྭ་འབྲིང་ཆུང་། བུ་བཅོལ་ཁང་།  རྒན་གསོ་ཁང་། ནགས་ཚལ། སྡོང་ཕྲུག་ར་བ་སོགས་གཙོ་གནད་མེ་ཟོན་ཁུལ་དང་གལ་ཆེའི་དམག་དོན་སྒྲིག་བཀོད་ས་ཁོངས་བཅས་སུ་ཤོག་སྦག་སྤོར་མི་ཆོག 

(六)各乡(街道)、物业公司要在居民小区空旷区域设立烟花爆竹“集中燃放区”,并设置提示标识;在各楼栋之间、小区道路、停车场等区域设立“禁止燃放区”,并设置警示标识;在烟花爆竹集中燃放期间,要指派专人盯守,做到重点防范;同时,要利用宣传栏、电子屏、微信群等载体,宣传火灾预防和消防安全知识,做到人人皆知、家喻户晓。

(དྲུག) ཤང་(ཁྲོམ་གཞུང་)ཁག་དང་སྡེ་ལས་ཀུང་སིས་གྲོང་མིའི་ཁུལ་ཆུང་གི་ས་སྟོངས་ཡོད་སར“ཤོག་སྦག་གཅིག་སྡུད་སྤོར་ཁུལ”བཟོ་དགོས་པ་མ་ཟད་དྲན་སྐུལ་གྱི་མཚོན་རྟགས་འཛུགས་དགོས།  ཁང་སྟར་ཁག་གི་བར་དང་། ཁུལ་ཆུང་གི་འགྲོ་ལམ། རླངས་འཁོར་འཇོག་ས་སོགས་སུ“ཤོག་སྦག་སྤོར་མི་ཆོག་པའི་ཁུལ”ཞེས་པའི་ཉེན་ཟོན་མཚོན་རྟགས་འཛུགས་དགོས་ཤིང་།  ཤོག་སྦག་གཅིག་སྡུད་ཐོག་སྤོར་རིང་ཆེད་མངགས་མི་བཏང་ནས་ལྟ་སྲུང་བྱས་ཏེ་གཙོ་གནད་དོགས་ཟོན་ཐུབ་པ་བྱེད་དགོས། དེ་དང་ཆབས་ཅིག དྲིལ་བསྒྲགས་སྒྲོམ་བྱང་དང་། གློག་རྡུལ་བརྙན་ཤེལ། སྐད་འཕྲིན་ཚོགས་པ་སོགས་ལ་བརྟེན་ནས་མེ་སྐྱོན་སྔོན་འགོག་དང་མེ་ཟོན་བདེ་སྲུང་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མི་ཚང་མས་ཤེས་པ་དང་ཁྱིམ་ཚང་ཚང་མས་ཧ་གོ་བ་བྱེད་དགོས།

(七)燃放烟花爆竹时,应当按照产品标明的燃放说明,正确燃放;不得以危害公共安全和他人人身、财产安全的方式燃放烟花爆竹;不得在禁放区和禁放场所燃放烟花爆竹。

(བདུན)ཤོག་སྦག་སྤོར་སྐབས་ངེས་པར་དུ་ཤོག་སྦག་ཐོན་རྫས་ཐོག་བྲིས་པའི་གསལ་བཤད་ལྟར་སྤོར་དགོས་པ་ལས། སྤྱི་པའི་བདེ་འཇགས་དང་། མི་གཞན་གྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་གནོད་འཚེ་བཟོ་མི་ཉན་ཞིང་ཤོག་སྦག་སྤོར་མི་ཆོག་པའི་ཁུལ་དང་ས་ཆར་ཤོག་སྦག་སྤོར་མི་ཆོག

(八)任何单位和个人不得采购、销售、燃放需由专业人士进行燃放的烟花爆竹产品,不得通过非法渠道购买燃放不合格的烟花爆竹产品。

(བརྒྱད)སྡེ་ཚན་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཆེད་ལས་མི་སྣས་སྤོར་དགོས་པའི་ཤོག་སྦག་ཉོ་སྒྲུབ་དང་། ཚོང་གཉེར། སྤོར་བ་བཅས་བྱེད་མི་ཆོག་ལ་ཁྲིམས་འགལ་གྱི་ཐབས་ལམ་བརྒྱུད་དེ་ཚད་མི་ལོན་པའི་ཤོག་སྦག་ཐོན་རྫས་ཉོ་སྒྲུབ་བྱེད་མི་ཆོག

(九)未经公安机关许可,任何单位和个人不得举办焰火晚会以及其他大型焰火燃放活动。

(དགུ)སྤྱི་བདེ་ལས་ཁུངས་ཀྱི་ཆོག་མཆན་མེད་པར་སྡེ་ཚན་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཤོག་སྦག་སྤོར་བའི་མཚན་ཚོགས་དང་ཤོག་སྦག་སྤོར་བའི་བྱེད་སྒོ་ཆེ་གྲས་གཞན་དག་གང་ཡང་གཉེར་མི་ཆོག

(十)应从持有《烟花爆竹(零售)经营许可证》的合法烟花爆竹零售店(点)购买烟花爆竹

(བཅུ)ཤོག་སྦག་ཉོ་སྐབས《ཤོག་སྦག(སིལ་འཚོང་)ཚོང་གཉེར་ཆོག་འཐུས་ལག་ཁྱེར》ཡོད་པའི་ཁྲིམས་མཐུན་ཤོག་སྦག་སིལ་འཚོང་ཁང་ནས་ཉོ་དགོས།




更多精彩

请下载珠峰云APP

关注“桑珠孜之窗

投稿邮箱:szzqwxb@126.com

来     源:区应急局、区消防救援大队

编     审:除     多

复     审:白玛次旺

终     审:达     拉 


往期推荐


1、中国共产党日喀则市桑珠孜区第三届委员会第九次全体会议暨区委经济工作会议召开

2、桑珠孜区召开宗教界代表人士座谈会

3、2025年度桑珠孜区春季征兵公告

桑珠孜区发布
西藏日喀则市桑珠孜区政府信息发布
 最新文章