1.གོམ་པ་བརྒྱབ་ན་སྙིང་ཁམས་ཀྱི་ནུས་པ་ལེགས་སུ་འགྲོ་བ།
2.གོམ་པ་བརྒྱབ་ན་ཁྲག་རྩ་མཉེན་པོ་ཆགས་ནས་ཁྲག་རྩ་རྡོལ་བ་སོགས་ཀྱི་གནས་ཚུལ་ཐོན་ཚད་ཉུང་དུ་གཏོང་ཐུབ།
3.གོམ་པ་བརྒྱབ་ན་ཤ་གནད་ཀྱི་ནུས་པ་ལེགས་སུ་ཕྱིན་ཏེ་རྐང་པ་སྤོ་བདེ་བ་མ་ཟད། རུས་ཚིགས་བདེ་ལ་མིའི་གཟུགས་པོའི་ཁྲག་འཁོར་རྒྱུག་ལ་ཕན་པ་ཆེ།
4.གོམ་པ་བརྒྱབ་ན་ཟས་ཀྱི་དང་ག་འབྱེད་ཐུབ་པ་དང་ཁྲག་ཤེད་མཐོ་བའི་ནད་དང་། གཅིན་སྙི་ཟག་ཁུའི་ནད། ཤ་རྒྱགས་པ་ཆགས་པ། རྒྱུན་གཏན་རང་བཞིན་གྱི་བཤང་འགག་སོགས་ཀྱི་ནད་གཞི་འགོག་བཅོས་ལ་ཕན་པ་ཡོད།
5.ཕྱི་རོལ་གྱི་མཁའ་རླུང་གཙང་མའི་ཁྲོད་གོམ་པ་བརྒྱབ་ཚེ་ཀླད་པའི་བསམ་གཞིག་བྱེད་ནུས་ལེགས་སུ་འགྲོ་བ་དང་དཀའ་ལས་ཁག་པའི་སྣང་ཚུལ་སེལ་ཐུབ་པས་སློབ་སྦྱོང་དང་ལས་ཀའི་ཕན་འབྲས་གོང་མཐོར་གཏོང་ཐུབ།
6.གོམ་པ་བརྒྱབ་ན་ཁྲག་ཚིལ་རིགས་དང་མཁྲིས་རྒྱུའི་གཤེར་རྩི་གསོག་ཚད་ཉུང་དུ་གཏོང་ཐུབ་ལ་ཁྲག་མངར་ཉུང་དུ་ཕྱིན་ནས་ཁྲག་ནང་གི་ཚིལ་རིགས་འགྱུར་ཚད་ཡང་ཉུང་དུ་གཏོང་ཐུབ།
7.གོམ་པ་བརྒྱབ་ན་མིའི་གྲོད་ཁོག་ངོས་སུ་ཚི་ལུ་གསོག་ཚད་ཉུང་དུ་ཕྱིན་ནས་གཟུགས་བྱད་ལེགས་སུ་གཏོང་ཐུབ།
8.གོམ་པ་བརྒྱབ་ན་ཁྲག་གར་སླ་སྙོམས་སྒྲིག་ཐུབ་པས་སྙིང་རྩ་འགག་པ་སོགས་ཀྱི་ནད་ཕོག་ཚད་ཉུང་དུ་འགྲོ་ཐུབ།
9.གོམ་པ་བརྒྱབ་ན་མཁལ་མའི་རྨེན་རྩི་ཐོན་མང་བའི་གནས་ཚུལ་སེལ་ཐུབ་པས་འཕར་རྩའི་ཁྲག་རྩའི་ནད་འགོག་ཐུབ།
10.གོམ་པ་བརྒྱབ་ན་ཁོར་ཡུག་སྲུང་སྐྱོང་དང་མཁའ་རླུང་མི་གཙང་བའི་རིགས་སེལ་བ་མ་ཟད། ལུས་སྟོབས་འཕེལ་ཞིང་ནད་འགོག་ནུས་པ་ལེགས་སུ་གཏོང་ཐུབ།