གཟའ་འཁོར་འདིར་དྲོད་ཚད་ཆག་རྒྱུ་དང་ཐལ་རླུང་རྒྱག་རྒྱུ་རེད་འདུག་པས……

政务   2025-02-04 20:58   西藏  

    ཟླ་2ཚེས་3ཉིན། ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་བར་གཞིགས་ན། སྔོན་དཔག་བྱས་ན། གཟའ་འཁོར་འདིར་(ཟླ་2ཚེས་3ཉིན་ནས་ཟླ་2ཚེས་9ཉིན་བར)ལྷ་ས་གྲོང་ཁྱེར་ལ་གནམ་དྭངས་ནས་སྤྲིན་པ་ཉུང་བའི་གནམ་གཤིས་གཙོ་བོ་སྟོན་རྒྱུ་དང་དྲོད་ཚད་འཕར་ཆག་ཆེན་པོ་ཡོད་པ། ཕྱི་དྲོ་ཡར་ཀླུང་གཙང་པོའི་རྒྱུད་དུ་ལྷགས་པ་རིམ་པ་5ཡས་མས་ཡུད་ཙམ་རྒྱག་རྒྱུ། ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་རིམ་པ་8ཡས་མས་རྒྱག་རྒྱུ་ཡིན་པ་རེད།


གནམ་གཤིས་གཙོ་བོ་སྟོན་ཚུལ།


    གཟའ་ཟླ་བ་དང་གཟའ་མིག་དམར་ལ། གྲོང་ཁྱེར་ཡོངས་ལ་གནམ་དྭངས་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ། 

    གཟའ་ལྷག་པ་དང་གཟའ་པ་སངས་ལ། ས་ཆ་ཁག་ཏུ་སྤྲིན་པ་ཉུང་བ་ནས་མང་བའི་བར་འཁོར་རྒྱུ་དང་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ཤང་གྲོང་དུ་དུས་མཚམས་ཁག་གཅིག་ལ་སྤྲིན་པ་མང་བ་འཁོར་རྒྱུ། 

    གཟའ་སྤེན་པ་དང་གཟའ་ཉི་མར། ས་ཆ་ཁག་ཏུ་གནམ་དྭངས་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ་མ་ཟད་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་5བར་ཆག་རྒྱུ།


ནམ་གཤིས་ལས་ཁུངས་ནས་དྲན་སྐུལ་བྱས་དོན།

དང་པོ། གཟའ་འཁོར་འདིའི་ནང་ལྷ་ས་གྲོང་ཁྱེར་དུ་སྔར་བཞིན་མངོན་གསལ་དོད་པོས་ལྷགས་པ་ཆེན་པོ་རྒྱག་རྒྱུ་ཡིན་པས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དེ་དང་དུས་མཚུངས་སུ་གནས་སྐབས་ཀྱི་སྐྲུན་དངོས་དང་དེ་བཞིན་ཕྱི་རོལ་ཏུ་བཀལ་བའི་དངོས་པོར་རླུང་འགོག་སྲ་བརྟན་གྱི་ལས་ཀ་ཡག་པོ་བྱེད་དགོས།

གཉིས་པ། ཡར་ཀླུང་གཙང་པོའི་རྒྱུད་དུ་བྱེ་རླུང་ལྡང་བ་དང་ཐལ་རྡུལ་འཚུབ་པའི་གནམ་གཤིས་སྟོན་སླ་བས། མཐོང་ལམ་མི་གསལ་བར་གྱུར་ནས་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཆེ་ཙམ་ཐེབས་སྲིད་པས་དེ་མཚུངས་ཀྱི་དོ་སྣང་བྱེད་དགོས།

གསུམ་པ། གཟའ་འཁོར་འདིར་དྲོད་ཚད་འཕར་ཆག་ཆེ་བས། གྲང་འགོག་དྲོད་སྲུང་གི་ལས་ཀ་ཡག་པོ་བྱེད་དགོས།




:西藏日报藏文媒体

编辑(一审):格桑曲珍

责编(二审):白玛

终审(三审):李娜



网信噶尔
发布噶尔经济、民生、建设成绩和风景、民俗、旅游图片资料。
 最新文章