ནག་ཆུས་དོན་ཆེན་བཞིར་དམིགས་ནས་འཛུགས་གཏོད་བཞིར་ཤུགས་སྣོན་རྒྱག་བཞིན་ཡོད།
བོད་བྱང་ཐང་ནི་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་ས་ཆ་ཞིག་རེད། འོན་ཀྱང་ནག་ཆུའི་ལས་བྱེད་མང་ཚོགས་སུ་ཞིག་ཡིན་རུང་བློ་སྟོབས་དང་སྙིང་རུས་ལྡན་པའི་མི་ཤ་སྟག་རེད། ནག་ཆུས་ས་བབ་མཐོ་པོར་འགྱུར་ལྡོག་གཏོང་མ་ཐུབ་ན་ལྷག་བསམ་རྣམ་དག་གིས་འབད་འཐབ་བྱེད་པ་དང་། གསོ་རླུང་མི་འདང་བར་འགྱུར་ལྡོག་གཏོང་རྒྱུ་མེད་ན་སྙིང་སྟོབས་ཆེར་སྐྱེད་དང་དཔའ་ངར་ཞུམ་མེད་ཀྱི་ཐོག་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་དགོས་པ། རང་ཉིད་ཀྱི་ལས་ཀའི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་དུས་ངེས་མེད་ཀྱི་གནད་དོན་གསར་པར་ཁ་གཏད་གཅོག་ཐུབ་པ་བཅས་ཀྱི་བླང་བྱ་ལྟར་དོན་ཆེན་བཞིར་དམིགས་ནས་འཛུགས་གཏོད་བཞིར་ཤུགས་སྣོན་བརྒྱབ་སྟེ་ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་ཞིག་གཏོད་བཞིན་ཡོད།
记 者:李文涛
翻 译:索朗曲珍
编 辑(一审):索朗曲珍
责 编(二审):索朗 国吉
审 核(三审):索 朗
扫码关注