关于那曲冬季农村饮水设施...

政务   2024-11-20 18:36   西藏  

那曲市水利局关于冬季农村饮水设施保温防冻告知书


广大用水户:

随着气温连续下降,冬季农村饮水安全设施保温防冻工作面临新的挑战和要求,为了确保冬季我市农牧民群众及牲畜的正常用水,切实做好我市农村饮水安全保障工作,现对提前做好水表、水井、水管等饮水安全设施的保温防冻措施告知如下:

一、水井等内设施防冻措施

(一)水井应做到井内设施不漏水,漏水的设施及时保修更换,确保井内的干燥。

(二)对井内水表、阀门等用水设施应采用棉织物、海绵、塑料、泡沫、棉被、旧衣服等材料层层包裹、缠紧扎实,进行保温。

(三)冬季在水表井盖上覆盖草帘、塑料薄膜、木(钢)板加盖土层等,防止雨、雪水进入井内。

二、入户水龙头、户外立管的防冻措施

(一)对室外裸露的立管及水龙头,可采用防冻包裹材料严密包裹保温,并在最外围包裹塑料薄膜以防雨雪淋湿。

(二)室内有水龙头的房间,晚上要关紧房屋门窗,保证室内的温度保持在零摄氏度以上,同时也可用防冻材料包裹。

(三)对确已冻住的水管,应急解冻时,要先用毛巾等物包裹水龙头,然后沿水龙头向水管处浇淋热水使之解冻,切不可用火直接烘烤或用开水急烫。也可使用户外管道保温电热丝,缠绕在管道外壁防止冻裂。

(四)家里应储存部分生活用水,以备紧急之用。

(五)用水户冬季不住或长期外出时,将室内或室外总阀关闭,打开最低处的水龙头将自来水管内的积水排空,以免水管冻裂,并委托亲戚邻居照看,防止水压变化或管道老化出现滴水,造成不必要的损失。

(六)天气寒冷时保证室内温度,避免室内水管冻住;对暴露在室外的自来水管,必须用棉麻织物、塑料、泡沫等保暖材料进行包裹防护,引导广大群众提高防冻意识。

三、农牧区电机井要做到勤保养和管理

(一)发电机类机电井建议在正午时分发电抽水,此时天气最暖更容易启动发电机。另外,发电机要加好水以免被烧,抽完水一定记得把水排空,以免冻裂。

(二)当发电机出现问题,必须及时联系村级水管员或供水工程运行管理单位前来维修,以免造成不必要的损失。

(三)抽水过程中,一定要有大人负责抽水,小孩等青少年不得对发电机进行操作,以免发生安全事故。

(四)光伏机电井切记在日间阳光充足时操作,必须由熟悉操作人员负责开关抽水。当出现问题或无法抽水时,请先检查电路、机井水位等,仍无法抽水时请及时关闭开关并联系属地乡镇负责人。

(五)牧区所有机井冬季必须封闭管理,夜间门窗紧锁。做好保暖,机井口必要时采取棉被等覆盖方式保暖。同时,管道内的水必须每次排空,以免出现管道冰冻。

四、加强供水管网的维护

(一)不私自接供水管网,不得在自来水管网铺设区域违规开控,违规者按相关规定处罚。在建项目工程冬季不得在管网铺设区域开挖,如需开挖应请示乡(镇)政府同意,以免维修不及时造成管网冰冻。

(二)不得在供水管网上方取土或土地平整,防止供水管网损坏。

对于出现的小问题,均由农牧区乡(镇)政府负责维修养护,维修资金从各村居水费和为民办实事经费中列支并做好记录。同时建议储备一批常用且易损耗的设备,出现问题做到及时保障。

五、水源及取水口日常维护

(一)自流式水源地要加强巡查,清理取水口周边垃圾、杂草,防止温度骤降导致取水口冻结,加强取水口清理平整,维护好取水口保护设施。

(二)地下水水源,做好水源周边卫生打扫,清理井房内卫生及排水管道,防止井房及周边大面结冰。

六、服务热线

如您发现农牧区饮水私接水管偷水或供水管道漏水、家中无水时,请及时联系当地村委会反映情况,落实“用水户—各村居(水管员)—各乡镇—县农业农村和科技水利局、水利局—市水利局”的层层报告解决制度,如未得到解决可拨打那曲市水利局、当地县农业农村和科技水利局、水利局饮水问题服务热线电话。

饮水安全涉及千家万户,用户基数大,覆盖范围广且居住分散,冬季保暖和管理是一件非常重要的事,需要各用水户的齐心管理。为了您冬季用水安全,请把自家的设备设施维护好,把共用水表井管理好,发现饮水设备看管疏忽时要主动去看管和提醒,望广大群众积极配合,共同做好冬季供水保障工作。


那曲市水利局
2024年11月18日


ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུད་ཀྱི་དགུན་དུས་གྲོང་གསེབ་ཀྱི་འཐུང་ཆུའི་སྒྲིག་བཀོད་དྲོད་སྲུང་འཁྱགས་འགོག་སྐོར་གྱི་གསལ་བརྡའི་ཡི་གེ།
རྒྱ་ཆེའི་ཆུ་སྤྱོད་དུད་ཚང་།
དྲོད་ཚད་བསྟུད་མར་ཆག་པ་དང་ཆབས་ཅིག་དགུན་དུས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྒྲིག་བཀོད་ཀྱི་དྲོད་སྲུང་འཁྱགས་འགོག་ལས་དོན་ལ་འགྲན་སློང་དང་བླང་བྱ་གསར་པ་འཕྲད་ཡོད་པས་དགུན་དུས་རང་རེའི་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་དང་དེ་བཞིན་ཕྱུགས་རིགས་ཀྱི་རྒྱུན་གཏན་ཆུ་སྤྱོད་འགན་ལེན་བྱེད་རྒྱུ་དང་། རང་རེའི་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད། ད་ལྟ་ཆུ་རྩིས་ཆུ་ཚོད་དང་ཁྲོན་པ། ཆུ་སྦུག་སོགས་འཐུང་ཆུའི་བདེ་འཇགས་སྒྲིག་བཀོད་ཀྱི་དྲོད་སྲུང་འཁྱགས་འགོག་བྱེད་ཐབས་སྔ་སྣུར་དུ་ཡག་པོ་སྤྱོད་རྒྱུའི་སྐོར་གྱི་གསལ་བརྡ་གཏོང་རྒྱུ་གཤམ་གསལ།
གཅིག  ཁྲོན་པའི་ནང་གི་སྒྲིག་བཀོད་སོགས་ལ་འཁྱགས་འགོག་བྱེད་ཐབས།
(གཅིག)ཁྲོན་པའི་ནང་གི་སྒྲིག་བཀོད་ནས་ཆུ་མི་འཛག་པ་དང་ཆུ་འཛག་པའི་སྒྲིག་བཀོད་དུས་ཐོག་ཏུ་ཉམས་གསོ་དང་བརྗེས་ཏེ། ཁྲོན་པའི་ནང་གི་ཁོར་ཡུག་སྐམ་ཤས་ཆེ་བར་འགན་ལེན་ཏན་ཏིག་བྱེད་དགོས།
(གཉིས)ཁྲོན་པའི་ནང་གི་ཆུ་རྩིས་ཆུ་ཚོད་དང་སྟེམ་སྒོ་སོགས་ཆུ་སྤྱོད་སྒྲིག་བཀོད་ལ་སྲིང་བལ་དང་། འགྱིག་སོབ། སྤོས་འགྱིག་ལྦུ་བ། ཕོ་ཁེབས། གྱོན་ཆས་རྙིང་པ་སོགས་ཀྱིས་ཐུམ་སྒྲིལ་བྱས་ཏེ་དམ་པོར་བསྡམས་ནས་དྲོད་སྲུང་བྱེད་དགོས།
(གསུམ)དགུན་ཁར་ཆུ་རྩིས་ཆུ་ཚོད་ཀྱི་ཁྲོན་པའི་སྟེང་རྩྭ་ཡོལ་དང་། འགྱིག་ཤོག་སྲབ་མོ། ཤིང་ལེབ་ལྕགས་ལེབ་ཀྱིས་ཁེབས་གཅོད་བརྒྱབ་ནས་དེའི་ཐོག་ས་བཀབ་སྟེ་ཆར་པ་དང་གངས་ཆུ་ཁྲོན་པའི་ནང་མི་འཛུལ་བ་བྱེད་དགོས།
གཉིས། ཁྱིམ་ནང་གི་ཆུ་ཀ་ལ་དང་ཕྱི་རོལ་དུ་ཡོད་པའི་སྦུ་གུ་འཁྱགས་འགོག་བྱེད་ཐབས།
(གཅིག)ཁང་པའི་ཕྱིའི་སྦུ་གུ་དང་ཆུ་མགོ་ལ་འཁྱགས་འགོག་ཐུམ་སྒྲིལ་རྒྱུ་ཆ་སྤྱད་དེ་ཐུམ་སྒྲིལ་དམ་པོ་བཅིངས་ནས་དྲོད་སྲུང་བྱེད་ཆོག་པ་མ་ཟད། ཕྱིའི་མཐའ་སྐོར་ལ་འགྱིག་ཤོག་སྲབ་མོས་ཐུམ་སྒྲིལ་བྱས་ནས་གངས་ཆར་གྱིས་རློན་པ་མི་བཟོ་བ་བྱེད་དགོས།
(གཉིས)ཆུ་ཀ་ལ་ཡོད་པའི་ཁང་པར་དགོང་མོ་ཁང་པའི་སྒོ་དང་སྒེའུ་ཁུང་དམ་པོར་བརྒྱབ་ནས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ཡན་ཡོད་དགོས་པ་དང་ཆབས་ཅིག་འཁྱགས་འགོག་རྒྱུ་ཆས་ཐུམ་སྒྲིལ་ཡག་པོ་བྱེད་ཆོག
(གསུམ)འཁྱགས་པ་ཐེབས་ཟིན་པའི་ཆུ་སྦུག་གི་འཁྱགས་པ་འཕྲལ་མར་བཞུར་སྐབས་སྔོན་ལ་ཨ་ཅོར་སོགས་དངོས་པོས་ཆུ་ཀ་ལའི་མཆུ་ཏོ་བཏུམས་ནས་ཆུ་ཀ་ལའི་མཆུ་ཏོ་ནས་ཆུ་སྦུག་བར་དུ་ཆུ་ཚ་པོ་བླུགས་རྗེས་འཁྱགས་པ་བཞུ་རུ་འཇུག་དགོས་པ་ལས་ཐད་ཀར་མེས་བསྲེག་པའམ་ཡང་ན་ཆུ་ཁོལ་གྱིས་བསྲེག་མི་རུང་། ཕྱི་རོལ་གྱི་སྦུག་ལམ་ཕྱི་ངོས་སུ་དྲོད་སྲུང་གློག་དྲོད་སྐུད་པ་དཀྲིས་ནས་འཁྱགས་གས་མི་ཡོང་བ་བྱེད་ཆོག
(བཞི)ཁྱིམ་དུ་འཚོ་བའི་སྤྱོད་ཆུ་གསོག་འཇོག་བྱས་ནས་འཕྲལ་སྤྱོད་བྱེད་རྒྱུའི་གྲ་སྒྲིག་བྱེད་དགོས།
(ལྔ)ཆུ་སྤྱོད་དུད་ཚང་དགུན་དུས་སུ་མི་སྡོད་པའམ་ཡང་ན་ཡུན་རིང་ཕྱིར་སྐྱོད་སྐབས་ཁང་པའི་ནང་ངམ་ཡང་ན་ཁང་པའི་ཕྱི་རོལ་གྱི་སྤྱིའི་ཆུ་སྒོ་རྒྱག་པ་དང་། ཆེས་དམའ་ཤོས་ཀྱི་ཆུ་སྒོ་ཕྱེ་ནས་རང་འབབ་ཆུའི་སྦུ་གུའི་ནང་གི་འཁྱིལ་ཆུ་བཏོན་ཏེ་ཆུ་སྦུག་འཁྱགས་གས་མི་ཡོང་བ་བྱེད་པ་མ་ཟད། གཉེན་ཉེ་དང་ཁྱིམ་མཚེས་ལ་ལྟ་རོགས་བྱ་རྒྱུའི་མངགས་བཅོལ་བྱེད་དགོས་པ་ལས། ཆུ་གནོན་འགྱུར་ལྡོག་ཕྱིན་པའམ་ཡང་ན་སྦུག་ལམ་རྙིང་པར་གྱུར་ནས་ཆུ་ཐིགས་འཛག་ནས་དགོས་མེད་གྱོང་གུན་མི་ཕོག་པ་བྱེད་དགོས།
(དྲུག)གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་ཁང་པའི་ནང་གི་དྲོད་ཚད་འགན་ལེན་བྱས་ནས་ཁང་པའི་ནང་གི་ཆུ་སྦུག་མི་འཁྱགས་པ་བྱེད་དགོས། ཁང་པའི་ཕྱིའི་རང་འབབ་ཆུ་སྦུག་ལ་ངེས་པར་དུ་སྲིང་བལ་དང་། སྤོས་འགྱིག་ལྦུ་བ་སོགས་དྲོད་སྲུང་རྒྱུ་ཆས་ཐུམ་སྒྲིལ་ཡག་པོ་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་འཁྱགས་འགོག་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས།
གསུམ། ཞིང་འབྲོག་ཁུལ་གྱི་གློག་འཕྲུལ་ཁྲོན་པར་བདག་གཅེས་དང་དོ་དམ་ཡག་པོ་བྱེད་དགོས།
(གཅིག)གློག་འདོན་འཕྲུལ་འཁོར་རིགས་ཀྱི་འཕྲུལ་ཁྲོན་ནས་ཉིན་གུང་གི་དུས་སུ་ཆུ་འཐེན་ན་དུས་ཚོད་ཡག་ཤོས་ཡིན་པ་དང་། སྐབས་དེར་གནམ་གཤིས་དྲོད་ཆེ་བས་གློག་འདོན་འཕྲུལ་འཁོར་སྤྱོད་འགོ་དེ་བས་སླ་བ་ཡོད། གཞན་ཡང་གློག་འདོན་འཕྲུལ་འཁོར་ནང་ཆུ་བླུགས་ནས་མི་འཚིག་པ་བྱེད་པ་དང་། ཆུ་འཐེན་ཚར་རྗེས་ངེས་པར་དུ་ཆུ་བཏོན་ནས་འཁྱགས་གས་མི་ཡོང་བ་བྱེད་དགོས།
(གཉིས)གློག་འདོན་འཕྲུལ་འཁོར་ལ་སྐྱོན་ཤོར་ཚེ་ངེས་པར་དུ་གྲོང་ཚོ་དེ་བཞིན་འཐུང་ཆུ་དོ་དམ་བྱེད་མཁན་ནམ་ཡང་ན་ཆུ་འདོན་ལས་གྲྭ་འཁོར་སྐྱོད་དོ་དམ་སྡེ་ཚན་ལ་དུས་ཐོག་ཏུ་འབྲེལ་གཏུག་བྱས་ནས་ཉམས་གསོ་བྱེད་རོགས་ཞུ་དགོས་པ་ལས་དགོས་མེད་གྱོང་གུན་མི་ཕོག་པ་བྱེད་དགོས།
(གསུམ)ཆུ་འཐེན་རིང་ངེས་པར་དུ་མི་རྒན་པས་ཆུ་འཐེན་དགོས་པ་ལས་ཕྲུ་གུ་སོགས་གཞོན་ནུ་ལོ་ཆུང་གིས་གློག་འདོན་འཕྲུལ་འཁོར་བཀོལ་སྤྱོད་བྱེད་མི་ཆོག་པ་དང་བདེ་འཇགས་དོན་རྐྱེན་མི་ཐོན་པ་བྱེད་དགོས།
(བཞི)འོད་ཤུགས་འཕྲུལ་ཁྲོན་ཉིན་མོའི་ཉི་འོད་ཆེ་བའི་སྐབས་སུ་བཀོལ་སྤྱོད་བྱེད་དགོས་པ་ཡིད་ལ་བརྟན་པོར་ངེས་དགོས་པ་དང་། ངེས་པར་དུ་བཀོལ་སྤྱོད་ལ་རྒྱུས་མངའ་ཡོད་པའི་མི་སྣས་གློག་སྒོ་ཕྱེ་ནས་ཆུ་འཐེན་དགོས། གནད་དོན་བྱུང་བའམ་ཡང་ན་ཆུ་འཐེན་ཐབས་བྲལ་བའི་སྐབས་སུ་སྔོན་ལ་གློག་ལམ་དང་འཕྲུལ་ཁྲོན་གྱི་ཆུ་གནས་སོགས་ལ་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་བྱས་ཀྱང་སྔར་བཞིན་ཆུ་འཐེན་ཐབས་བྲལ་བའི་སྐབས་སུ་གློག་སྒོ་རྒྱག་དགོས་པ་མ་ཟད་ཁོངས་གཏོགས་ས་ཆའི་ཤང་གྲོང་རྡལ་གྱི་འགན་འཁུར་མི་སྣར་དུས་ཐོག་ཏུ་འབྲེལ་གཏུག་བྱེད་དགོས།
(ལྔ)དགུན་དུས་སུ་འབྲོག་ཁུལ་གྱི་འཕྲུལ་ཁྲོན་ཚང་མ་ངེས་པར་དུ་བཀག་སྡོམ་ནན་པོ་བྱེད་དགོས་པ་དང་མཚན་མོར་སྒོ་དང་སྒེའུ་ཁུང་དམ་པོ་རྒྱག་དགོས། འཕྲུལ་ཁྲོན་གྱི་ཁར་ཕོ་ཁེབས་སོགས་བཀབ་ནས་དྲོད་སྲུང་ཡག་པོ་བྱེད་དགོས། ཆབས་ཅིག་སྦུག་ལམ་ནང་གི་ཆུ་ངེས་པར་དུ་བཏོན་ནས་འཁྱགས་པ་མི་ཐེབས་པ་བྱེད་དགོས།
བཞི། ཆུ་འདོན་སྦུག་དྲ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
(གཅིག)ཆུ་འདོན་སྦུག་དྲ་རང་དགར་མི་འཁྲིད་པ་དང་། རང་འབབ་ཆུ་འདྲེན་སྦུག་དྲ་འདིང་ཁོངས་སུ་སྒྲིག་འགལ་གྱིས་ཚོད་འཛིན་བྱེད་མི་ཆོག  དེ་ལས་འགལ་ཚེ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ། དགུན་དུས་སྦུག་དྲ་འདིང་ཁོངས་སུ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་དང་ལས་གྲྭའི་སྔོག་འདོན་བྱེད་མི་ཆོག གལ་ཏེ་སྔོག་འདོན་བྱེད་དགོས་ཚེ་ཁོངས་གཏོགས་ས་ཆའི་ཤང་གྲོང་རྡལ་ལ་དགོངས་སྐོར་ཞུས་ནས་ཆོག་མཆན་ཐོབ་རྗེས་ཉམས་གསོ་དུས་ཐོག་ཏུ་བྱས་ནས་སྦུག་དྲ་འཁྱགས་པ་མི་ཐེབས་པ་བྱེད་དགོས།
(གཉིས)ཆུ་འདོན་སྦུག་དྲའི་སྟེང་ནས་ས་ལེན་པའམ་ཡང་ན་ས་སྙོམས་མི་ཆོག་པ་དང་། ཆུ་འདོན་སྦུག་དྲར་གཏོར་སྐྱོན་མི་ཕོག་པ་བྱེད་དགོས།
(གསུམ)གནད་དོན་ཆུང་གྲས་ཐོན་ཚེ། ཞིང་འབྲོག་ཁུལ་གྱི་ཤང་གྲོང་རྡལ་སྲིད་གཞུང་གིས་ཉམས་གསོ་དང་བདག་སྐྱོང་བྱེད་འགན་འཁུར་རྒྱུ་དང་། ཉམས་གསོའི་མ་དངུལ་དེ་གྲོང་ཚོ་ཁག་གི་ཆུ་རིན་དང་དམངས་ཕན་བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་ནང་ནས་གཏོང་དགོས་པ་མ་ཟད་ཐོ་འགོད་ཡག་པོ་བྱེད་དགོས། དུས་མཚུངས་སུ་རྒྱུན་སྤྱོད་དང་ཟད་གྲོན་སླ་བའི་སྒྲིག་ཆས་ཁག་ཅིག་གྲབས་གསོག་བྱས་ནས་གནད་དོན་བྱུང་ཚེ་དུས་ཐོག་ཏུ་འགན་སྲུང་ཐུབ་པ་བྱེད་དགོས།   
ལྔ། ཆུ་མགོ་དང་ཆུ་ལེན་ས་རྒྱུན་དུ་སྲུང་སྐྱོབ་བྱེད་དགོས།
(གཅིག)རང་འབབ་ཆུ་མགོའི་ཁུལ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ཆུ་ལེན་སའི་མཐའ་འཁོར་གྱི་གད་སྙིགས་དང་རྩྭ་ངན་གཙང་སེལ་དང་། དྲོད་ཚད་གློ་བུར་དུ་མར་ཆག་ནས་ཆུ་ལེན་ས་མི་འཁྱགས་པ། ཆུ་ལེན་ས་གཙང་ཞིང་ཁོད་སྙོམས་པོ་ཡོང་རྒྱུར་ཤུགས་སྣོན། ཆུ་ལེན་སའི་སྒྲིག་བཀོད་ལ་སྲུང་སྐྱོང་ཡག་པོ་བཅས་བྱེད་དགོས།
(གཉིས)ས་འོག་གི་ཆུ་མགོའི་མཐའ་འཁོར་གྱི་གཙང་སྦྲ་དང་ཁྲོན་པའི་ནང་གི་གཙང་སྦྲ་ཡག་པོ་དེ་བཞིན་ཆུ་འབུད་སྦུག་ལམ་གཙང་བཤེར་བྱས་ནས། ཁྲོན་པའི་མཐའ་འཁོར་དུ་འཁྱགས་པ་མི་ཐེབས་པ་བྱེད་དགོས། 
དྲུག  ཞབས་ཞུའི་ཐད་སྦྲེལ་ཁ་པར།
གལ་ཏེ་ཁྱེད་ཀྱིས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་ཆུ་སྦུག་ནས་མི་སྒེར་གྱིས་ཆུ་རྐུ་སྤྱོད་བྱས་པའམ་ཡང་ན་ཆུ་འདོན་སྦུག་ལམ་ནས་ཆུ་འཛག་པ། ཁྱིམ་དུ་ཆུ་མེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ། ས་ཆ་དེ་གའི་གྲོང་ཚོ་ཨུ་ཡོན་ལྷན་ཁང་ལ་དུས་ཐོག་ཏུ་གནས་ཚུལ་གོང་ཞུ་བྱེད་པ་དང་། “ཆུ་སྤྱོད་དུད་ཚང་---གྲོང་ཚོ་ཨུ་ལྷན་(འཐུང་ཆུ་དོ་དམ་བྱེད་མཁན)ཁག་---ཤང་ངམ་གྲོང་རྡལ་ཁག་---རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད་---རྫོང་ཆུ་བེད་ཅུད་---གྲོང་ཁྱེར་ཆུ་བེད་ཅུད”བཅས་རིམ་པ་བཞིན་གོང་ཞུ་བྱས་ནས་ཐག་གཅོད་རྒྱུའི་ལམ་ལུགས་དོན་འཁྱོལ་བྱ་དགོས།  གལ་ཏེ་ཐག་གཅོད་ཐུབ་མེད་ཚེ། ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུད་དང་ས་ཆ་དེ་གའི་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུད་དམ་ཆུ་བེད་ཅུད་ཀྱི་འཐུང་ཆུའི་གནད་དོན་སྐོར་གྱི་ཞབས་ཞུའི་ཐད་འབྲེལ་གཏུག་ཁ་པར་རྒྱག་ཆོག
འཐུང་ཆུའི་བདེ་འཇགས་དེ་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་དང་། སྤྱོད་མཁན་གྱི་གཞི་གྲངས་མང་བ།  ཁྱབ་ཁྱོན་ཆེ་ལ་སྡོད་གནས་ཁ་ཐོར་ཡིན་པ་བཅས་ཡོད་པས། དགུན་དུས་དྲོད་སྲུང་དང་དོ་དམ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བའི་དོན་ཆེན་ཞིག་ཡིན་པས་ཆུ་སྤྱོད་དུད་ཚང་ཁག་གིས་བློ་སེམས་གཅིག་སྒྲིལ་གྱིས་དོ་དམ་བྱེད་དགོས། སྐུ་ཉིད་ཀྱི་དགུན་དུས་ཆུ་སྤྱོད་བདེ་འཇགས་ཡོང་ཆེད་རང་ཁྱིམ་གྱི་སྒྲིག་ཆས་དང་སྒྲིག་བཀོད་ལ་སྲུང་སྐྱོང་ཡག་པོ་དང་མཉམ་སྤྱོད་ཆུ་ཚོད་དང་ཁྲོན་པར་དོ་དམ་ཡག་པོ་བྱེད་དགོས་པ་དང་། འཐུང་ཆུའི་སྒྲིག་ཆས་ལ་ལྟ་སྲུང་བྱ་རྒྱུ་ལྷོད་གཡེང་ཤོར་བ་མཐོང་ཚེ་རང་འགུལ་ངང་ལྟ་སྲུང་དང་གཞན་ལ་དྲན་སྐུལ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཚོས་ཐུན་མོང་ཐོག་དགུན་དུས་ཀྱི་ཆུ་འདོན་འགན་སྲུང་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་གཞོགས་འདེགས་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད།

ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུད།
2024ལོའི་ཟླ་བ་11ཚེས་18ཉིན།


往期回顾

བྱང་ཐང་དུ་ལང་ཚོ་སྐྱེས་སུ་འབུལ་བཞིན་པའི་ཁོང་རྣམ་པ་ངོ་ཨེ་ཤེས།


营造公平有序市场环境 那曲市市场监督管理局这样做!

祝贺!那曲巴桑热典......

编 辑(一审):索朗曲珍

责 编(二审:秦     瑶

审 核(三审:戴 青 霞


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章