广大流动党员同志们:
无论您是暂别故土逐梦他乡的奋斗者,还是远道而来砥砺奋进的建设者,长期以来,你们用辛勤的付出在不同领域不同岗位拼搏奋斗、担当作为,展现了新时代中国共产党员的先锋模范形象。在此,我们真诚地向你们致以崇高敬意和衷心感谢!
党的二十大报告指出,“要加强和改进党员特别是流动党员教育管理”。作为一名中国共产党员,参加党内活动,既是组织赋予的权利,也是党员应尽的义务,更是光荣的政治责任。为了更好地服务和联系大家,曲松县将进一步加强和改进流动党员教育管理工作,我们诚邀各位流动党员进行集中报到和身份确认,尽快加入党组织的大家庭,并向全县广大流动党员发出倡议:
找组织“亮身份”。无论你们走到哪里、距离多远,入党时的铮铮誓言都不能忘,为人民服务的初心更不能丢,党组织始终牵挂着你们!不管是流入或者流出曲松的党员同志,希望你们能及时到流入、流出地党组织主动报到、亮明身份,每月自觉同两地党组织至少联系1次,并接受两地党组织的“双向管理”,积极参加党组织生活。如果您的工作单位、联系地址、手机号码等联系方式有所变化,请及时告知党员组织关系所在的党支部。无论您身在何处,全国各地的党组织都是您温暖的“家”!
强思想“固根基”。无论您身处何方,都请自觉接受流入、流出地党组织的管理,参加党内活动,这既是一种权利,也是一种义务,更是一种光荣的政治责任。希望你们积极参加“三会一课”、主题党日、组织生活会等党的组织生活以及各类学习教育活动,认真学习贯彻习近平新时代中国特色社会主义思想,坚定理想信念,结合所学所知、所擅所长,积极发挥党员先锋模范作用,树好形象、当好标杆、作好表率,努力在岗位上发光发热,践行初心使命,及时足额交纳党费,以实际行动为党旗增光添彩!
献良策“做贡献”。对于流出党员,希望您积极参加流入地党组织生活,时刻牢记党员身份,立足岗位履行使命、遵纪守法,展示良好曲松县党员的模范形象、讲好曲松故事,期待您发挥自身优势,把外面的好理念、好经验、好做法带回来,促进家乡发展;对于流入党员,诚挚希望您把曲松县当作自己的“第二故乡”,充分发挥自身长期在外、见多识广、思路开阔等优势,关心曲松、热爱曲松、扎根曲松,为曲松的各项建设、社区治理等工作建言献策,曲松县党组织永远都是您最坚实的依靠!
无论您在哪里,党组织都希望与广大流动党员保持常态化的沟通联系,努力做好流动党员服务工作,帮助大家履行党员义务、行使党员权利,为大家提供更好的保障。最后,衷心祝愿您身体健康、工作顺利、阖家幸福、扎西德勒!
中共曲松县委组织部
2024年11月20日
ཆུ་གསུམ་རྫོང་གི་རྒྱ་ཆེའི་ཕྱིར་བསྐྱོད་ཏང་ཡོན་ཚོར་སྤྲིངས་པའི་འཕྲིན་ཡིག
རྒྱ་ཆེའི་ཕྱིར་བསྐྱོད་ཏང་ཡོན་བློ་མཐུན་ལྷན་རྒྱས།སྐུ་ཉིད་ཕ་ཡུལ་བྲལ་ཏེ་གཞན་ཡུལ་ཕྱོགས་སུ་ཕུགས་འདུན་དོན་གཉེར་བྱེད་མཁན་ཞིག་ཡིན་ནའང་འདྲ། ཡང་ན་གཞན་ཡུལ་ཕྱོགས་ནས་གནས་དེར་འབད་འབུངས་ཡར་བརྩོན་བྱེད་མཁན་ཞིག་ཡིན་ནའང་འདྲ། དུས་ཡུན་རིང་པོའི་ནང་། ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཁྱབ་ཁོངས་མི་འདྲ་བ་དང་ལས་གནས་མི་འདྲ་བའི་ཐོག་འབད་འཐབ་ལྷོད་མེད་དང་འགན་འཁྲི་ནན་སྒྲུབ་བྱས་པ་བརྒྱུད། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་གཟུགས་བརྙན་གང་ལེགས་མངོན་པར་བྱས་ཡོད། དུས་འདིར། ང་ཚོས་ལྷག་བསམ་རྣམ་དག་གིས་ཁྱེད་རྣམ་པར་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་"ཏང་ཡོན་དང་ལྷག་པར་དུ་ཕྱིར་བསྐྱོད་ཏང་ཡོན་གྱི་སློབ་གསོ་དོ་དམ་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས"ཞེས་བསྟན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན། ཏང་ནང་ཁུལ་གྱི་བྱེད་སྒོའི་ནང་ཞུགས་རྒྱུ་ནི་རྩ་འཛུགས་ཀྱིས་སྤྲད་པའི་དབང་ཆ་ཡིན་ལ་ཏང་ཡོན་གྱིས་སྒྲུབ་དགོས་པའི་འོས་འགན་ཞིག་ཀྱང་ཡིན་པ་མ་ཟད། གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་དེ་བས་ཀྱང་ཡིན། དེ་ཡང་ཚང་མར་དེ་བས་ལེགས་པའི་སྒོ་ནས་ཞབས་ཞུ་དང་འབྲེལ་བ་བྱ་ཆེད། ཆུ་གསུམ་རྫོང་གིས་ཕྱིར་བསྐྱོད་ཏང་ཡོན་གྱི་སློབ་གསོ་དོ་དམ་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། ང་ཚོས་ལྷག་བསམ་རྣམ་དག་གིས་ཕྱིར་བསྐྱོད་ཏང་ཡོན་རྣམས་གདན་འདྲེན་ཞུས་ནས་གཅིག་སྡུད་འབྱོར་ཐོ་འགོད་པ་དང་ཐོབ་ཐང་གཏན་འཁེལ་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི་ནང་གང་མགྱོགས་ཞུགས་རྒྱུ་མ་ཟད། རྫོང་ཡོངས་ཀྱི་རྒྱ་ཆེའི་ཕྱིར་བསྐྱོད་ཏང་ཡོན་ཚོར་གྲོས་འགོ་འདོན་རྒྱུ་གཤམ་གསལ།རྩ་འཛུགས་བཙལ་ནས་ཐོབ་ཐང་གསལ་སྟོན་བྱེད་པ། ཁྱེད་ཚོ་ཡུལ་གང་དུ་བསྐྱོད་པ་དང་བར་ཐག་རིང་ཐུང་ཇི་ཙམ་ཡོད་ཀྱང་ཏང་ནང་དུ་ཞུགས་སྐབས་བཞག་པའི་ཞུམ་མེད་ཀྱི་དམ་བཅའ་བརྗེད་མི་རུང་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ནི་དེ་བས་ཀྱང་དོར་མི་རུང་། ཏང་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཁྱེད་ཚོར་སེམས་ཁྲལ་བྱེད་བཞིན་ཡོད། ཆུ་གསུམ་དུ་སླེབས་པའམ་ཡང་ན་ཕྱིར་ཐོན་པའི་ཏང་ཡོན་བློ་མཐུན་ཚོ། ཁྱེད་ཚོས་དུས་ཐོག་ཏུ་འགྲོ་ཡུལ་དང་སྔར་སྡོད་སའི་ཏང་རྩ་འཛུགས་ལ་རང་འགུལ་གྱིས་འབྱོར་ཐོ་འགོད་པ་དང་ཐོབ་ཐང་གསལ་སྟོན་བྱས་ཏེ། ཟླ་རེར་རང་འགུལ་ངང་ས་གནས་གཉིས་ཀྱི་ཏང་རྩ་འཛུགས་དང་ཉུང་མཐར་ཡང་འབྲེལ་གཏུག་ཐེངས་གཅིག་བྱ་དགོས་པ་མ་ཟད། ས་གནས་གཉིས་ཀྱི་ཏང་རྩ་འཛུགས་ཀྱི"ཕྱོགས་གཉིས་ཀྱི་དོ་དམ"དང་ལེན་བྱས་ནས། ཏང་རྩ་འཛུགས་ཀྱི་འཚོ་བར་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད། གལ་ཏེ་ཁྱེད་ཀྱི་ལས་ཀ་བྱེད་ས་དང་འབྲེལ་གཏུག་བྱེད་གནས། ཁ་པར་ཨང་གྲངས་སོགས་འབྲེལ་གཏུག་བྱེད་སྟངས་ལ་འགྱུར་བ་བྱུང་ན། ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་གནས་སའི་ཏང་ཀྲི་པུའུ་ལ་དུས་ཐོག་ཏུ་ཤེས་སུ་འཇུག་དགོས། ཁྱེད་རང་ས་ཕྱོགས་གང་དུ་གནས་ཀྱང་རྒྱལ་ཡོངས་ས་གནས་ཁག་གི་ཏང་གི་རྩ་འཛུགས་ཚང་མ་ཁྱེད་ཀྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཡིན།བསམ་བློར་ཤུགས་སྣོན་བརྒྱབ་ནས་རྨང་གཞི་བརྟན་དུ་གཏོང་དགོས། སྐུ་ཉིད་ས་ཕྱོགས་གང་དུ་གནས་ཀྱང་རང་རྟོགས་ཀྱིས་འགྲོ་ཡུལ་དང་སྔར་སྡོད་སའི་ཏང་རྩ་འཛུགས་ཀྱི་དོ་དམ་དང་ལེན་བྱེད་དགོས། ཏང་ནང་གི་བྱེད་སྒོའི་ནང་ཞུགས་པ་དེ་ནི་ཁེ་དབང་ཞིག་ཡིན་ལ་འོས་འགན་ཞིག་ཀྱང་ཡིན་པ་མ་ཟད། གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་དེ་བས་ཀྱང་ཡིན། ཁྱེད་རྣམ་པས"ཚོགས་འདུ་གསུམ་དང་སློབ་ཚན་གཅིག"དང་། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་ཏང་གི་རྩ་འཛུགས་ཀྱི་འཚོ་བ་དང་དེ་བཞིན་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ཏན་ཏིག་བསྟར་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ། སྦྱངས་པའི་ཤེས་བྱ་དང་རང་ཉིད་ཀྱི་མཁས་པའི་ཆ་ཤས་ཟུང་འབྲེལ་གྱིས་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། གཟུགས་བརྙན་ཡག་པོ་གཏོད་པ་དང་། མིག་དཔེ་ཡག་པོ་སྟོན་པ། གདོང་ལེན་ཡག་པོ་བྱེད་པ་བཅས་བྱས་ནས། ལས་གནས་ཐོག་བྱས་རྗེས་གང་ལེགས་འཇོག་ཐུབ་པ་བྱས་ཏེ། ཐོག་མའི་བསམ་འདུན་ལག་བསྟར་དང་དུས་ཐོག་ཏུ་ཏང་དངུལ་ཚད་ལོན་ངང་འཇལ་བ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དར་ལ་གཟི་བརྗིད་སྣོན་པ་བཅས་བྱ་རྒྱུའི་རེ་བ་ཡོད། ཇུས་བཟང་ཕུལ་ནས་ལེགས་སྐྱེས་འབུལ་དགོས། ཕྱིར་ཐོན་པའི་ཏང་ཡོན་ལ་སྐུ་ཉིད་འགྲོ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འཚོ་བའི་ནང་ཧུར་ཐག་གིས་ཞུགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་ངེས་ནས། ལས་གནས་ལ་གཞི་ཚུགས་ཏེ་འགན་འཁྲི་སྒྲུབ་པ་དང་། སྒྲིག་བརྩི་ཁྲིམས་སྲུང་། ཆུ་གསུམ་ཏང་ཡོན་གྱི་མིག་དཔེའི་སྣང་བརྙན་ལེགས་པོ་མངོན་པར་བྱས་ཏེ། མི་རྣམས་ལ་ཆུ་གསུམ་གྱི་གཏམ་རྒྱུད་ལེགས་པར་བཤད་ནས། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་ཀྱིས་ཕྱི་རོལ་གྱི་ལྟ་བ་བཟང་པོ་དང་། ཉམས་མྱོང་བཟང་པོ། བྱེད་ཐབས་བཟང་པོ་བཅས་ཁྱེར་ཡོང་ནས་ཕ་ཡུལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་དང་། ཕྱི་ཕྱོགས་ནས་ཕེབས་པའི་ཏང་ཡོན་ཚོས་ཆུ་གསུམ་དེ་ཉིད་རང་གི"ཕ་ཡུལ་གཉིས་པར"བརྩིས་ནས། ཁྱེད་ཚོ་ཡུན་རིང་ཕྱིར་བསྡད་པ་དང་། མཐོང་རྒྱ་ཐོས་རྒྱ་ཆེ་བ། བསམ་ཕྱོགས་ཡངས་པ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཆུ་གསུམ་ལ་དོ་ཁུར་དང་། ཆུ་གསུམ་ལ་དགའ་ཞེན། ཆུ་གསུམ་དུ་གཞི་ཚུགས་པ་བཅས་བྱས་ཏེ། ཆུ་གསུམ་གྱི་འཛུགས་སྐྲུན་ཁག་དང་སྡེ་ཁུལ་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་ཐབས་དང་ཇུས་འདོན་རྒྱུའི་རེ་བ་ཡོད་ལ་ཆུ་གསུམ་རྫོང་གི་ཏང་རྩ་འཛུགས་ནི་ནམ་ཡང་ཁྱེད་ཀྱི་བློས་འཁེལ་ཤོས་ཀྱི་བརྟེན་ས་ཡིན།སྐུ་ཉིད་ས་ཕྱོགས་གང་དུ་ཡོད་ཀྱང་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་ཕྱིར་བསྐྱོད་ཏང་ཡོན་ཚོ་དང་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་རྒྱུན་འཁྱོངས་དང་། ཕྱིར་བསྐྱོད་ཏང་ཡོན་གྱི་ཞབས་ཞུའི་ལས་ཀ་གང་ལེགས་སྒྲུབ་པ། ཚང་མར་ཏང་ཡོན་གྱི་འོས་འགན་དང་ཏང་ཡོན་གྱི་ཁེ་དབང་སྤྱོད་རོགས་བཅས་བྱས་ནས། ཚང་མར་འགན་སྲུང་སྔར་ལས་ལེགས་པ་བྱེད་ཐུབ་རྒྱུའི་རེ་བ་ཡོད། མཇུག་ཏུ་སྐུ་ཉིད་སྐུ་གཟུགས་གསལ་ཐང་དང་། བྱ་བ་ལམ་ལྷོངས། ཁྱིམ་ཚང་འཆམ་མཐུན། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན། ཀྲུང་གུང་ཆུ་གསུམ་རྫོང་ཨུད་རྩ་འཛུགས་པུའུ་ནས།
编 辑:达娃卓玛
校 对:达娃仓吉
审 核:尚 妮
投稿邮箱:qusongxianwxb@163.com