སྤྱི་ཚེས་༡༠ཉིན་གྱི་ཆུ་ཚོད་༡༤ཡས་མས་སུ། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རང་བདག་དྲ་གྲུབ་ཅན་གྱི་ནུས་གསོག་རྣམ་གྲངས་ཏེ། བོད་ལྗོངས་གསེར་རྙེད་ཆུས་རྟ་སྒ་ཕུའི་རང་བདག་དྲ་གྲུབ་ཅན་གྱི་ནུས་གསོག་གློག་ཁང་ནས་དངོས་སུ་དྲ་སྦྲེལ་བྱས་ནས་གློག་གཏོང་འགོ་ཚུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་བདག་དྲ་གྲུབ་ཅན་གྱི་ནུས་གསོག་གློག་ཁང་དེ་ནི་གློག་དྲའི་གློག་གསོག་འབོ་ཞིག་དང་འདྲ་བར། གློག་ཤུགས་ལྷག་འཕྲོ་ཡོད་དུས་གློག་གསོག་འཇོག་བྱེད་ཐུབ་པ་དང་། གློག་བེད་སྤྱོད་མང་བའི་སྐབས་གློག་དྲའི་གློག་མི་འདང་བ་བྱུང་ཚེ། དྲ་གྲུབ་ཅན་གྱི་ནུས་གསོག་གློག་ཁང་ནས་གློག་དྲར་རང་འགུལ་ངང་གློག་གཏོང་ཐུབ་ཀྱི་ཡོད་པ་རེད།
རང་བདག་དྲ་གྲུབ་ཅན་གྱི་ནུས་གསོག་གློག་ཁང་དེ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་རྟ་སྒ་ཕུ་གྲོང་ཚོར་ཡོད་པ་དང་། དེ་ནི་རང་སྐྱོང་ལྗོངས་ཀྱི་༢༠༢༤ལོའི་གཙོ་གནད་མཁོ་སྤྲོད་རྣམ་གྲངས་ཤིག་ཡིན་ཞིང་། བོད་ལྗོངས་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་ཞིག་རེད། རྣམ་གྲངས་འདིའི་སྤྱིའི་གློག་གཏོང་ཚད་ཁག་སོ་སོར་ཆུ་ཚོད་རེར་ཀྲའོ་ཝ་༡༠༠དང་ཀྲའོ་ཝ་༤༠༠ཟིན་གྱི་ཡོད་པ་རེད།
བོད་ལྗོངས་གསར་སྤེལ་མ་འཇོག་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སླད་ཕྱིན་རྣམ་གྲངས་དེས་ཉིན་ལྟར་ནག་ཆུ་གྲོང་ཁྱེར་དུ་གློག་ཏུའུ་ཁྲི་༤༠ཙམ་མཁོ་འདོན་ཐུབ་རྒྱུ་ཡིན་པས། ནག་ཆུ་གྲོང་ཁྱེར་དུ་གློག་དཀོན་པའི་གནད་དོན་སྤྱིའི་ཆ་ནས་ཐག་གཅོད་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་རྒྱུན་ལས་ཆུས་ཀྲང་གཞོན་པ་ཝུའུ་ཝེ་ཅེ་ཡིས། གློག་ཁང་འདི་ནས་གློག་གཏོང་འགོ་ཚུགས་རྗེས། གློག་ཡུན་རིང་བེད་སྤྱོད་བྱེད་དགོས་པའི་ཁེ་ལས་དང་མང་ཚོགས་ཚོར་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་རེད་ཅེས་བཤད་པ་རེད།
གཞན་ཡང་། སྔོན་དཔག་བྱས་ན་རྣམ་གྲངས་འདིས་མ་འོངས་ལོ་༢༠ནང་ནུས་རྒྱུ་གཙང་མའི་གློག་ནུས་སྟོང་ཝ་དུང་ཕྱུར་༤༦.༧༢གཏང་ཐུབ་རྒྱུ་ཡིན་པ་དེ། ཚད་ལྡན་རྡོ་སོལ་ཀྲོན་ཁྲི་༡༨༦.༨༨གྲོན་ཆུང་ཐུབ་པ་དང་། དབྱངས་གཉིས་ཐན་འགྱུར་ཕྱིར་གཏོང་བྱས་ཚད་ཀྲོན་ཁྲི་༤༦.༨༦ཉུང་དུ་བཏང་བ་དང་གཅིག་མཚུངས་ཡིན་པ་རེད།
往期回顾
记 者:仓果
编 辑(一审):才仁拉珠
责 编(二审):国 吉
审 核(三审):索 朗