10月19日,集团董事局主席边久论珠主持召开集团办公会议,总裁办成员、总裁助理朗卓群培出席会议,集团在家员工参加会议。
会议指出,新时代员工的素质和能力水平是企业竞争力的核心因素,进一步提升员工的工作能力、基层经验尤为重要。将开展“行政员工轮流下基层活动”活动,增加工作经验、管理能力,提升综合素质、能力水平,增强企业凝聚力、战斗力,推动企业可持续健康发展。
会议决定,派久美多吉、各部门轮派人员到集团健康产业、商业地产等历练培训。通过基层锻炼,改进工作作风,锤炼优秀员工,掌握基层具体情况,以实际行动和实际成效促进集团高质量发展。
会议要求,下基层锻炼的轮派人员,要在新的工作岗位上履职尽责,带着责任之心、敬畏之心,不搞特殊、不扰乱基层正常工作,虚心学习、积累经验。要把纪律和规矩挺在前面,各部门负责人坚持每周至少向董事长汇报一次工作开展情况,不得推诿应付、敷衍拖延。严禁上班期间玩手机、打游戏等不正之风。严抓工作落实,进一步树立“严真细实快”的工作作风,强化责任担当,发扬斗争精神,增强斗争本领,主动担当、提高效率。“能力是练出来的,实绩是干出来的”,大家要以“时不我待”的精神和“时时放心不下”的责任感,做实做细各项工作。
ཚོགས་འདུའི་ནང་དོན་
༡ ཕུགས་བསམ་དང་ལྡན་དགོས།
བལ་དཀྱིལ་ནས་ལངས་ན་རྐང་མི་ཚུགས་ཟེར་བ་ལྟར། ཚོགས་པའི་ཤུལ་འཛིན་མི་སྣ་དང་དེ་བཞིན་ཆེས་ལས་མི་སྣ་ཁག་གསོ་སྐྱོང་བྱེད་པར་དང་པོ་ཉིད་ནས་སྦྱོང་བརྡར་བྱེད་རྒྱུ་ནི་གལ་ཆེན་ཞིག་ཡིན་པ་དང་ལྷག་པར་དུ་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ནི་ངེས་པར་དུ་ཡོད་དགོས། ཚོགས་པའི་སྲིད་འཛིན་མི་སྣ་རྣམས་རིམ་པ་བཞིན་གཞི་རིམ་དུ་ཟླ་ཡུན་གཉིས་རིང་གི་གཤམ་བསྐྱོད་སྦྱོང་བརྡར་གཏོང་རྒྱུ་ཡིན། དེ་ཡང་ཐོག་མར་ཚོགས་པའི་རྐང་བདག་འགྱུར་མེད་རྡོ་རྗེ་ནས་འགོ་བཙུགས་སྟེ་ས་ཁང་ཐོན་ལས་གི་བདེ་སྲུང་མི་སྣ། མགྲོན་ཁང་གི་ཞབས་ཞུ་བ། སྒོ་རྩིས་ཚོང་ཁང་གི་དངུལ་བསྡུ་བ་སོགས་ཀྱི་ཉམས་མྱོང་བསགས་པར་ལོ་གསུམ་རིང་འགྲོ་རྒྱུ།
༢ གུས་ལུགས་འདུ་ཤེས་ཡོད་དགོས།
བྱ་དེ་གདང་ལ་འཛེགས་པར་ལྟ་བ་ལས། ཞི་མི་སྐས་ནས་བབ་པར་ལྟ་མི་འོས། ལས་ཀར་བསམ་པ་རྣམ་དག་དང་ལས་ཀའི་བྱེད་སེམས་དང་ནུས་ཤུགས་ལ་ཡང་དོ་སྣང་བྱེད་དགོས། སྔོན་གྱི་ལམ་ལུགས་ལྟར་ལས་དོན་སྙན་ཞུ་དེ་བདུན་རེ་རེའི་ཐོག་ངེས་པར་དུ་འགོ་ཁྲིད་གཙོ་བདག་གི་སར་སྙན་གསེང་ཞུ་དགོས། ཚོགས་པ་དང་མི་སྒེར་གྱི་དབར་གཅིག་རྟེན་གཅིག་རོགས་ཀྱི་འབྲེལ་བ་ཡིན་ཙང་། ཚོགས་པས་ལས་མི་ཡོངས་ལ་བསམ་གཞིགས་གང་ཡོད་ཀྱིས་གླ་ཕོགས་དང་སྤྱི་ཚོགས་ཕན་བདེ་བསྐྲུན་པ་ཡོད་ལ་ ལས་མི་རྣམས་ནས་ཀྱང་ཚོགས་པའི་ཁྱིམ་ཚང་ཆེན་པོ་འདིའི་ཆེད་དུ་རང་གིས་རང་ལ་སྐུལ་འདེད་གཏོང་དགོས། དེ་བཞིན་ཡ་རབས་ཀྱི་གོམས་གཤིས་དང་ཀུན་སྤྱོད། སྒེར་དང་སྤྱི་པའི་གཙང་སྦྲ་སོགས་ལ་ཡང་ངེས་པར་དོ་སྣང་བྱེད་དགོས།
༣ དོ་དམ་ལ་ཤུགས་སྣོན་རྒྱག་དགོས།
ཉེ་བའི་ལོ་༡རིང་ཚོགས་པའི་འགོ་ཁྲིད་བཙལ་ནས་ལས་ཀའི་གོ་སྐབས་སྤྲོད་རོགས་ཟེར་མཁན་མི་གྲངས་༡༧ཙམ་བྱུང་། ད་ལྟའི་དུས་འདིར་ལས་གནས་ཧ་ཅང་དཀོན་ལ་འགྲན་རྩོད་ཡང་ལྷག་ཏུ་ཆེ། དེ་ལྟར་ན་ཕ་ཡིས་ཕ་ཡི་ལས་ཟིན། བུ་ཡིས་བུ་ཡི་ལས་ཟིན་ཟེར་བ་ཇི་བཞིན། དོ་དམ་མི་སྣ་དང་ལས་མི་ཡོངས་ཀྱིས་ཁག་སོ་སོའི་ལས་ཀ་ཁག་ཧུར་ཐག་བར་ཐག་བྱེད་དགོས་ལ། རང་གི་ལག་རྩལ་དང་ནུས་པ་ཆེར་འདོན། དེ་བཞིན་འགན་འཁྲི་ཁུར་ཕོད་པ། ཁུར་ཐུབ་པ་བྱེད་དགོས།
-END-