点击
上方蓝字
关注掌上●德格
ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གཞུང་ལས་ཁང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་གཞུང་ལས་ཁང་གི《དཀར་མཛེས་ཁུལ་གྱི“ས་སློག་ན་བདའ་འདེད་ཡོད”ཀྱི་ལས་ཀའི་བྱེད་ཐབས》དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།
རྫོང(གྲོང་ཁྱེར)ཁག་གི་ཏང་ཨུ་དང་མི་དམངས་སྲིད་གཞུང་།ཁུལ་རིམ་པའི་སྡེ་ཁག་སོ་སོ།ཞིང་ཆེན་ཁོངས་གཏོགས་ཀྱི་སྲིད་འཛིན་ཁེ་ལས་དང་དོན་ལས་སྡེ་ཚན།ཁུལ་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན།
ཁུལ་ཨུ་དང་ཁུལ་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད།ད་ལྟ《དཀར་མཛེས་ཁུལ་གྱི“ས་སློག་ཚེ་བདའ་འདེད་ཡོད”ཀྱི་ལས་ཀའི་བྱེད་ཐབས》ཁྱེད་ཚོར་པར་འགྲེམས་བྱ་རྒྱུ་ཡིན་པས།དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་དགོས།
དཀར་མཛེས་ཁུལ་གྱི“ས་སློག་ཚེ་བདའ་འདེད་ཡོད”ཀྱི་ལས་ཀའི་བྱེད་ཐབས།
ཁུལ་ཡོངས་ཀྱི་ས་ཞིང་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་།ས་ཞིང་སྒྲིག་འགལ་ཁྲིམས་འགལ་ངང་བཀོལ་བའི་བྱ་སྤྱོད་གསར་པ་གཏན་འགོག་བྱེད་པ།ཁྲིམས་འགལ་ངང་ས་ཞིང་སྤྱོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱ་ཆེད།《དཀར་མཛེས་ཁུལ་གྱི“ས་སློག་ན་བདའ་འདེད་ཡོད”ཅེས་པའི་ལས་ཀའི་བྱ་ཐབས》འདི་ཆེད་དུ་བཟོས་པ་ཡིན།
གཅིག འགན་འཁྲི་ཁ་གསལ་ཡོང་བ།
“ཡུལ་གཏོགས་འགན་འཁུར”གྱི་རྩ་དོན་གཞིར་བཟུང་ནས།རྫོང(གྲོང་ཁྱེར)དང་།ཤང་གྲོང(ཁྲོམ་གཞུང)གྲོང་ཚོ(སྡེ་ཁུལ)བཅས་ཀྱི་རིམ་པ་སོ་སོའི་ལས་བྱེད་པས་སྲིད་འཛིན་དོ་དམ་ཁྱབ་ཁོངས་ནང་གི་ས་ཞིང་འདྲ་མིན་ཐོག་ལ་སྔོག་འདོན་དང་།ཁོད་སྙོམས།འཛུགས་སྐྲུན།རྨོ་ཞིང“འབྲུ་མིན་ཅན”དང་དེ་བཞིན་ས་རྒོད་དུ་བསྐྱུར་བ་སོགས་ཀྱི“ས་སློག”པའི་བྱ་སྤྱོད་སྤེལ་བ་ལ།རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྱོན་ཡོངས་ལ་སྐོར་ཞིབ་བྱས་ཏེ།“ས་སློག་ན་བདའ་འདེད་ཡོད”ཀྱི་དོ་དམ་ལས་ཀ་དོན་འཁྱོལ་བྱེད་དགོས།
གཉིས། འདྲི་རྩད་བྱེད་དགོས་པ་གསུམ།
(གཅིག)གནས་ཚུལ་མདོར་བསྡུས་འདྲི་རྩད་བྱེད་པ།“ས་སློག”བྱ་སྤྱོད་སྤེལ་བའི་དམིགས་ཡུལ་དང་།རྣམ་གྲངས་འཛུགས་སྐྲུན་གྱི་སྤྱོད་སྒོ།ཞིང་ལས་ཐོན་ལས་འཕེལ་རྒྱས་ཁྲོད་ལ་རྨོ་ཞིང་ཐོག་ཏུ་ཤིང་འབྲས་ལས་རིགས་འཕེལ་རྒྱས་གཏོང་བ་དང་།དྲོད་ཁང་ཆེན་མོ་སྐྲུན་པ།མཚེའུ་བསྔོགས་ནས་མཛེས་ལྗོངས་བཟོ་བ་སོགས་ཀྱི་གནས་ཚུལ་ཡོད་མེད་འདྲི་རྩད་བྱེད་པ།
(གཉིས)ངོ་བོ་འདྲི་རྩད་བྱེད་པ།ས་ཆ་སྤྱོད་པའི་ངོ་བོ་འདྲི་རྩད་བྱེད་པ།“ས་སློག”མ་བརྒྱབ་གོང་བདག་བཟུང་བྱས་པའི་ས་ཆའི་རིགས་ནི་ཡུན་རིང་གཞི་རྩའི་ཞིང་ས་དང་།སྣོད་བཅུད་སྲུང་སྐྱོང་གི་ཐིག་དམར།ནགས་ཚལ་རྩྭ་ཐང་།རང་བྱུང་སྲུང་སྐྱོང་ཁུལ་སོགས་ཡིན་མིན་ཞིབ་དཔྱད་བྱས་ཡོད་མེད་འདྲི་རྩད་བྱེད་པ།
(གསུམ)འགྲོ་ལུགས་འདྲི་རྩད་བྱེད་པ།རྣམ་གྲངས་འཛུགས་སྐྲུན་དང་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་ནགས་ས་དང་།རྩྭ་ས།ཞིང་ལས་སྒྲིག་བཀོད་སྤྱོད་ས།འཛུགས་སྐྲུན་སྤྱོད་ས་བཅས་ཀྱི་ས་ཆ་སྤྱོད་པའི་བཀའ་མཆན་ཐོབ་ཡོད་མེད་དང་།རྣམ་གྲངས་ཇུས་འགོད་དང་ཨར་ལས་སོགས་ཀྱི་ཇུས་གཞི་ནི་གཏན་འབེབས་གཞིར་བཟུང་ནས་ཞིབ་བཤེར་བྱས་ཡོད་མེད་དང་ལས་རིགས་སྡེ་ཚན་དུ་འབྲེལ་ཡོད་སྲིད་འཛིན་ཆོག་འཁྲོལ་ཐོབ་ཡོད་མེད་འདྲི་རྩད་བྱེད་པ།
གསུམ། ནན་དགོས་པ་གསུམ།
(གཅིག)དཔྱད་ཞིབ་ནན་ཏན་བྱེད་པ།“ས་སློག་ཚེ་བདའ་འདེད་ཡོད”ཀྱི་ལས་དོན་དེ་རྫོང(གྲོང་ཁྱེར)ཏང་ཨུད་དང་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་དོན་འཁྱོལ་བྱེད་པའི་ནང་བཅུག་ནས།དེ་མཚུངས་ཀྱི་དམིགས་ཚད་གྲངས་ཐང་སྣོན་དགོས།ས་སློག་ཚེ་བདའ་འདེད་ཡོད་ཀྱི་ལས་དོན་ཁྲོད་ཤེས་རྟོགས་མ་ཐུབ་ཅིང་།རྒྱལ་ཁབ་དང་ཞིང་ཆེན་གྱིས་ཤེས་རྟོགས་བྱུང་ནས་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་བརྡ་བསྒྲགས་བྱས་པ་ཡིན་ན།དམིགས་ཚད་ཀྱི་གྲངས་ཐང་མར་འཕྲི་དགོས།
(གཉིས) ཆད་པ་ནན་པོ་གཅོད་དགོས། “ས་སློག་ཚེ་བདའ་འདེད་ཡོད”ཀྱི་ལས་དོན་ཁྲོད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་ངང་ས་སྤྱོད་པའི་གནད་དོན་སྣ་ཚོགས་ལ།འགན་ནུས་སྡེ་ཁག་སོ་སོས་སྒྲིག་སྲོལ་དང་སྒྲིག་ཁྲིམས།བཅའ་ཁྲིམས་བཅས་གཞིར་བཟུང་ནས་ཞིབ་བཤེར་ཐག་གཅོད་དང་།དོགས་གཞི་ཉེས་གསོག་ཅན་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་དགོས།
(གསུམ)འགན་འཁྲི་བདའ་འདེད་ནན་པོ་བྱེད་པ།ལྟ་སྡོམ་འགན་འཁྲི་དང་ཡུལ་གཏོགས་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བའི་རྐྱེན་གྱིས་རྒྱལ་ཁབ་དང་ཞིང་ཆེན་གྱིས་ལྟ་ཞིབ་བརྡ་བསྒྲགས་བཏང་བ་དང་།གྱོད་དོན་ཐོ་འགོད་ཀྱི་ཞིབ་བཤེར་ཐག་གཅོད་བྱས་པ།སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱས་པ།ཆོག་མཆན་མ་ཐོབ་པར་ཡུན་རིང་གཞི་རྩའི་ཞིང་ས་བདག་བཟུང་བེད་སྤྱོད་བྱས་པ་དང་།གྲོང་གསེབ་ཏུ་ཞིང་སྤྱོད་ས་ཆ་གང་བྱུང་དུ་བདག་བཟུང་བྱས་ནས་སྡོད་ཁང་བསྐྲུན་པའི་རིགས་ལ།སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་སྲོལ་དང་།སྒྲིག་ཁྲིམས།བཅའ་ཁྲིམས་བཅས་གཞིར་བཟུང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
中共甘孜州委办公室 甘孜州人民政府办公室关于印发《甘孜州“动土必问”工作办法》的通知
各县(市)党委和人民政府,州级各部门,省属行政企事业单位,州属企事业单位:
中共甘孜州委办公室
甘孜州人民政府办公室
2024年10月16日
甘孜州“动土必问”工作办法
为进一步加强全州土地管理,杜绝出现新的土地违规违法行为,着力解决违法用地“视而不见”问题,特制定实施《甘孜州“动土必问”工作办法》。
一、明职责
按照“属地负责”原则,县(市)、乡镇(街道)、村(社区)各级干部对行政管辖范围内,在各类土地上进行开挖、平整、建设、耕地“非粮化”及撂荒等“动土”行为,常态化开展全覆盖巡查,落实“动土必问”管理工作。
二、三必问
(一)问概况。问实施“动土”行为目的,了解项目建设用途、农业产业发展是否有在耕地上发展林果业、建大棚房、挖湖造景等情形。
(二)问性质。问用地性质,“动土”前是否核实占用土地地类、永久基本农田、生态保护红线、林草地、自然保护地等情况。
(三)问手续。问项目建设、农业产业发展是否取得林地。草地、农业设施用地、建设用地等用地批复;项目设计施工等方案是否按规定进行审查并在行业部门办理相关行政许可。
三、三必严
主 办 :中共德格县委宣传部
德格县融媒体中心
供稿:县政府办
编辑:友珍
校对:麦拉拥措
责编:贾国芳
审核:泽翁龙珠
新闻热线:0836-8223344
投稿邮箱:3267257300@qq.com
版权声明
《掌上德格》微信公众号非原创转载文章所含部分文字、图片、音视频来自互联网,仅为传递更多信息之目的,文章所含文字、图片、音视频版权归原作者或媒体所有,我们将及时完善著权信息或删除处理。