བྱིས་པ་སློབ་གྲྭར་མ་བསྐྱལ་པར་ཁྱིམ་བདག་ལ་ཁྲིམས་ཆད་བཅད།

民生   2024-10-14 09:47   青海  





བྱིས་པ་སློབ་གྲྭར་མ་བསྐྱལ་པར་ཁྱིམ་བདག་ལ་ཁྲིམས་ཆད་བཅད།







ཉེ་ཆར། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧའེ་རིགས་རང་སྐྱོང་རྫོང་གི་མི་དམངས་ཁྲིམས་ཁང་གིས་བྱིས་པའི་ལྟ་སྐྱོང་མཁན་གྱིས་ནར་མ་སོན་པའི་མིར་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱེད་དུ་མ་བཅུག་པས། ཁྲིམས་འཛིན་བཀག་ཉར་ཉིན15བྱས་ཤིང་། རྒྱ་ཆེའི་སྤྱི་ཚོགས་ཡོངས་ཀྱིས་ནར་མ་སོན་པའི་མིས་སློབ་གསོའི་ཁེ་དབང་ལ་གནོད་སྐྱོན་བཟོ་མི་རུང་བའི་ཉེན་བརྡ་བཏང་།

2024ལོའི་སློབ་མགོ་གསར་པ་ཚུགས་པའི་སྐབས་སུ། དཔའ་ལུང་རྫོང་ཆུ་འཁོར་གྲོང་རྡལ་ཏུང་ཚུན་སྡེ་བའི་སྡེ་མི་སུའུ་ཆེ་གེ་མོས་བུ་བུ་མོ་གཉིས་ཀ་སློབ་ལོ་རན་ན་ཡང་འོས་འགན་སློབ་གསོ་དང་ལེན་བྱེད་དུ་གཏན་ནས་མ་བསྐྱལ་བར་ཆུ་འཁོར་གྲོང་རྡལ་མི་དམངས་སྲིད་གཞུང་གིས《སྲིད་འཛིན་ཆད་གཅོད་ཡི་གེ》བཟོས་རྗེས་སྔར་བཞིན་གོ་མེད་ཚོར་མེད་དུ་གྱུར། ཆུ་འཁོར་གྲོང་རྡལ་མི་དམངས་སྲིད་གཞུང་གིས་དཔའ་ལུང་རྫོང་ཁྲིམས་ཁང་ལ་གོང་གསལ་ཐག་གཅོད་འདི་བཙན་གྱིས་ལག་བསྟར་བྱེད་པའི་རེ་འདུན་སྙན་ཞུ་ཕུལ། དཔའ་ལུང་རྫོང་མི་དམངས་ཁྲིམས་ཁང་གིས་གྱོད་དོན་བདག་སྤྲོད་བྱས་རྗེས་མགྱོགས་མྱུར་གྱོད་དོན་བརྟག་དཔྱད་དང་དུས་ཐོག་ཏུ་སྲིད་འཛིན་ཐག་གཅོད་ཡི་གེ་བྲིས་ཏེ་ཆུ་འཁོར་གྲོང་རྡལ་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱས་པའི་སྲིད་འཛིན་ཆད་གཅོད་ཡི་གེ་དང་ལེན་བྱེད་རྒྱུ་ཐག་གིས་བཅད།

ཐག་གཅོད་ཡི་གེ་བསྐྱལ་རྗེས། ཁྲིམས་ཁང་གི་ཉེན་རྟོག་མི་སྣ་ཐེངས་མང་པོར་སློབ་མའི་ཁྱིམ་བདག་གི་ཁྱིམ་དུ་སོང་སྟེ་བྱིས་པ་སློབ་གྲྭར་བསྐྱལ་དགོས་པའི་གོ་སྐོན་བློ་འགུགས་ཀྱི་ལས་དོན་རབས་དང་རིམ་པ་ཞིག་སྤེལ་བར་མ་ཟད། ཁྱིམ་བདག་ལ་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཡོངས་ཁྱབ་སློབ་གསོ་སྤེལ། དེར་མ་ཟད《འོས་འགན་སློབ་གསོའི་བཅའ་ཁྲིམས》དང《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འཁེལ་གསལ་པོར་བཤད་ནས་འོས་འགན་གྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་དང་ལེན་བྱ་དགོས་ཏེ། སློབ་གསོ་དང་ལེན་བྱས་ཚེ་བྱིས་པའི་བདེ་ཐང་གི་འཚར་ལོངས་དང་མི་སྒེར་གྱི་མདུན་ལམ། ལས་དབང་སོགས་ལ་ཁ་ལོ་སྒྱུར་ཐུབ་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་སོགས་རེ་རེ་བཞིན་གསལ་པོར་བཤད།
འོན་ཀྱང་། སུའུ་ཆེ་གེ་མོས་ཁྲིམས་འཛིན་མི་སྣའི་གོ་སྐོན་བློ་འགུགས་ཀྱི་བསླབ་བྱར་མི་ཉན་པར་མ་ཟད། ཁྲིམས་འཛིན་མི་སྣའི་བྱ་བར་རམ་འདེགས་ཀྱིས་འོས་འགན་སློབ་གསོ་དང་ལེན་གཏན་ནས་མ་བྱས་པས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། དཔའ་ལུང་རྫོང་མི་དམངས་ཁྲིམས་ཁང་གིས་སློབ་གཡོལ་བྱིས་པ2ཀྱི་ལྟ་སྐྱོང་བ་སུའུ་ཆེ་གེ་མོར་བཙན་གྱིས་ཆད་གཅོད་བྱེད་ཐབས་ལག་བསྟར་བྱས་ཤིང་། ཁྲིམས་འཛིན་བཀག་ཉར་ཉིན15ཡི་ཆད་པ་བཅད།
བཀག་ཉར་བྱས་རྗེས། སུའུ་ཆེ་གེ་མོས་སློབ་ལོ་རན་པའི་བུ་བུ་མོ་སློབ་གྲྭར་མ་བསྐྱལ་བ་དེ་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པ་ངོས་ཤེས་རྙེད་པར་མ་ཟད། བྱིས་པས་སློབ་གསོ་དང་ལེན་བྱས་ཚེ་མདུན་ལམ་ལ་ཁ་ལོ་སྒྱུར་ཐུབ་པ་ཤེས་རྟོག་བྱུང་པས། བུ་བུ་མོ་གཉིས་ཀ་སློབ་གྲྭར་མ་བསྐྱལ་བ་ལ་འགྱོད་བཤགས་བྱས་ཏེ། ཆད་དངུལ་དུས་ལྟར་སྤྲད་དེ་སློབ་གཡོལ་བྱིས་པ་གཉིས་ཀ་དུས་ལྟར་ཕྱིར་སློབ་གྲྭར་སྐྱེལ་བའི་ཁས་ལེན་དམ་བཅའ་ཡི་གེའང་བྲིས།
གོང་གསལ་གྱོད་དོན་འདིས་སུའུ་ཆེ་གེ་མོར་སློབ་གསོ་ངེས་ཅན་ཞིག་ཐོབ་པར་མ་ཟད། སྤྱི་ཚོགས་ཡོངས་ལ་འདི་ལྟ་བུའི་གནད་དོན་མི་འབྱུང་བའི་བརྡ་གསལ་པོ་ཞིག་ཀྱང་བཏང་འདུག ནར་མ་སོན་པའི་མིའི་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་ལ་གནོད་འཚེ་གཏན་ནས་གཏོང་མི་རུང་བས། ལྟ་སྐྱོང་མཁན་གྱིས་ངེས་པར་ཁྲིམས་ལྟར་ནར་མ་སོན་པའི་བུ་བུ་མོ་དག་ལ་ལོ་དགུའི་འོས་འགན་སློབ་གསོ་དང་ལེན་བྱེད་དུ་འཇུག་དགོས་པ་ཡང་གསལ་པོར་བསྟན་འདུག





称多教育
称多教育信息平台
 最新文章