南木林县公安局关于启用辖区512省道区间测速及违法抓拍设备的通告
为进一步加强辖区道路交通安全管理,依法严厉打击各类交通违法行为,预防和减少道路交通事故,保障广大人民群众的生命财产安全,根据《中华人民共和国道路交通安全法》《中华人民共和国道路交通安全法实施条例》等规定,南木林县公安局将在近期启用辖区512省道区间测速及违法抓拍设备,现将相关内容通告如下:
一、设备点位及抓拍内容
(一)设备点位
1. S512线15km+800m处(卡孜乡政府驻地附近);
2. S512线22km+800m处(卡孜乡普章岗村)。
(二)抓拍内容
1. S512线15km+800m至22km+800m段全程双向区间测速,全长7km,小车限速70km/h、大车限速50km/h,在经过弯道、村庄等路段时按照实际限速标志行驶。
2. 以上两处点位在测速同时,还将抓拍不系安全带、驾驶时接打手持电话等违法行为。
二、公示日期与启用时间
公示日期为即日起至2024年11月30日。
2024年12月1日起,按照本通告内容及相关规定对相应交通违法行为进行查处。
请广大交通参与者严格遵守交通法律法规,安全驾驶、文明出行,自觉维护道路交通秩序,共同营造安全、有序、畅通的道路交通环境。
特此通告。
南木林县公安局
2024年11月21日
རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱིས་ཞིང་ཆེན་ལམ་512མངའ་ཁོངས་ལ་མྱུར་ཚད་ཚད་ལེན་དང་ཁྲིམས་འགལ་པར་ལེན་སྒྲིག་ཆས་སྤྱོད་འགོ་འཛུགས་རྒྱུའི་སྐོར་གྱི་བརྡ་ཁྱབ།
རང་མངའ་ཁོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཁག་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་ཆེད་དང་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་ 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་གཏན་འབེབས་གཞིར་བཟུང་རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱིས་ཞིང་ཆེན་ལམ་512ཁོངས་གཏོགས་ལ་མྱུར་ཚད་ཚད་ལེན་དང་དེ་བཞིན་ཁྲིམས་འགལ་པར་ལེན་སྒྲིག་ཆས་སྤྱོད་རྒྱུ་ཡིན་པས་དེའི་འབྲེལ་ཡོད་ནང་དོན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
དང་པོ། ཁྲིམས་འགལ་པར་ལེན་སྒྲིག་ཆས་ཀྱི་ས་གནས་དང་པར་ལེན་པའི་ནང་དོན།
(གཅིག)ཁྲིམས་འགལ་པར་ལེན་སྒྲིག་ཆས་ཀྱི་ས་གནས།
1.ཞིང་ཆེན་ལམ་512གྱི་ལམ་ཐིག15km+800m(མཁར་རྩེ་ཤང་སྲིད་གཞུང་གནས་ཡུལ་གྱི་ཉེ་འགྲམ། )
2.ཞིང་ཆེན་ལམ་512ལམ་ཐིག་གི22km+800m(མཁར་རྩེ་ཤང་ཕུ་ར་སྒང་གྲོང་ཚོ། )
(གཉིས)པར་ལེན་པའི་ནང་དོན།
1.ཞིང་ཆེན་ལམ་512ཐིག15km+800mནས་22km+800mབར་གྱི་ལམ་བརྒྱུད་ཧྲིལ་པོར་ཕྱོགས་གཉིས་ཀར་བར་མཚམས་ཀྱི་མྱུར་ཚད་ཚད་འཇལ་ཡོད། ཁྱོན་ལམ་ཐག་7kmཡོད། དེར་རླངས་འཁོར་ཆུང་བའི་རིགས་ཀྱི་མྱུར་ཚད་ཚད་གཞི་ནི70km/hདང་། རླངས་འཁོར་ཆེ་བའི་རིགས་ཀྱི་མྱུར་ཚད་ཚད་ཚད་གཞི་ནི50km/hཡིན། དཀྱོག་ལམ་དང་གྲོང་སྡེ་སོགས་བརྒྱུད་དུས་དོན་དངོས་ཀྱི་མྱུར་ཚད་ཚོད་འཛིན་བརྡ་རྟགས་ལྟར་བསྐྱོད་དགོས།
2. གོང་དུ་བཤད་པའི་གནས་དེ་གཉིས་མྱུར་ཚད་འཇལ་བའི་དུས་མཚུངས་སུ་ད་དུང་རླངས་འཁོར་བཏང་སྐབས་ཉེན་ཟོན་ཐག་པ་བརྒྱབ་ཡོད་མེད་དང་རླངས་འཁོར་གཏོང་སྐབས་ཁ་པར་རྒྱབ་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་དག་མཉམ་དུ་པར་ལེན་བྱེད་སྲིད།
གཉིས་པ། སྤྱི་བསྒྲགས་བྱེད་པའི་དུས་ཚོད་དང་བེད་སྤྱོད་བྱེད་པའི་དུས་ཚོད།
སྤྱི་བསྒྲགས་བྱེད་པའི་དུས་ཚོད་ནི་དེ་རིང་ནས་བཟུང་2024ལོའི་ཟླ་11ཚེས་30ཉིན་བར་ཡིན།
2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་སྤྱི་བསྒྲགས་འདིའི་ནང་དོན་དང་དེ་བཞིན་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་དག་ལ་རྩད་ཞིབ་བྱ་རྒྱུ་ཡིན།
རྒྱ་ཆེའི་འགྲིམ་འགྲུལ་གྱི་བྱ་སྤྱོད་ནང་ཞུགས་མཁན་རྣམ་པས་འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། བདེ་འཇགས་ངང་རླངས་འཁོར་གཏོང་བ། ཤེས་དཔལ་ངང་ཕྱིར་སྐྱོད་པ། རང་རྟོགས་ངང་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ནས་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་བགྲོད་ཐུབ་པ་བཅས་ཀྱི་འགྲོ་ལམ་ཐུན་མོང་ཐོག་གཏོད་དགོས།
ཆེད་དུ་སྤེལ་བའི་སྤྱི་བསྒྲགས།
རྣམ་གླིང་རྫོང་སྤྱི་བདེ་ཅུས།
2024ལོའི་ཟླ་11པའི་ཚེས་20ཉིན།