མཚེའུ་གཉིས་རྫོང་ཤང་དང་གྲོང་རྡལ་ཁག་གི་གནམ་གཤིས་སྔོན་བརྡ།
གཅིག། གནམ་གཤིས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ཕྱོགས་བསྡུས་དབྱི་ཞིབ་བྱས་པ་བརྒྱུད།
སྔོན་དཔག་བྱས་ན་༢༠༢༤ལོའི་ཟླ་༡༡པའི་ཚེས་༢༣ཉིན་གྱི་ཆུ་ཚོད་༢༠ནས་ཟླ་༡༡པའི་ཚེས་༢༤ཉིན་གྱི་ཆུ་ཚོད་༢༠བར་རང་རྫོང་དུ་གནམ་འཐིབས་ནས་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བསྟན་རྒྱུ།
ཞིབ་ཕྲའི་སྔོན་བརྡ་གཤམ་གསལ།
ས་གནས། | གནམ་གཤིས་མངོན་ཚུལ། | དྲོད་ཚད་(℃) | རླུང་ཤུགས། |
ཡག་ཆུ་ཤང་ | གནམ་འཐིབས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། | -18~-8 | རིམ་པ་༧ནས་༨བར་ |
སྟོད་མ་ཤང་ | གནམ་འཐིབས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། | -15~-4 | རིམ་པ་༧ནས་༨བར་ |
བར་གླིང་ཤང་ | གནམ་འཐིབས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། | -14~-4 | རིམ་པ་༧ནས་༨བར་ |
ཚོ་སྒྲིལ་ལྷོ་མ་གྲོང་རྡལ་ | གནམ་འཐིབས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། | -15~-2 | རིམ་པ་༧ནས་༨བར་ |
ཞི་བདེ་ཤང་ | གནམ་འཐིབས་ནས་སྤྲིན་པ་མང་པོ་འཁོར་རྒྱུ། | -14~-1 | རིམ་པ་༧ནས་༨བར་ |
ཚོ་སྒྲིལ་བྱང་མ་ཤང་ | གངས་སིམ་སིམ་འབབ་ནས་སྤྲིན་པ་མང་པོ་འཁོར་རྒྱུ། | -19~-8 | རིམ་པ་༧ནས་༨བར་ |
དཀར་མཚོ་ཤང་ | གངས་སིམ་སིམ་འབབ་ནས་སྤྲིན་པ་མང་པོ་འཁོར་རྒྱུ། | -17~-8 | རིམ་པ་༧ནས་༨བར་ |
གཉིས། ཐོན་སྐྱེད་དང་འཚོ་བའི་དྲན་སྐུལ།
༡.སྔ་དགོང་དྲོད་ཚད་ཧེ་བག་ཆེ་བས་མི་ཕྱུགས་ཀྱི་གྲང་འགོག་དྲོད་སྲུང་བྱ་ཐབས་ཡག་པོ་སྒྲུབ་ནས་དུས་ཚིགས་རང་བཞིན་གྱི་ཆམ་པ་སྔོན་འགོག་བྱེད་དགོས།
༢.མ་འོངས་ཆུ་ཚོད་༢༤ནང་ལྷགས་པ་རིམ་པ་ཆེ་ཙམ་ཡོད་པས་གྲོང་རྡལ་དང་རྩྭ་ཐང་གི་མེ་སྐྱོན་ལ་དོགས་ཟོན་དང་འགེལ་དངོས་སོགས་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རོགས།
༣.གངས་འབབ་པའི་གནམ་གཤིས་ཡོད་པས་ས་བབ་མཐོ་བའི་ལམ་དུམ་བུར་གངས་གསོག་ཐེབས་ནས་འཁྱགས་པ་ཆགས་སླ་བས་ཐོན་སྐྱེད་དང་འཚོ་བའི་ཐད་བཀོད་སྒྲིག་ཡག་པོ་གནང་དགོས།
编辑(一审):朗曲旺姆
责编(二审):边欧
审核(三审):李小文
来源:双湖县气象局