决策气象服务
一、上周天气回顾
上周双湖县日最高气温为3.1℃,出现在周五;日最低气温为-15.9℃,出现在周三;周内出现了7天的大风,日极大风速为周四出现的28.2米/秒。
二、未来一周天气预报
预计未来7天我县主要以多云天气为主,周内大风天气频繁,周末自西向东有4~6℃的降温。
具体预报如下:
19日:多云转晴,8级以上大风;
20~21日:多云;
22日~23日:多云,8级以上大风;
24日:分散性阵雪,8级以上大风,自西向东有4~6℃降温;
25日:分散性阵雪。
三、生产建议
1.周内大风天气频繁,风力较强,草原气象火险等级较高,请加强防风防火工作;
2.周末自西向东有降温过程,请注意人畜的防寒保暖工作;
3.周末有分散性阵雪,高海拔路段易形成积雪结冰,请注意道路交通安全。
མ་འོངས་པའི་གཟའ་འཁོར་གཅིག་གི་གནམ་གཤིས་སྔོན་བརྡ།
སྔོན་དཔག་བྱས་ན་མ་འོངས་པའི་ཉིན་༧ནང་རང་རེའི་རྫོང་དུ་སྤྲིན་པ་མང་པོ་འཁོར་བའི་གནམ་གཤིས་གཙོ་བོ་བྱས་ནས་གཟའ་འཁོར་ནང་ལྷགས་པ་ཆེན་པོ་རྒྱག་པའི་གནམ་གཤིས་མང་ཙམ་ཡོད་པ་དང་གཟའ་མཇུག་ཏུ་ནུབ་ནས་ཤར་ཕྱོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་༤ནས་༦བར་མར་ཆགས་རྒྱུ།
ཞིབ་ཕྲའི་སྔོན་བརྡ་གཤམ་གསལ།
ཚེས་༡༩ཉིན་སྤྲིན་པ་མང་པོ་འཁོར་ནས་གནམ་དྭངས་རྒྱུ། ལྷགས་ཤུགས་རིམ་པ་༨ཡན་རྒྱག་རྒྱུ།
ཚེས་༢༠ཉིན་ནས་ཚེས་༢༡ཉིན་བར་སྤྲིན་པ་མང་པོ་འཁོར་རྒྱུ།
ཚེས་༢༢ཉིན་ནས་ཚེས་༢༣ཉིན་བར་སྤྲིན་པ་མང་པོ་འཁོར་རྒྱུ། ལྷགས་ཤུགས་རིམ་པ་༨ཡན་རྒྱག་རྒྱུ།
ཚེས་༢༤ཉིན་ཐར་ཐོར་རང་བཞིན་གྱི་གངས་སིམ་སིམ་འབབ་རྒྱུ། ལྷགས་ཤུགས་རིམ་པ་༨ཡན་རྒྱག་རྒྱུ། ནུབ་ནས་ཤར་ཕྱོགས་སུ་དྲོད་ཚད་ཧྲེ་ཧྲི་ཏུའུ་༤ནས་༦བར་མར་ཆགས་རྒྱུ།
ཚེས་༢༥ཉིན་ཐར་ཐོར་རང་བཞིན་གྱི་གངས་སིམ་སིམ་འབབ་རྒྱུ།
ཐོན་སྐྱེད་དང་འཚོ་བའི་དྲན་སྐུལ།
༡.གཟའ་འཁོར་ནང་ལྷགས་པ་ཆེན་པོ་རྒྱག་མང་བ་དང་ལྷགས་ཤུགས་ཆེ་ཙམ་ཡོད་པས་རྩྭ་ཐང་གི་མེ་སྐྱོན་ཉེན་ཁའི་རིམ་པ་མཐོ་ཙམ་ཡོད་པས་རླུང་འགོག་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་རོགས།
༢.གཟའ་མཇུག་ཏུ་ནུབ་ནས་ཤར་ཕྱོགས་སུ་དྲོད་ཚད་མར་ཆགས་པའི་བརྒྱུད་རིམ་ཡོད་པས་མི་ཕྱུགས་ཀྱི་གྲང་འགོག་དྲོད་སྲུང་བྱེད་ཐབས་ལ་དོ་སྣང་བྱེད་དགོས།
༣.གཟའ་མཇུག་ཏུ་ཐར་ཐོར་རང་བཞིན་གྱི་གངས་སིམ་སིམ་འབབ་པའི་གནམ་གཤིས་ཡོད་པས་ས་བབ་མཐོ་བའི་ས་ཁུལ་དུ་གངས་གསོག་ཐེབས་ནས་འཁྱགས་པ་ཆགས་སླ་བས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་རོགས།
编辑(一审):朗曲旺姆
责编(二审):桑达措姆
审核(三审):李钰
来源:双湖县气象局