གུས་པར་འོས་པའི་འཛད་སྤྱོད་པ་རྣམ་ལ།
ཁྱེད་ལ་སྔར་བས་སྟབས་བདེ་དང་ཕན་ནུས་ལྡན་པའི་ཞབས་འདེགས་ཞུ་ཆེད། ད་ལྟ་རྫོང་དེ་གའི་ཆུ་རིན་བསྡུ་བའི་ས་ཆ་ལ་བསྒྱུར་བ་ཕྱིན་པའི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ། 2024ལོའི་ཟླ་བ་12ཚེས་23ཉིན་ནས་བཟུང་། ཆུ་རིན་བསྡུ་པའི་ལས་སྒོ་དེ་དེ་སྔའི་ཉི་འོད་སྡེ་ལས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས(རྒྱ་ཁང་བྱང་ལམ་ཨང་3པའི་ཟུར་བཀོད5པ)གཉེར་སྐྱོང་བྱ་རྒྱུ་མིན་པ་དང་། རྣམ་གླིང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས(འགྲུལ་སྐྱེལ་ས་ཚིགས་ཀྱི་ཁ་གཏད་དུ)སུ་གཉེར་སྐྱོང་བྱ་རྒྱུ་ཡིན་པས། སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་། གལ་སྲིད་ཆུ་རིན་འཇལ་སྤྲོད་བྱ་དགོས་ཡོད་ཚེ། སྐུ་ཉིད་ནས་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ཆུ་རིན་འཇལ་སྤྲོད་གནང་བར་ཕེབས་རོགས་གནང་ཞུ་རྒྱུ་ཡིན། དེས་རྐྱེན་པས་ཁྱེད་ལ་སྟབས་མི་བདེ་བ་བཟོས་ཡོད་ན། ང་ཚོས་སྙིང་དབུས་ནས་དགོངས་དག་ཞུ་རྒྱུ་མ་ཟད།ཁྱེད་ཀྱིས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྣམ་གླིང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས།
གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གནས་མཆོག་གྲོང་ཁྱེར་ཕྱོགས་བསྡུས་ཞབས་ཞུ་ཚད་ཡོད་ཀུང་སི།
2024ལོའི་ཟླ་བ་12ཚེས་21ཉིན།
终审:刘艳艳
复审:周富良
初审:德吉卓嘎
编辑:次央
扫码关注我们
南木林发布
南木林新闻
扫码关注我们
网信南木林
湘巴之声
点它,分享点赞在看都在这里