ད་ལྟ་གྲང་ངར་ཆེ་བའི་དུས་སུ་སླེབས་ཡོད་ཅིང་རང་རེའི་རྗོང་གི་ཆུ་བོ་དང་མཚེའུ་མང་ཆེ་བའི་ཆུ་ངོས་ལ་འཁྱག་དར་ཐེབས་ཡོད་པས་དགུན་དུས་གཙང་པོ་དང་མཚེའུ་ཡི་བདེ་འཇགས་དོ་དམ་ལས་དོན་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་རྒྱུ་དང་མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་འཇགས་འགན་སྲུང་བྱ་རྒྱུ་རྣམ་གླིང་རྗོང་ཆུ་བོད་ཅུས་ཀྱིས་ང་ཚོའི་རྗོང་གི་མང་ཚོགས་ཡོངས་ལ་འཕྲིན་ཡིག་སྤྲིངས་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐུན་མོང་ཐོག་ཡུལ་མིའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད།
(གཅིག་)དགུན་དུས་ཆུ་ངོས་ལ་འཁྱག་པ་ཐེབས་ཀྱང་ཆུའི་གཏིང་ཚད་དམའ་ལ་འཁྱགས་ངོས་ཁ་ཤས་ལ་གས་སྲུབ་ཤོར་བ་འཁྱགས་ངོས་འགུལ་སྐྱོད་ལ་ཉེན་ཁ་འཕྲད་སྲིད་པས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་བཟོ་གི་ཡོད་རྒྱ་ཆེའི་གྲོང་མི་རྣམས་ཀྱིས་གང་དགར་དར་ངོས་སུ་དར་ཤུད་བྱེད་པ་དང་དར་བཙུགས་ཏེ་རྩེད་མོ་རྩེ་བ་ལྷག་པར་དུ་དགུན་གནང་སྐབས་ཁྱིམ་དུ་སྡོད་པའི་སློབ་མ་རྣམས་ལ་སློབ་མའི་ཁྱིམ་བདག་གིས་ངེས་པར་དུ་ལྟ་སྐྱོང་ལེགས་པོ་བྱས་ཏེ་དར་ངོས་སུ་མི་ལྷུང་བ་སོགས་ཀྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་དགོས།
(གཉིས་)ཤང་(གྲོང་རྡལ་)ཁག་གི་མི་དམངས་སྲིད་གཞུང་གིས་རྒྱ་ཁྱབ་དྲིལ་བསྒྲགས་བྱས་ཏེ་མཚེའུ་མཐའ་འཁོར་གྱི་གྲོང་མིར་སྟབས་བདེའི་ལམ་འཚོལ་རྒྱུ་དང་ཆུ་ངོས་འཕྲེད་བཅད་གཏོང་བ་འཁྱགས་ཐོག་ཏུ་སྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པར་དྲན་སྐུལ་བཏང་ནས་འཁྱགས་འདྲེད་བརྡབ་ཤོར་འམ་ཡང་ན་བདེ་འཇགས་ཀྱི་ལས་འཛོལ་གཞན་དག་མི་ཡོང་བ་བྱེད་དགོས་གལ་ཏེ་ཉེན་ཁ་ཆེ་བའི་བྱ་སྤྱོད་མཐོང་ཚེ་འཕྲལ་མར་བཀག་སྡོམ་བསླབ་བྱ་བྱས་ནས་ཁ་བྲལ་དུ་འཇག་དགོས།
(གསུམ་)རྒྱ་ཆེའི་གྲོང་མིས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་གཙང་པོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་སྒྲིག་ཆས་སྣ་ཚོགས་ལ་སེམས་ཁུར་དང་གཅེས་སྐོང་བྱེད་པ་དང་གཙང་ཆུའི་ངོགས་ཀྱི་སྤྱི་པའི་སྒྲིག་བཀོད་བདེ་འཇགས་རང་རྟོགས་ངང་སྲུང་སྐྱོང་བཅས་བྱེད་དགོས་ལ་གཙང་པའི་ངོགས་ཀྱི་གཙང་སྦྲ་འཕྲོད་བསྟེན་ལ་གཞོགས་འདེགས་བྱས་ནས་ཆུ་བོའི་ངོགས་གཉིས་ཀྱི་གད་སྙིགས་གང་བྱུང་དུ་དབྱུག་མི་རུང་ལ་ཆུ་སྤུས་ལ་ཤུགས་རྐྱེན་མི་ཐེབས་པ་དང་ཆུ་ལམ་དུ་འགོག་རྐྱེན་མི་བཟོ་བ་རྒྱུན་གཏན་གྱི་ཆུ་ལོག་རྒྱུག་རྒྱུར་ཤུགས་རྐྱེན་མི་ཐེབས་པ་བཅས་བྱེད་དགོས་ གལ་ཏེ་ཆུ་ལམ་གྱི་སྤྱི་པའི་སྒྲིག་བཀོད་དམ་བྱ་སྤྱོད་གཞན་དག་གཏོར་བཤིག་བྱེད་མཁན་ཡོད་པ་ཤེས་ཚེ་རྒྱ་ཆེའི་མི་དམངས་ལ་འབྲེལ་ཡོད་སྡེ་ཁག་ལ་ཐེར་འདོན་གོང་ཞུ་བྱེད་དགོས་ལ་རྒྱ་ཆེའི་མི་དམངས་ཀྱིས་མུ་མཐུད་ནས་ང་ཚོའི་ལས་ཀར་བསམ་འཆར་རྩ་ཆེན་འདོན་པར་དགའ་བསུ་ཞུ་རྒྱུ་ཡིན་
འབྲེལ་གཏུག་ཁ་པར་ ༠༨༩༢-༨༣༤༢༢༢༠
རྣམ་གླིང་རྗོང་ཆུ་བེད་ཅུས།
རྣམ་གླིང་རྗོང་ཆུ་དཔོན་གཞུང་ལས་ཁང།
༢༠༢༤ལོའི་ཟླ་པའི་༡༢ཚེས༢༠ཉིན།
终审:刘艳艳
复审:周富良
初审:德吉卓嘎
编辑:次央
扫码关注我们
南木林发布
南木林新闻
扫码关注我们
网信南木林
湘巴之声
点它,分享点赞在看都在这里