༄༅༎ ལྷ་རི་རྫོང་མི་དམངས་འཐུས་ཚོགས་ཀྱི་མཇུག་སྒྲིལ་ཚོགས་འདུ་་་་་་་་

文化   2025-01-11 19:10   西藏  

    སྤྱི་ཟླ་༡པོའི་ཚེས་༡༡ཉིན། ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོགས་གནང་བ་དང་། ཚོགས་ཞུགས་མི་སྣ་ཚང་མས་ཡར་ལངས་ནས་དིང་རི་རྫོང་དུ་སོ་ཡོམ་རིམ་པ་༦.༨རྒྱབ་པའི་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་མྱ་ངན་ཞུས་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད་པ་རེད།  

  


    ཚོགས་ཆེན་ཐོག་ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་འབྲེལ་ཡོད་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་འདེམ་པའི་འདེམ་ཐག་གཅོད་པའི་བྱ་ཐབས་འཆར་ཟིན་དང་།  ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་འདེམ་པའི་མིང་ཐོའི་འཆར་ཟིན། ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་འདེམ་བསྐོའི་བྱ་ཐབས་འཆར་ཟིན། ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་། སྤྱིའི་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོའི་འཆར་ཟིན་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད་པ་རེད།    


    རིམ་བཞིན་འདེམ་བསྐོ་དངོས་སུ་འགོ་ཚུགས་པ་དང་། ཁྲིམས་ལྟར་འདེམ་བསྐོའི་གོ་རིམ་དང་མཐུན་པའི་སྒོ་ནས་བསྟན་འཛིན་ཆོས་འཕེལ་དང་། ཡན་ཧྲུན་ཏེ།   ནོར་བུ་བཟང་པོ།  སྐལ་བཟང་།  བདེ་སྐྱིད་སྒྲོལ་མ་བཅས་ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་འདམས་ཐོན་བྱུང་བ་དང་།  རན་ཅུན་ལྷ་རི་རྫོང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་འདམས་ཐོན་བྱུང་།  དེ་དང་ཆབས་ཅིག་འདམས་ཐོན་བྱུང་བའི་འཐུས་མི་རྣམས་ཀྱིས་ལྷན་དུ་རྩ་ཁྲིམས་ཀྱི་དམ་བཅའ་བཞག་ཡོད་པ་རེད།




   མཇུག་སྒྲིལ་ཚོགས་འདུ་དངོས་སུ་འགོ་ཚུགས་པ་དང་། དོན་གྲུབ་ཀྱིས་མཇུག་སྒྲིལ་ཚོགས་འདུའི་གསུང་བཤད་གནང་གསལ། ཁོང་གིས་འཐུས་མི་ཡོངས་དང་ཚོགས་ཞུགས་མི་སྣ་ཡོངས་ཀྱི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད།  ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་ཚོགས་འདུའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་བསྒྲུབས་བྱུང་བ་དང་།  ཚོགས་འདུའི་ཁྲོད་དུ་འཐུས་མི་རྣམས་ཀྱིས་འགན་འཁྲི་ལག་བསྟར་ནན་ཏན་གནང་བ་དང་།  དམངས་གཙོ་དར་སྤེལ་གང་ལེགས་བཏང་བ།  སྙན་ཞུ་གྲོས་ཞིབ་ནན་པོ་བྱས་པ།  ཁྲིམས་ལྟར་ལས་དོན་ནན་ཏན་བསྒྲུབས་པ་བཅས་བྱས་ཡོད་ལ།  ལྷག་པར་དུ་གདམ་བྱའི་འོས་མི་ནང་ཚུད་པ་རྣམས་ལ་ནང་མོལ་དང་དཔྱད་བསྡུར།  གྲོས་ཞིབ་ནན་པོ་བྱས་པས། ཚོགས་ཆེན་ཁྲོད་འདམ་བསྐོའི་ལས་དོན་ལེགས་སྒྲུབ་ཡོང་བར་རྨང་གཞི་སྲ་བརྟན་བཏིང་ལ།   རྫོང་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་ཡང་མཚོན་པའི་གསལ་སྟོན་གནང་ཡོད་པ་རེད།







     ཚོགས་ཆེན་གྱིས་༢༠༢༥ལོ་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པའི་མཇུག་སྡོམ་གྱི་ལོ་ཞིག་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་དམིགས་ཚད་འགན་འཁྲི་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་གཏོར་གྱི་ལོ་ཞིག་ཡིན་པས།  ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་།  སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་ཚོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་སྐོར།   དེ་བཞིན་བོད་ཀྱི་ལས་དོན་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སྐོར་སོགས་ལ་མུ་མཐུད་ནས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་འགོ་ཁྲིད་ལ་རྒྱུན་འཁྱོངས་བྱེད་པ།  མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཟུང་འབྲེལ་དམ་ཚགས་བྱེད་པ་དང་།  བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ནས།  དོན་ཆེན་བཞི་པོ་གཞི་རྩར་འཛིན་པ་དང་འཛུགས་གཏོད་བཞི་ལ་དམ་པོར་དམིགས་པའི་འཐབ་ཇུས་དམིགས་ཚད་དང་།  གྲོང་ཨུད་ཀྱི་བོད་ལྗོངས་འདི་ཉིད་ས་བབས་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་འགན་འཁྲི། དེ་བཞིན་རྫོང་ཨུད་ཀྱི་དེང་རབས་ཅན་བདུན་གྱི་འཐབ་ཇུས་བྱ་ཐབས་དང་། ཨིན་ཇི་གཅིག་སྒྲོ་གཤོག་གཉིས་སྒུལ་ཤུགས་གསུམ་༼  ༡༢༣ ༽ གྱི་ཐོན་ལས་འཕེལ་རྒྱས་ཁྱབ་བཀོད་བཅས་གཞིར་བཟུང་ནས།  དེང་རབས་ཅན་གྱི་ལྷ་རི་འཛུགས་སྐྱོང་གི་ལག་ལེན་གསར་པའི་དམིགས་ཚད་འགན་འཁྲི་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་དང་འབྲེལ་བ་དམ་ཟབ་བྱས་ཏེ།  གཅིག་འགྱུར་འཆར་འགོད་ཀྱིས་སྤུད་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས།  ཁྲིམས་ལྟར་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་།  ནུས་ཤུགས་ཡོད་དགུས་ལས་དོན་ཁག་ཡག་པོ་སྒྲུབ་ཏེ། ཤང་གྲོང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་གཙོ་བདེ་རྩ་ཆེ་རུ་གཏོང་བ།  སྤྱི་ཚོགས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས་ལྷ་རི་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་མངོན་རྒྱུར་ཡོང་བར་འབད་འབུངས་ཡར་བརྩོན་བྱེད་པ་དང་།   ༢༠༢༥ལོའི་ལས་དོན་ཁག་ལ་གྲུབ་འབྲས་ཡག་པོ་འཐོབ་པ་བྱ་སྟེ།  བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་༦༠འཁོར་བར་ལེགས་སྐྱེས་དབུལ་དགོས་པའི་ནན་བཤད་གནང་ཡོད་པ་རེད།          


     ཚོགས་ཆེན་ཐོག སྲིད་གཞུང་གི་ལས་དོན་སྙན་ཞུའི་གྲོས་ཆོད་འཆར་ཟིན་སྐོར།  ལྷ་རི་རྫོང་༢༠༢༤ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང་༢༠༢༥ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་གྲོས་ཆོད་འཆར་ཟིན་སྐོར།  ལྷ་རི་རྫོང་༢༠༢༤ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་༢༠༢༥ལོའི་སྔོན་རྩིས་ཀྱི་གྲོས་ཆོད་འཆར་ཟིན་སྐོར།   དེ་མིན་ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལད་དོན་སྙན་སྒྲོན་གྱི་གྲོས་ཆོད་འཆར་ཟིན་སྐོར། ལྷ་རི་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད་འཆར་ཟིན་སྐོར་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད།  ལྷ་རི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་མཇུག་སྒྲིལ་ཚོགས་འདུ་རྔམ་བརྗིད་ལྡན་པའི་རྒྱལ་གླུ་ཁྲོད་དུ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་རེད།

终审   |   谈小燕

  མཐའ་མའི་ཞིབ་བཤེར།  ཐང་ཞོ་ཡན།  

  二审  |    张艳红  

 ཞིབ་བཤེར་གཉིས་པ།     ཀྲང་ཡན་ཧུང་།

        一审    |   加永曲珍      孙媛媛    

      ཐོག་མའི་ཞིབ་བཤེར།   འཇམ་དབྱངས་ཆོས་སྒྲོན  སུན་ཡོན་ཡོན། 

   原文    |   人大办    

     མ་ཡིག    མི་དམངས་འཐུས་ཚོགས་གཞུང་དོན་ཁང་།

 撰稿  |   西绕旺姆  

  གསར་འགོད་པ།   ཤེས་རབ་དབང་མོ།

  翻译  |    西绕旺姆

ཡིག་སྒྱུར།   ཤེས་རབ་དབང་མོ།

 初审    |   西绕旺姆

 སྒྲིག་མཁན།  ཤེས་རབ་དབང་མོ།

 六大纪律

政治纪律、组织纪律、廉洁纪律、群众纪律、工作纪律、生活纪律。

སྒྲིག་ཁྲིམས་ཆེན་པོ་དྲུག 

ཆབ་སྲིད་སྒྲིག་ཁྲིམས།   སྒྲིག་འཛུགས་ཀྱི་སྒྲིག་ཁྲིམས། སྲིད་གཙང་གི་སྒྲིག་ཁྲིམས།  མང་ཚོགས་ཀྱི་སྒྲིག་ཁྲིམས།  ལས་དོན་གྱི་སྒྲིག་ཁྲིམས།  འཚོ་བའི་སྒྲིག་ཁྲིམས་བཅས་སོ།

一驱”:家养犬一月一驱虫;

“二要”:要吃熟食、要讲卫生;

“三不”:不玩犬、不喝生水、不用牛羊有病脏器喂犬;

“四勤”:勤洗手、勤查体、勤扫除、勤埋犬粪。

ཁྱིམ་དུ་གསོ་ཉར་བྱས་པའི་སྒོ་ཁྱིའི་ལུས་སྟེང་གི་འབུ་ཕྲ་ཟླ་རེར་ཐེངས་རེ་གསོད་དགོས།

 དགོས་པ་གཉིས་ཏེ། ཟ་མ་བཙོས་མ་ཟ་དགོས་པ་དང་། གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་གཉིས་ཡིན། 

 མི་རུང་བ་གསུམ་སྟེ། ཁྱི་ཁ་གཙེ་མི་རུང་བ་དང་།  ཆུ་གྲང་མོ་འཐུང་མི་རུང་བ། ནོར་ལུག་གི་ནང་ཆའམ་ནང་ཁྲོལ་ནད་ཅན་ཁྱི་ལ་སྟེར་མི་རུང་བ་བཅས་གསུམ་ཡིན། 

 ཡང་ཡང་བཞི་སྟེ། ལག་པ་ཡང་ཡང་འཁྲུད་དགོས་པ་དང་། གཟུགས་པོ་ཡང་ཡང་བརྟག་དཔྱད་བྱེད་དགོས་པ།

གཙང་སྦྲ་ཡང་ཡང་བྱེད་དགོས་པ།  ཁྱི་སྐྱག་ཡང་ཡང་ས་སྦ་གཏོང་དགོས་པ་བཅས་བཞི་ཡིན། 

扫码关注我们了解更多资讯


微信公众号

抖音账号



了解嘉黎更多资讯

请扫描下载珠峰云APP

点击关注“嘉黎融媒”视听账号

“嘉黎县融媒体中心”新闻账号

嘉黎融媒
了解嘉黎的窗口,传递信息的桥梁。
 最新文章