ན་མོ་གུ་རུ།

文化   2024-08-20 10:56   广东  

ན་མོ་གུ་རུ།

བདག་བཞན་སྒྱུ་ལུས་ཀྱི་ཕུང་པོ་འདི།

ན་ན་ན་སྟེ་ན་བས་དགའ།

སྔང་བསགས་ཀྱི་ལས་ངན་འཛད་པ་ཡིན།

ཆོས་སྤོད་ཀྱི་བྱ་བ་སྣ་ཚོགས་ཀྱང་།

སྒྲི་གཉིས་ཀྱི་སྦྱང་བའི་ཆེད་དུ་ཡིན།

ན་མོ་གུ་རུ།

བདག་བཞན་སྒྱུ་ལུས་ཀྱི་ཕུང་པོ་འདི།

ན་ན་ན་སྟེ་ན་བས་དགའ།

སྔང་བསགས་ཀྱི་ལས་ངན་འཛད་པ་ཡིན།

ཆོས་སྤོད་ཀྱི་བྱ་བ་སྣ་ཚོགས་ཀྱང་།

སྒྲི་གཉིས་ཀྱི་སྦྱང་བའི་ཆེད་དུ་ཡིན།

ན་བ་མེད་ན་མེད་སྟེ་དགའ།

ལུས་སེམས་བདེ་ན་དགེ་སྦྱོར་འཕེལ།

མི་ལུས་དོན་ཅན་བྱེད་པ་ཡང་།

སྒོ་གསུམ་དགེ་ལ་སྦྱོར་བ་ཡིན།

འབྱོར་པ་མེད་ན་མེད་ཏེ་དགའ།

བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད།

འཐབ་རྩོད་ཀྱི་ཁྲོ་འཁྲུག་ཇིསྙེད་པ།

འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས།

འབྱོར་པ་ཡོད་ན་ཡོད་དེ་དགའ།

བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས།

མྱུར་དུ་ཤི་ན་ཤི་བས་དགའ།

རྐྱེན་ངན་གྱིས་བར་དུ་མ་ཆོད་ཅིང་།

འཚམས་སྦྱོར་གྱི་བག་ཆགས་བཟང་གྲོགས་པས།མ་ནོར་གྱི་ལམ་དུ་ཚུད་པར་ངེས།

ཡུན་དུ་གསོན་གསོན་པས་དགའ།

ཉམས་མྱོང་གི་ལོ་ཐོག་སྐྱེས་པ་ལ།

གདམས་ངག་གི་རླན་དྲོད་མ་ཡལ་བར།

ཡུན་དུ་བསྟེན་པས་སྨིན་པར་འགྱུར།

གང་ཡིན་ཡང་དགའ་བ་སྒོམས་ཤིག་ཨང་།།

降白吉村
您好,终于相逢了
 最新文章