ཆོས་འཁོར་དུས་ཆེན།

文化   2024-07-29 15:08   广东  

ཆོས་འཁོར་དུས་ཆེན།

ཟླ་བ་འདི་ལ་ཆོས་ཐོག་མར་གསུངས་བ་ཡིན་པའི་ཕྱིར་ནི་ཆོས་འཁོར་ཟླ་བ།


བོད་ཟླ་དྲུག་པའི་ཚེས་བཞི་ལ་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཡུལ་ཝ་ར་ཎ་སིར་ན། ཐོག་མར་ཡེ་ཤེས་ཁོང་ཆུད་ཀྱིས་བསྙེན་པར་རྫོགས་ནས་དགྲ་བཅོམ་ཐོབ་པའི་འཁོར་ལྔ་སྟེ། ཀུན་ཤེས་ཀོ་ཌི་ཡ་ན་དང་། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་བཅས་འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་སྐལ་བཟང་ཉིན་མོ་ཡིན། །སངས་རྒྱས་ཤཱཀྱ་ཐུབ་པས་ཆོས་འཁོར་ཐོག་མར་བསྐོར་སྐབས་གསུངས་པའི་འཁོར་བའི་རྒྱུ་འབྲས་དང་མྱང་འདས་ཀྱི་རྒྱུ་འབྲས་མ་ལུས་པ་བསྡུས་ནས་བླང་དོར་བྱ་བའི་གཞི་འཕགས་པའི་བདེན་པ་བཞི་སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་དང༌། འགོག་པའི་བདེན་པ་དང༌། ལམ་གྱི་བདེན་པ་རྣམས་སོ།  །ཆོས་བཞི་པོ་འདི་དག་འཕགས་པའི་གཟིགས་ངོར་དེ་ཁོ་ན་ལྟར་མ་ནོར་བར་ངེས་པས་འཕགས་པའི་བདེན་པ་བཞི་ཞེས།


བདེན་བཞིའི་རིམ་པ།


གང་འཁོར་བ་སྡུག་བདེན་གྱི་ཉེས་དམིགས།


གང་གིས་འཁོར་བ་ཀུན་འབྱུང་གི་འཇུག་རིམ།


གང་ལས་ཐར་བ་འགོག་བདེན་གྱི་གནས་ཚུལ།


གང་གིས་ཐར་པ་ལམ་བདེན་གྱི་སྐྱོང་ཚུལ་ལོ།


四谛义的依次


苦难中轮流不息的苦谛之义;


作为轮回因缘的集谛之义;


从苦难中解脱的灭谛之义;


获得解脱的方法道路道谛之义。

降白吉村
您好,终于相逢了
 最新文章