རྡོ་རྗེ་ཚེ་མཆོག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོ།

政务   2024-11-04 11:43   西藏  

ཀྲུང་གོ་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྨི་ཏི་ཁ་ཤང་གི་ས་བབ་སྨི4900ཡོད་པའི་འཛམ་གླིང་གི་འདམ་ར་མཐོ་ཤོས་ཏེ། སྨི་ཏི་ཁ་འདམ་རའི་ཉེ་འགྲམ་དུ“དམར་པོ”ཟེར་བའི་གྲོང་ཚོ་ཞིག་ཡོད། གྲོང་ཚོ་དེའི་མིང་ནང་གསར་བརྗེའི་ལོ་རྒྱུས་དུམ་བུ་ཞིག་འདུས་ཡོད་ལ། བོད་རིགས་བགྲེས་སོང་རྡོ་རྗེ་ཚེ་མཆོག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་ལྷག་བསམ་ཡང་མཚོན་ཡོད། 

རྡོ་རྗེ་ཚེ་མཆོག་གིས་ཏང་དང་རྒྱལ་ཁབ་ལ་ངོས་འཛིན་བྱེད་ཐེངས་དང་པོ་ནི་གྲོང་མི་ཚོའི་ཁ་རྒྱུན་ལས་གྲགས་པའི་དམར་པོ་གྲོང་ཚོའི་ལོ་རྒྱུས་དང་ཕ་མའི་བཀའ་སློབ་དག་ཡིན། ལོ་དེར་བཅིངས་འགྲོལ་དམག་མིས་དམར་པོར་བཅིངས་འགྲོལ་བཏང་ནས་གྲོང་ཚོ་དེར་དར་དམར་བཙུགས་ཤིང་། དར་དམར་དེ་ལས་མི་རྣམས་ཀྱིས་བོད་གསར་རྙིང་གི་དབྱེ་བ་ཕྱེ་སྟེ་རང་དབང་དང་འབྱོར་ཕྱུག་གི་འཚོ་བ་གསར་པར་རིམ་བཞིན་བསྐྱོད་ཡོད་ལ། གྲོང་ཚོའི་མིང་ཡང་ལོ་རྒྱུས་དེར་རྗེས་དྲན་བྱ་ཆེད་བཏགས་པ་ཞིག་རེད། 

འཚོ་བའི་འཕོ་འགྱུར་ཆེན་པོ་ལས་གྲོང་ཚོའི་ལོ་རྒྱུས་མཚོན་ཡོད་ལ། དེ་དག་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུ་བྱུང་བའི་གྲོང་མི་ཚོའི་སེམས་སུའང་གཏིང་ཟབ་ངེས་ཡོད། དེར་བརྟེན་ཞིང་བྲན་གྱི་སྤྱི་ཚོགས་བརྒྱུད་མྱོང་བའི་ཕ་མ་གཉིས་ཀྱིས་རྡོ་རྗེ་ཚེ་མཆོག་ལ་ཆུང་དུས་ནས་ཏང་དང་རྒྱལ་ཁབ་ཡག་པོ་ཡོད་ལུགས་རྟག་ཏུ་བརྗོད་ནས། ཁོང་ལ་དྲིན་ཚོར་ཤེས་པ་དང་ལས་སླ་པོར་བྱུང་བ་ཞིག་མིན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་ལུགས་ཀྱང་བརྗོད་ཀྱི་ཡོད་པས། དགའ་ཞེན་གྱི་ས་བོན་ཞིག་ཁོང་གི་བློ་ངོར་རིམ་གྱིས་ཚུགས་ཡོད། 

འདི་ནི་རྡོ་རྗེ་ཚེ་མཆོག་ཁྱིམ་གྱི་སྒོ་འགྲམ་དུ་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་ཡིན་པ། 

ལོ་ན་རྒས་པ་དང་བསྟུན་ནས་རྡོ་རྗེ་ཚེ་མཆོག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དེ་བས་བརྟན་དུ་སོང་མོད། འོན་ཀྱང་བརྩེ་སེམས་དེ་ཇི་ལྟར་མཚོན་དགོས་སམ། དེའི་ཐད་ཁོང་གིས་སྔ་བར་ཕྱི་གསུམ་དུ་རང་ཉིད་ཀྱི་དྲིས་ལན་ཞིག་འཚོལ་བཞིན་ཡོད་ཅིང་། ཉིན་ཞིག་ཏག་ཏག་བརྙན་འཕྲིན་ཐོག་བཅིངས་འགྲོལ་དམག་གིས་དར་དམར་མཐོན་པོར་བསྒྲེངས་ནས་དགྲ་བོར་འཐབ་འཛིང་བྱེད་པའི་སྣང་བརྙན་ཞིག་མཐོང་བ་དེ་ལས་ཁོང་ལ་བློ་སྐྱེས་བྱུང་། ཁོང་གིས “ང་ཚོའི་གྲོང་ཚོའི་མིང་ནི་དར་དམར་ལས་འབྱུང་བ་ཞིག་ཡིན་པ་དང་། ད་ཆ་ངའི་བཟའ་འཐུང་ཐད་སེམས་ཁྲལ་མེད་པའི་འཚོ་བ་ཡག་པོ་འདི་འདྲ་ནི་དར་དམར་གྱི་བཀའ་དྲིན་ལས་བྱུང་བ་ཞིག་ཡིན་ལ། དར་དམར་གྱི་སྣེ་ཁྲིད་འོག་བཅིངས་འགྲོལ་དམག་མིས་རྟག་ཏུ་རྒྱལ་ཁ་ལེན་ཐུབ་པས། ངའི་ངོས་ནས་བརྗོད་ན་དར་དམར་ནི་རྒྱལ་ཁ་མཐའ་དག་དང་བདེ་སྐྱིད་ཀྱི་མཚོན་རྟགས་ཤིག་ཡིན”ཞེས་བཤད། 

རྡོ་རྗེ་ཚེ་མཆོག་གིས་ལོ18ནས་བཟུང་ཁྱིམ་གྱི་སྒོ་འགྲམ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོག་གི་ཡོད་ཅིང་། རྒྱལ་གླུ་དང་སྦྲགས་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་དལ་བུར་སྒྲེང་རྒྱུ་ནི་དམར་པོ་གྲོང་ཚོའི་ཟླ་རེའི་རྟག་གཏན་གྱི་མཛེས་ལྗོངས་ཤིག་ཏུ་འགྱུར་ཡོད། ལོ10ཡི་རྗེས་སུ་ཁོང་ཏང་ནང་ཞུགས་པ་དང་དུས་དེ་ནས་བཟུང་ཁོང་གི་བྲང་ཁར་ཏང་རྟགས་དམ་པོར་བཏགས་ནས་ཁོང་གི་དྲིན་ཚོར་གྱི་མཚོན་རྟགས་གཞན་ཞིག་ཏུ་འགྱུར་ཡོད། 

འདི་ནི་རྡོ་རྗེ་ཚེ་མཆོག་གིས་རང་གིས་བཙེམས་པའི་རྒྱལ་དར་དང་ཏང་དར་སྟོན་བཞིན་པ། 

རྡོ་རྗེ་ཚེ་མཆོག་གིས་ཏང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་དེའང་དུས་རྒྱུན་གྱི་དགའ་ཕྱོགས་ཆུང་ཆུང་ཞིག་ལས་མངོན་གྱི་ཡོད་ཅིང་། 2018ལོ་ནས་བཟུང་ཁོང་སྐུ་ངོ་མས་ཏང་དར་དང་རྒྱལ་དར་འཚེམ་འགོ་ཚུགས། མ་གཞི་ཟོར་བ་དང་སྟ་རེའི་བཟོ་དབྱིབས་དེ་ཙམ་ཚད་ལྡན་མེད་ལ། རྒྱལ་དར་ཐོག་གི་སྐར་མ་ཆུང་ཆུང་དེ་དག་ཀྱང་ཅུང་སྒོར་ཞིང་སྙིང་རྗེ་པོ་ཡོད་མོད། འོན་ཀྱང་དེའི་ཐོག་གི་ཁབ་སྐུད་རེ་རེ་ལས་ཁོང་གི་ལྷག་བསམ་རྣམ་དག་གི་བརྩི་བཀུར་མཚོན་གྱི་ཡོད། ཁོང་གིས“ཏང་ཡོན་དུ་གྱུར་རྗེས་ངས་རྟག་ཏུ་ཏང་དང་རྒྱལ་ཁབ་ཆེད་བྱ་བ་གང་བསྒྲུབ་དགོས་སམ་སྙམ་གྱི་འདུག”ཅེས་བཤད། ཁོང་གི་དྭངས་གཙང་གི་མིག་ཟུང་ལས་སྐད་ཆ་དེའི་ཁྲོད་ཀྱི་ཟོལ་མེད་བརྩེ་སེམས་དག་ཁ་ཐོག་ཙམ་གཏན་ནས་མིན་པ་ང་ཚོས་གསལ་པོ་ཚོར་གྱི་འདུག་ལ། ལོ་འདི་དག་རིང་ཁོང་གིས་ཁོམ་པ་རིམ་བཞིན་བཙེམས་པའི་དར་དམར་ཡང་ཁུག་ཆེན་གང་ཁེངས་འདུག 

ལོ59ལ་སླེབས་པའི་བགྲེས་སོང་ཁོང་གིས་རྒྱལ་དར་བསྒྲེངས་ནས་ལོ41སོང་བ་དང་། ཏང་ལོ31ལ་སླེབས་པ། དར་དམར་བཙེམས་ནས་ལོ6སོང་བ་བཅས་གྲངས་ཀ་བཞི་པོ་དེ་དག་ལས་ཁོང་གིས་དཀའ་སྤྱད་འབད་བརྩོན་གྱིས་ལེགས་སྐྱེས་ཕུལ་བ་མཚོན་གྱི་ཡོད་པ་མ་ཟད། བབ་ཆགས་པའི་བགྲེས་སོང་ཞིག་གིས་མི་སེམས་འགུལ་བའི་ལྷད་མེད་བརྩེ་སེམས་ལ་བརྟེན་ནས་རང་ཉིད་ལ་བདེ་སྐྱིད་སྦྱིན་མཁན་ཏང་དང་མེས་རྒྱལ་ལ་བརྩེ་བ་ཟབ་མོ་ཇི་ལྟར་འཆང་ལུགས་བདེན་དཔང་ཡང་བྱས་ཡོད།


往期回顾

成果丰硕!班戈县文化旅游再添新彩!


聚焦“四件大事”聚力“四个创建”

嘉黎县成功入选!

记 者 :仓 果

编 辑(一审):德庆拉泽

责 编(二审:秦     瑶

审 核(三审:索     朗


扫码关注


那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章