༄༅།།ཨ་མ་དང་བྲལ་བའི་མིག་ཆུའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ། །
བསླུ་མེད་དཀོན་མཆོག་གསུམ་གྱི་བྱིན་གྱིས་རློབས། །
མ་མེད་དྭ་ཕྲུག་རྣམས་ལ་ཐུགས་རྗེ་གཟིགས། །
འཇིག་རྟེན་མི་གཙང་འཁོར་གཅོང་སྟོང་བར་དུ། །
ལས་ངན་དྭ་ཕྲུག་མིང་ཡང་མེད་པར་ཤོག །
ཀྱཻ་མ་བཀའ་དྲིན་གཞལ་མཐའ་བྲལ་པའི་བདག་གི་ཨ་མ་ལགས། དྲིན་ཅན་མ།
ང་ནི་ཟླ་དགུ་ཞག་བཅུའི་རིང་ལུས་ལ་ཁུར་ནས་ཨ་མ་ཁྱེད་ཀྱིས་དཀའ་སྡུག་གང་མང་མྱངས། ཁྱེད་ཀྱིས་བུ་ལ་དམིགས་ནས་གང་འདོད་ཀྱིས་ལོངས་སྤྱོད་དང་བདེ་སྐྱིད་ཀྱི་ཁ་ཟས་ཙམ་ཡང་སྤྱོད་མ་ཐུབ། ཁྱེད་ཀྱིས་སེམས་སུ་ངའི་བུ་ལ་གནོད་འགྲོ་བསམ་ནས། ངག་གིས་དགོད་སྒྲ་དང་ལུས་ཀྱིས་རྩེ་མོ་ཙམ་ཡང་བྱེད་པར་ཤུན་ཏུ་ནས་འཛེམ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ལས་ངན་བདག་དབྱར་གྱི་ཚ་བ་དང་དགུན་གྱི་འཁྱགས་རླུང་ལ་མ་རག་པར་ཟླ་དགུ་ཞག་བཅུར། ཨ་མ་ཁྱེད་ཀྱི་ལུས་ལ་ཁུར་བས་དྲིན་ལན་འཇལ་མཐའ་བྲལ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ལོ་བཞི་ཙམ་གྱི་རིང་ཉིན་མཚན་བར་མེད་དུ་ཨ་མ་ཁྱེད་ཀྱི་བྲང་ལ་སྦྱར་ཏེ་ནུ་ཞོ་མངར་མོ་བསྣུན་ནས་གཉོར་སྐྱོང་བྱས་དུས། ལས་ངན་ངས་གཡེར་ངུ་དང་ང་རྒྱལ་ལས་ང་ལ་སྐྱིད་སྣང་དང་སྤྲོ་སྣང་ཡོད་པ་ཡེ་མ་ཤེས། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ང་རང་འུ་ཚང་གི་ར་སྐོར་ནང་དུ་ཡོད་སྐབས་ཞིག་ལ་དྲིན་ཅན་ཨ་མའི་རྩག་པ་ཁ་ཁྱོན་དམར་བོ་ཅན་ཞིག་གོན་ཏེ་ཐ་ཧོལ་ནས་ཡོང་བར་ངས་གསལ་བོར་ཤེས། ཕྱིར་ལམ་ངས་ལག་མགོར་བཟུང་ནས་ཁྱིམ་དུ་ཁྲིད། ངས་རྒྱུན་པར་ཡིད་དུ་ཤར་བ་དང་རྨི་ལམ་ནང་དུ་ཡོང་བ། ནམ་ཡང་བརྗེད་ཐབས་མེད་པའི་ཨ་མ་ནི་ཁྱོད་ཡིན། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། སྲིང་མོ་ལོ་གཅིག་དང་ང་རང་ལོ་བཞིའི་སྟེང་རྒྱ་བཟའི་ཀླད་དུ་གཞུང་ལམ་ལས་སྐབས་བྱམས་ལྡན་ཨ་མ་ཁྱེད་འགད་རྫས་ཀྱི་རྐྱེན་ལམ་དུ་ཤོར། ལས་ངན་ང་ཨ་མ་མེད་པའི་དྭ་ཕྲུག་ཏུ་གྱུར། བླ་མ་དཀོན་མཆོག་མཁྱེན་ཉམ་ཐག་ངེད་མིང་སྲིང་གཉིས་སུ་ལ་བརྟེན། སུ་ཡིས་སྐྱོབ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ།
ཨ་མ་ཁྱེད་མ་བཞུགས་ཉིན་འུ་ཚང་གི་ར་ནང་དུ་མི་མང་བོ་ངུ་འབོད་བྱེད་བཞིན་འདུག ང་ནི་ཨ་པ་ཀླུ་མཚོའི་བང་དུ་ཡོད། ངས་བསམ་པར་ང་ངུས་ན་ཨ་མ་མི་ཡོང་མ་ངུས་པར་སྡད་ན་ཨ་མ་ཡོང་བར་བསམ། ཨ་མ་ཁྱེད་གཏན་ནས་ཡོང་རྒྱུ་མི་འདུག་ལུས་ངན་ང་ཇི་འདྲའི་སྡུག་པ་ལ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ངས་ཆུང་དུས་ཉིན་གཅིག་རྫ་མ་བཟུང་ནས་ཆུ་ལེན་པའི་ལམ་བར་དུ་སྲིང་མོ་བཀྲ་ཤིས་མཚོ་ལ་འུ་གཉིས་ཀ་ཨ་མ་ཡོད་ན་སྐྱིད་ནི་རེད་ཅེས་བཤད། སྲིང་མོས་ཨ་མའི་རྩམ་པ་འཐག་ནས་བསྡད་ཡོད་ཟེར། དུས་དེ་ནས་བཟུང་ངས་སྲིང་མོའི་ཤེས་འགྲོ་བསམ་ནས་ཨ་མའི་སྐད་ཆ་ཚིག་གཅིག་ཙམ་ཡང་བཤད་མ་མྱོང་། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། དེ་རྗེས་ངེད་ཚང་ནི་ཕྱུགས་ལས་ལ་སོང་། ར་སྐོར་མི་འདུག་པའི་ཨ་མ་ཡོང་མི་ཤེས་འདོད། རྒྱུན་དུ་ངས་སེམས་སུ་ར་སྐོར་ནང་དུ་ཐོན་ན་ཨ་མ་ཨེ་ཡོད་བསམ། ལོ་འགའི་རྗེས་ངེད་ཚང་གི་རུ་སྨན་ལུང་དུ་བབས། ཨ་རྒྱ་ཧ་ལོའི་སང་ཉིན་འུ་གཉིས་ཞིང་ལས་སུ་ལོ་སར་ལ་འགྲོ་ཟེར། ར་ནང་དུ་ཨ་མ་ཨེ་ཡོད་ལྟ་ཐུབ་པར་བསམ་ནས་ཤུན་ཏུ་དགའ་སོང་། ཚེས་གཅིག་གི་སྔ་མོར་ལངས་ནས་ཁ་ལག་བཀྲུས། ང་ལ་གོན་རྒྱུ་དཀོན་ཞེས་བཤད། ཨ་རྒྱའི་འདི་ཉུག་རྒྱུ་དགའ་ཟེར། ང་ཉུག་རྒྱུ་དགའ་བ་མིན་ཞེས་བཤད། དེས་ན་བྲེལ་བ་ལངས་དོན་ཅི་ཟེར། ང་རང་ཁ་རོགས་བསྡད། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ཁྱིམ་ཚང་སོ་སོས་ལོ་སར་ལ། སུལ་དམར་དང་གོས་སྣེ་རེ་སྟེར་ནི་ཡོད་ཀྱང་ང་ལ་དགའ་བ་མེད། ངས་ཨ་རྒྱ་འུ་ཚང་གི་ཁང་བའི་ནང་དུ་འགྲོ་མིན་དྲིས། ཁང་བའི་ནང་དུ་ཨ་རྒྱམ་ཚང་ཡོད་འགྲོ་ཟེར། དེར་ཐོན་དུས་ང་ཁྱིམ་ནས་མ་བསྡད་པར་ར་ནང་དུ་སྐོར་བ་བྱས། ཨ་མ་མེད་ཀྱང་ཨ་མའི་ངས་ལག་མགོར་བཟུང་ནས་ཁྲིད་ས་ཤེས། དེ་ནས་བཟུང་ར་སྐོར་ནང་དུ་ཡང་ཨ་མ་མེད་པར་ཤེས། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། གཞན་གྱིས་དྭ་ཕྲུག་ཟེར་ནས་དམའ་འབེབས་དང་མཐོང་ཆུང་བྱས་པ། སེམས་མི་སྐྱིད་པ་དང་དཀའ་སྡུག་མང་བོ་མྱང་བ། ཉིན་ཀར་ཨ་མ་མང་བོ་དྲན་ན་མཚན་མོར་བྱམས་ལྡན་ཨ་མ་ཁྱོད་རྨི་ལམ་དུ་ཡོང་། ཨ་ཧ་ཧ་འདི་མངོན་སུམ་དུ་མཐོང་བ་ཡིན་ན་ཇི་འདྲའི་སྐྱིད་པ་ལ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ།
བྱིས་པ་ཚོའི་རང་གི་ཨ་མ་ལ་འཐམ་པའམ། ཨ་མའི་ལག་པས་བཟུང་ནས་ཁྲིད་པ། ཨ་མ་དང་ལྷན་དུ་འགྲོ་བ་རིག་དུས་ལས་ངན་ཅན་ང་ལ་ཨ་མའི་ཟེར་ནས། ཁྲིད་མཁན་མེད་པའི་སྐྱོ་གདུང་གི་མིག་ཆུ་དབང་མེད་དུ་ཤོར། ཁྱེད་དང་བྲལ་བས་རང་ལོ་ང་བཞི་ལྷག་ལ། ཨ་མ་མེད་པས་གདུང་ཚོར་དྲག་པས་མནར་གཅོད་མྱོང་བ་ལས། ཨ་མ་བརྗེད་པས་སྐྱིད་དགའི་ལོངས་སྤྱོད་དང་མི་ཚེའི་སྤྲོ་སྣང་ཡེ་ནས་མེད། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། གནས་གང་དུ་བསྡད་པ་དང་། གྲོགས་སུ་དང་འགྲོགས་པ། བྱ་བ་བཟང་ངན་གང་སྒྲུབ་ནའང་ཨ་མ་ཁྱེད་དྲན་བྱུང་། སྙན་མོའི་སྒྲ་དང་བཟང་བོའི་གྲོགས། མངར་མོའི་ཟས་དང་འཇམ་པོ་གོས་སོགས། གང་དུ་ལོངས་སྤྱད་ཀྱང་ངས་བྱམས་སེམས་ཅན་གྱི་ཨ་མ་ཁྱེད་བརྗེད་མ་མྱོང་། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། བྱིས་པ་གཞན་གྱི་ཨ་མ་ཞེས་པས་འབོད་སྒྲ་ཐོས་སྐབས་བྱིས་པ་དེ་ཚོ་ཇི་འདྲའི་སྐྱིད་པ་ལ། ལུས་ངན་ང་རང་ཨ་མ་ཞེས་འབོད་ས་མེད་བསམ་པས། སེམས་ལ་སྡུག་བསྔལ་ཆེན་པོས་མནར་གཅོད་བཟོད་ལྷག་མེད་པ་ཡོང་། བྱིས་པ་འགའ་ཤས་ཕྲུ་གུ་གཞན་མ་ཐུབ་པ་དང་། རང་ཉིད་མི་དགའ་བར་འཕྲད་ཚེ། ཨ་མ་བཤད་ཀྱིས་ཟེར་ནས་འགྲོ་བ་མཐོང་སྐབས། ང་ལ་ཨ་མ་ཟེར་བས་སྐད་ངན་གཏུག་ས་མེད་བསམ་པས། སྐྱོ་གདུང་གི་མིག་ཆུ་དབང་མེད་དུ་ཤོར། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ཨ་མ་སོ་སོས་སྐད་ངག་སྙན་མོའི་རང་གི་བྱིས་པར་འབོད་པ། ངའི་གཅེས་ཕྲུག་དཀའ་སྡུག་ཆེན་པོ་རིག་སོང་། ལྟོག་སྐོམ་མྱངས་དང་ང་ཟེར་ནས། ཕྱག་ལག་འཇམ་པས་མགོ་ལ་བྱུག་པ། འོ་བྱེད་པ་བཟའ་བཅའ་བཏུང་གསུམ་གང་ཞིམ་བྱིན་ནས། ཟོ་འཐུང་ཞེས་བཤད་པ་མཐོང་སྐབས། ལས་ངན་ང་ལ་ཡང་ཨ་མ་ཡོད་ན་འདི་ལྟར་སྟེར་བར་བསམ་ནས། སེམས་ལ་ན་ཟུག་དང་སྐྱོ་བས་མིག་ཆུ་གཏོང་དགོས་བྱུང་། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། བྱིས་པ་ཚོ་དང་མཉམ་དུ་རྒྱུན་པར་ཕྱུགས་རྫིར་སོང་ནས། མྱུར་བར་ཁྱིམ་ལ་མ་སླེབ་སྐབས་ཨ་མ་ཚོས། སྐད་གསེང་མཐོན་པས་རང་གི་བྱིས་པའི་མིང་ནས་བཟུང་སྟེ་འབོད་དུས། ང་ལ་འབོད་མཁན་གྱི་ཨ་མ་མེད་བསམ་ནས་མིག་ཆུ་ཤོར་བྱུང་། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། བྱིས་པ་འགའ་ཤས་ཨ་མའི་ཅུང་ཙམ་གཅར་བར་ས་འཕག་རྡོ་འཕག་དང་། སྐད་གསེང་མཐོན་པས་ངུ་འབོད་བྱེད་པ་མཐོང་སྐབས་འང་ནན་པ་རེད་ཡ། བྱམས་ལྡན་ཨ་མའི་ཐལ་ལྕག་ཙམ་ལ་དེ་འདྲའི་ངུ་འབོད་ཅི་བྱེད། ང་ལ་ཨ་མ་མེད་མོད་ཡོད་དེ་གཅར་ན་དེ་ལྟར་མི་བྱེད་བསམ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། བྱིས་པ་འགའ་ཤས་ཨ་མ་ལ་ཁ་ལོག་ཚིག་ལོག་དང་། ལན་ལོག་འདེབས་པ་མཐོང་བའི་སྐབས་ཨ་མ་ཡོད་པའི་སྐྱིད་མ་ཆག་པ་རེད། ཨ་མ་མེད་ན་ནན་པ་ཁྱོད་ཀྱིས་ཁ་ལོག་ལན་ལོག་སུ་ལ་བྱེད་སྙམ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། སྐྱེས་བུ་འགའ་ཤས་རང་གི་གཟའ་ཟླའི་ཁར་བརྒྱུགས་ནས། ཕ་མ་བསྐྱུར་ནས་གཞན་དུ་འགྲོ་བ་དང་སྡང་མིག་སྤྲད་པ་ལན་ལོག་འདེམས་པ། ཨ་མར་ལུས་ངག་ཡིད་གསུམ་ཡག་པོས་ཁ་ལེན་ཚིག་བརྩི་དང་། ཁ་འཇམ་ཚིག་འཇམ་མི་སྨྲར་བ་ཨ་མའི་སྐྱིད་སྡུག་ལྟ་རྟོག་མི་བྱེད་པ་མཐོང་སྐབས་མི་རུང་བསམ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། སྐྱེས་བུ་ལ་ལས་རྒྱལ་འཇོག་ཤོ་རྒྱག་དང་། ཇག་རྐུའི་འཁྱམས་གསུམ་བྱས་ནས་རང་ཉིད་བཙོན་དུ་འཇུག་པ་སོགས་བྱུང་དུས། དྲིན་ཅན་ཨ་མའི་སེམས་ཁྲལ་དབང་གིས་མིག་ཆུ་གཏོང་ཞིང་སྡུག་བསྔལ་མྱོང་སྐབས། ཨ་ཧ་ཧ་ང་བློ་བཟང་དོན་ཡོད་ཀྱིས། ཨ་མ་ཡོད་ན་སྡུག་ལ་མི་སྦྱོར་བར་ཡང་ཡང་དམ་བཅའ་མཛད། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ང་རང་རབ་བྱུང་དང་དགེ་ཚུལ་སློང་གི་སྡོམ་པ་བླངས་པ། རིགས་ཆེ་ཆུང་གི་ཚོགས་ལངས་དང་། ཚོགས་ཆེན་དགེ་བསྐུལ་གྱིས་འགན་ཁུར་བ། བཀའ་པོད་ལྔའི་སྨོན་ལམ་རབ་འབྱམས་པའི་དགེ་བཤེས་དང་། སྔགས་རིམ་ཆེན་མོའི་དམ་བཅའ་སོགས་ལེགས་པའི་བྱ་བཞག་ཅུང་ཙམ་རེ་འགྲུབ་དུས། ཨ་མ་ཁྱེད་འཇིག་རྟེན་འདིར་བཞུགས་ན། སེམས་ལ་དགའ་བ་དང་སྤྲོ་བ་ཆེན་པོ་སྐྱེས་ཡོད་བསམ་ནས། ངའི་ལུས་ལ་ན་ཟུག་གི་ཚོར་བ་དང་སེམས་ལ་སྡུག་བསྔལ་གྱིས་གདུང་བ་སྐྱེས། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ཨ་མ་ཁྱེད་བཞུགས་ནས་ང་ཡི་བུ་འདིའི་རྒྱལ་བའི་བསྟན་པ་དང་། དགོན་པ་གྲྭ་ཚང་ལ་ཞབས་ཞུ་ཅུང་ཙམ་རེ་སྒྲུབ་མ་ཐུབ་ནའང་སངས་རྒྱས་ཀྱི་བསྟན་པར་གནོད་རྐྱེན་མི་བཟོ་སྙམ་པ་དང་། ང་རང་ལ་ཡང་ཞབས་འདྲེན་མི་བྱེད་ཁོ་ཐག་ཡིན་བསམ་ནས་སེམས་ཐག་བཅད་དེ། ཨ་མ་ཁྱེད་འཇིག་རྟེན་འདིར་བཞུགས་པའམ་ཕྱི་མར་བྱོན་པའི་བསྐལ་བ་ཞིག་ཡོད་ཚེ། ངའི་ཨ་མ་ཁྱེད་ཀྱིས་དྲིན་ལན་འཇལ་ཐུབ་སོང་བསམ་ན་དྲན་གདུང་གི་མིག་ཆུ་འཆོར། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། སྙིགས་མའི་སྐྱེས་བུའི་ངང་ཚུལ་འདི་ལ་ལྟོས་དང་། སྤུན་དང་འདྲ་བའི་གྲོགས་པོ་དགྲ་རུ་གྱུར་བ་འང་སྲིད། སྐྱེ་བོ་དགྲ་གྱུར་བ་ཡང་གྲོགས་སུ་འགྱུར་བ་ཡོད། ཆོས་དང་འཇིག་རྟེན་ཀུན་ལ་དགོས་པའི་དྲང་བདེན་གནས་ལུགས་ཡལ་བར་དོར། སྐྱེས་བུ་དམ་པས་སྤང་བྱའི་འུར་སྟོད་དང་འུར་སྒྲོག་བླང་བྱར་བྱེད། བརྗོད་མཐའ་བྲལ་བའི་ངན་སྨྲས་སྣ་དགུའི་ཡིད་སེམས་སྐྱོ། ཉམ་ཐག་དྭ་ཕྲུག་ཚོ་ཡིས་བྱ་སྤྱོད་འདི་འདྲ་བཟོད་པར་དཀའ། སྡུག་དུས་གང་མཐའ་ཇི་བྱུང་མང་བོ་བསམ་བློ་དོར། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ངའི་ཉིན་མཚན་བར་མེད་དུ་ཨ་མ་ཁྱེད་དྲན་བྱུང་། ཨ་མ་བཀའ་དྲིན་ཅན་མ་ཁྱེད་ཡིད་ལ་འཁོར་བྱུང་། ངའི་རྨི་ལམ་ནང་དུ་ཡང་ནས་ཡང་དུ་ཡོང་བའི་ཨ་མ་ལན་གཅིག་མཇལ་རྒྱུ་མེད་པ་འདི་ཇི་འདྲའི་སྐྱོ་བ་ལ། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ལས་ངན་པ་ཅན་གྱི་བློ་བཟང་དོན་ཡོད་ངའི་སེམས་ཁོང་ན་ཡོད་པའི་ཨ་མའི་ཞལ་རས་ལན་གཅིག་མཐོང་བ་དང་། གསུང་སྐད་ལན་གཅིག་བརྗོད་ཐོས་མེད་པ་འདི་ཇི་འདྲའི་སྡུག་པ་ལ། བཀའ་དྲིན་ཅན་གྱི་ཨ་མ་ལགས།
དྲིན་ཅན་མ། ངའི་ལུས་ཀྱི་ན་ཟུག་དང་སེམས་ཀྱི་སྡུག་བསྔལ་ཨ་མ་ཁྱེད་ཀྱིས་རྟོགས་སམ། ངའི་སྨྲེ་ངག་གི་འབོད་སྒྲ་ཨ་མ་ཁྱེད་ཀྱིས་ཐོས་སམ། ངའི་མིག་ཆུ་ཅི་ཙམ་གཏོང་བ་ཨ་མ་ཁྱེད་ཀྱིས་མཐོང་ངམ། ཨ་མ་ལགས། ང་ལ་བརྗོད་མཐའ་བྲལ་བའི་ན་ཟུག་ཞིག་ཡོད་པ་ཨ་མ་ཁྱེད་ཀྱིས་ཚོར་རམ། ངའི་ངུ་འབོད་ཀྱིས་དབྱངས་ལྟ་ཅི་ཙམ་བཏོན་པ་ཨ་མ་ཁྱེད་ཀྱིས་གོ་བ་ཨེ་བྱུང་། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ཨ་མ་ལ་གུས་བཀུར་ཆེ་བས་བུ་མཆོག་འགས། ཨ་མ་ལ་ཁ་འཇམ་ཚིག་འཇམ་སྨྲ་བ་བྱམས་དང་བརྩེ་བས་སྐྱོང་བ། ཞབས་ཞུ་དང་གུས་བཀུར་བྱེད་པ་མཐོང་ན། ངས་ཨ་མ་ཁྱེད་རང་དྲན་བྱུང་། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། བུ་མཆོག་འགས་དྲིན་ཅན་ཨ་མ་བསྐྱོར་ནས། དགོན་མཐའི་འཁོར་ལོ་ཆེ་ཆུང་མང་བོ་སྐོར་བ་དང་། ཕྱི་ནང་གི་སྐོར་ལམ་དུ་འགྲོ་བ་མཐོང་དུས་ངས་ཀྱང་ཨ་མ་སྐྱོར་བར་བསམ་ཡང་ང་ལ་ཨ་མ་མི་འདུག བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། བུ་མཆོག་འགས་ཨ་མ་ཁྲིད་དེ་དབུས་གཙང་དག་པའི་ཞིང་མཆོག་དང་བྱང་ཉི་མ་བླ་བྲང་། བྱང་གི་དགོན་ཆེན་བཞི་སོགས་ལ་གནས་མཇལ་དུ་འགྲོ་བ་མཐོང་སྐབས་ངས་ལྷག་པར་ཨ་མ་དྲན། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། བུ་མཆོག་འགའི་བཀའ་དྲིན་ཅན་གྱི་ཨ་མ་གང་དགའ་གང་སྐྱིད་དང་། ནད་གཡོག་གཉོར་སྐྱོང་བྱེད་པ་ཁ་ཟས་གང་ཡག་གང་ཞིམ་སྟེར་བར་མཐོང་དུས་ངས་ཀྱང་ཨ་མ་སྐུ་གཡོགས་ཞབས་ཞུ་སྒྲུབ་བསམ་ཡང་ང་རང་ལ་ཨ་མ་མེད། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། ལས་ངན་བློ་བཟང་དོན་ཡོད་ཀྱིས་ཨ་མ་ཡོད་ན་གནས་མཇལ་ལྟ་སྐོར་སོགས་ལ་ཁྲིད་པ་དང་། ཁ་ཟས་གང་ཡག་སྟེར་བ་གཉོར་སྐྱོང་ལེགས་པོ་བྱེད་དགོས་པར་བསམ་དུས། ང་ཡིས་རང་དབང་མེད་པར་བྱམས་བརྩེ་ལྡན་པའི་ཨ་མ་དྲན་བྱུང་། བཀའ་དྲིན་ཅན་གྱི་ཨ་མ་ལགས། དྲིན་ཅན་མ། འཁོར་བ་འདི་ཇི་འདྲའི་མི་གཙང་བ། །འཇིག་རྟེན་འདི་ཇི་འདྲའི་སྡུག་བསྔལ་ཆེ། །བདག་ལས་འདི་ཇི་འདྲའི་དམན་པ་ལ། །རང་སེམས་འདི་ཇི་འདྲའི་སྐྱོ་བར་འདུག །རེད་ཡ་ངས་རྒྱུན་དུ་ཕ་མ་ཤི་བའི་དྭ་ཕྲུག་མེད་པས་སྨོན་ལམ་བཏབས། ང་རང་ཆུང་དུས་གལ་ཏེ་དྭ་ཕྲུག་ཏུ་འབུད་ན་ཨ་ཕ་ཤི་བས་དྭ་ཕྲུག་ལས། ཨ་མ་ཤི་བས་དྭ་ཕྲུག་མི་ཡོང་བའི་སྨོན་ལམ་ཡང་ཡང་འདེབས་མྱོང་མོད། བཀའ་དྲིན་ཅན་གྱི་ཕ་མ་སུ་དང་བྲལ་བའི་དྭ་ཕྲུག་ལ་ཁྱད་མ་མཆིས་ཀྱང་། བདག་ནི་ཆུང་དུས་ནས་ཨ་མ་མེད་པའི་སྡུག་བསྔལ་ཆེན་པོ་མྱོང་བའི་དབང་གིས་རྨོངས་བློར་ཤར་ཚུལ་དེ་ལྟར་རོ། །
ཀྱཻ་མ་ཡ་མཚན་འདི་འདྲའི་སྡུག་བསྔལ་སྐྱོ་བ་ལ།།
མི་རྟག་གཞན་དབང་ཡིན་པས་རང་དབང་ག་ལ་ཡོད།
འདུས་མཐར་འབྲལ་བ་ཆོས་ཉིད་ཡིན་པས་ཐབས་མ་མཆིས།།
བཀའ་དྲིན་ཅན་གྱིས་ཕ་མ་ཕྱི་མའི་ཡུལ་དུ་ཆས།།
མིག་ཆུ་རྨ་ཆུར་འདྲེས་ཀྱང་ཕན་པའི་སྐབས་ཞིག་མེད།།
སྐྱོ་གདུང་མནར་གཅོད་བཙན་པོ་མྱོང་བ་སུ་ལ་བཤད།།
ངུ་ངག་དབྱངས་རྟ་མང་བོ་བཏོན་པ་སུ་ཡིས་ཉན།།
སེམས་ཀྱི་བཟོད་མཐའ་བྲལ་བས་ན་ཟུག་སུ་ཡིས་རྟོགས།།
བདག་དང་མ་རྒན་འགྲོ་བ་མ་ལུས་ཀུན།།
འདི་དང་ཕྱི་མ་བར་དོ་གནས་སྐབས་སུ།།
སྐྱོབས་པར་མཛོད་ཅིག་བླ་མ་དཀོན་མཆོག་གསུམ།།
རེ་ས་གཞན་ན་མེད་དོ་ཐུགས་རྗེས་གཟིགས།།
སྙིང་རྗེ་དམན་པའི་ཕ་མ་འགའ་ཤས་ལགས།།
རང་རང་འདོད་རྔམ་ཕྱོགས་ལ་ཉམས་རེ་ཞོག།
ཆགས་སྲིད་ཉོན་མོངས་བྲན་དུ་མ་འཁོད་ལགས།།
རང་གི་གཅེས་ཕྲུག་གསོན་དྭ་མ་འཕུལ་རོགས།།
གཉོམ་ཆུང་དྭ་ཕྲུག་སྡུག་ཚོར་སུ་ཡིས་རྟོགས།།
རྐྱེན་ངན་ལས་ཀྱིས་དྭ་ཕྲུག་ལྡོག་ཐབས་བྲལ།།
གསོན་དྭའི་དྭ་ཕྲུག་སྡུག་བསྔལ་གང་མྱོང་བ།།
ཁྱོད་སེམས་རྡོ་གྲུབ་མིན་ཚེ་བཟོད་ལྷག་མེད།།
དྭ་ཕྲུག་འགའ་ཤེས་དབང་སྐྱོན་བྱུང་བ་མཐོང་།།
དྭ་ཕྲུག་འགའ་ཤེས་སྤྱང་ཁྱིས་ཟས་པ་ཐོས།།
དྭ་ཕྲུག་འགའ་ཤེས་གནམ་སྟོང་ཟླ་དང་མཚུངས།།
དྭ་ཕྲུག་འགའ་ཤེས་ཆུ་ཡིས་ཁྱེར་བར་བསྙད།།
ལས་ངན་དྭ་ཕྲུག་སངས་རྒྱས་སྟོང་གི་སྐྱོབ་ཐབས་མེད།།
བུ་ཕྲུག་གསོན་དྭར་མ་གཏོང་ཕ་མ་ན་རག་ཚོ།།
བུ་ཡིས་སྡུག་ཚོར་ཇི་མྱོང་བསམ་ན་ཉམས་རེ་ཞོག།
རང་གི་བུ་དང་དུག་གསུམ་འདེམ་ཁ་མ་ནོར་མཛོད།།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་མཁྱེན།།
འཁོར་ངན་རྒྱ་མཚོའི་འཇིག་རྟེན་སྟོང་བར་དུ།།
ལས་ངན་དྭ་ཕྲུག་ཟེར་བ་མི་འབྱུང་ཞིང་།།
ཕ་མ་བུ་གསུམ་འཛོམས་པ་མཐར་ཕྱིན་ཤོག།
ཅེས་པ་འདི་ནི་བོད་ཤིང་འབྲུག་ལོའི་དབོ་ཟླ་བའི་ཡར་ངོས་ཚེས་བཅུ་གསུམ་ཉིན། དགེ་མིང་འཛིན་པ་བློ་བཟང་དོན་ཡོད་ཀྱིས་ལོ་བཞི་ནས་ང་བརྒྱད་བར་གྱི་ཨ་མ་དྲན་པའི་ལུས་ཀྱི་ན་ཟུག་དང་བཏོན་པའི་སྨྲེ་ངག སེམས་ཀྱི་སྡུག་ཚོར་མིག་ཆུ་དང་འདྲེས་ནས་བརྗོད་པའོ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །དགེའོ། །
香叶|
REVIEW
香叶传媒中心
香叶传媒中心13970757717
需要拍摄拍照的联系我们13909757717
13909757717
香叶传媒中心13970757717
往期回顾 |
REVIEW
ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས།འབྲེལ་ལམ། 13909757717
ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས།འབྲེལ་ལམ། 13909757717
ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས།འབྲེལ་ལམ། 13909757717
往期回顾 |
REVIEW
ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས།འབྲེལ་ལམ། 13909757717
ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས།འབྲེལ་ལམ། 13909757717
ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས།འབྲེལ་ལམ། 13909757717
ཁྱེད་ཀྱིས་སྒྱུ་རྩལ་དང་ལག་རྩལ་གཉིས་མཉམ་དུ་འཛོམས་པའི་པར་རིན་ཐང་ཅན་ཞིག་བསྒྲོན་པར་ཆེད་ལས་པར་ལེན་པ་དང་ཆེད་ལས་མཛེས་བཟོ་བ།
དེ་བཞིན་ཆེད་ལས་ཀྱི་པར་ལེན་ལས་ཁུངས་ཤིག་འཚོལ་དགོས་ལ།
དེ་བས་ཁྱེད་ཉིད་ཀྱིས་མགོ་ལོག་ཁུལ་རྨ་ཆེན་རྗོང་ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས་འདེམས་རོགས་དང་།
ཆེད་ལས་ཀྱི་པར་ལེན་པ་དང་ཆེད་ལས་མཛེས་བཟོ་བ་ཕུལ་བྱུང་ཅན་མང་བོའི་གྲུབ་པའི་སྤྱི་གཉེར་ཁང་ཞིག་ཡིན།
དེ་མིན་སྤྱི་གཉེར་ཁང་གིས་ད་དུང་རྒྱུ་སྤུས་རྩེ་གྲ་ཅན་གྱི་བརྙན་ལེན་དང་མདོ་འཛིན་པའི་དགོས་མཁོ་སྐོང་བ། དཔེ་དེབ་སྒྲིག་སྦྱོར། དཔེ་དེབ་པར་བསྐྲུན་སོགས་ཀྱི་དཔུང་སྡེ་ཡང་བཟང་བོ་ཞིག་གིས་གྲུབ་པའི་རྒྱ་ཆེ་བའི་སྐུ་མགྲོན་རྣམས་པའི་རེ་བ་སྣ་ཚོགས་ལ་འགན་འཁྲིའི་བསམ་པ་ལེགས་པོ་ཞིག་ནང་སེམས་རྒྱུད་ལ་སྲུང་ནས་རྒྱ་ཆེ་བའི་སྐུ་མགྲོན་གྱི་འདོད་བློ་ཡོངས་སུ་སྐོང་ངེས་ཡིན།
སྔོན་ཆད་ཅིག་ལ་རང་གི་ཆེས་གཅེས་པར་འོས་པའི་མི་ཞིག་དང་ཡང་ན་མི་ཚེའི་དཀར་ནག་བརྒྱུད་རོགས་ཤིག་དང་མཉམ་དུ་པར་ཞིག་བསྒྲོན་རྒྱུ་ནི་ལོ་རབས་དེ་དག་ལ་མཚོན་ན་ཤིན་ཏུ་དཀའ་ཞིང་དོན་སྙིང་གིས་ཕྱུག་པའི་དོན་དག་ཅིག་ཡིན་ལ། ལོ་ངོ་རིང་མོ་དུ་མ་ཞིག་གི་སྔོན་དུ་བོད་ཡུལ་ལུང་པ་ལའང་པར་ཞིག་བསྒྲོན་ནས་ཁྲེལ་དང་ཕྱི་ཐག་ཅན། ཡང་ན་སྙིང་ཉེ་བའི་མི་ལ་ལེགས་སྐྱེས་སུ་ཕུལ་བའི་ཆེད་དུ་ཐག་རིང་གི་གྲོང་རྡལ་དང་རྫོང་མཁར་ལ་རྐང་ཐང་དུ་སོང་མྱོང་བའི་མཛེས་སྡུག་གི་གཏམ་རྒྱུད་མང་བོ་ཞིག་བྱུང་མྱོང་། དེ་ནི་སྐབས་དེའི་མི་རྣམས་ཁོམ་སོང་བས་བྱ་བ་ཅི་ཡང་བསྒྲུབ་རྒྱུ་མེད་པས་མ་ཡིན་ཏེ། དེ་ནི་སྐབས་དེའི་མི་རྣམས་ཀྱིས་རང་གི་ཆེས་ཡིད་དུ་འོང་བའི་བདེ་སྐྱིད་ཀྱི་རྣམ་པ། ད་དུང་སྐྱིད་སྡུག་གི་དཔུང་བ་གཤིབ་རོགས་ཀྱི་མི་བློ་དཀར་དག་དང་མཉམ་དུ་མི་ཚེ་འདིར་ཁྲེལ་དང་ཕྱི་ཐག་ཅན་གྱི་མི་ཞིག་ལ་འཕྲད་མྱོང་བ་བདེན་དཔང་བྱེད་ཆེད་དང་། རང་ཉིད་འཇིག་རྟེན་ལ་གསོན་པའི་སྐབས་ཀྱི་མཛེས་སྡུག་གི་ཕྱིར་དྲན་རེ་རེ་པར་དུ་བསྒྲོན་ནས་ནམ་རྒྱུན་དྲན་པའི་རྟེན་དུ་ཉར་བའི་ཆེད་དུའམ། ཡང་ན་ཚེ་སྲོག་གི་རིན་ཐང་དང་བརྩེ་སེམས་ཀྱི་དོན་སྙིང་གསལ་བོ་ཞིག་མཚོན་དུ་བཅུག་ནས་སོ་སོའི་གལ་ཆེན་གྱི་མི་དག་ལ་ཕུལ། ཁོ་ཚོའི་དུས་རབས་ལ་མཉམ་དུ་པར་སྒྲོན་མྱོང་བའི་མི་ནི་ནམ་ཡང་ལོ་ཟླའི་འགྱུར་བ་དང་བསྟུན་ནས་བརྩེ་བ་ལ་འགྱུར་བ་མེད་པའི་རྟགས་མཚན་ཞིག་ཡིན་ལ། དེ་ནི་མི་རྣམས་ཀྱིས་ནམ་རྒྱུན་གླེང་བའི་ལོ་ཟླ་ལ་ཕྱིར་ཡོང་མེད་ཀྱང་ཡོད་ན་བསམ་ཞེས་པའི་རིན་ཐང་གི་ལྟ་བ་ཡིན། ད་ལྟ་བསམ་ན་དུས་རབས་དེའི་མི་རྣམས་ཀྱི་ཚེ་སྲོག་གི་རིན་ཐང་དང་མཛེས་པ་འཚོལ་བའི་ཐར་ལམ་ནི་ཆེས་སྙིང་ཉེ་བ་ཞིག་ཡིན་པ་ཤེས།
དེང་གི་དུས་སུ་མི་རེ་རེའི་ལག་ཏུ་ཁ་པར་རེ་ཡོད་ཀྱང་དེ་ནི་དོན་སྙིང་གི་རིན་ཐེགས་ཆེན་པོ་མེད་པར་གང་འདོད་དུ་མི་ཞིག་དང་འཕྲད་ན་པར་དུ་སྒྲོན་པར་བྱེད་པས་རིན་ཐང་ཡང་རང་བཞིན་གྱིས་མེད་པར་གྱུར་སོང་། དེ་བས་ཁྱེད་ཀྱིས་རང་གི་ཆེས་སྙིང་དུ་སྡུག་པའི་མི་དང་རང་གི་ཡིད་འོང་གི་ལང་ཚོའི་འགྱུར་བ་རེ་རེ་པར་དུ་སྒྲོན་དང་དེ་ནི་ཁྱེད་ཀྱིས་མི་ཚེའི་རིན་ཐང་དང་རང་ཉིད་ཀྱི་རིན་ཐང་རྙེད་པ་ཡིན་ལ། ད་དུང་ལང་ཚོ་ལ་བརྩི་བཀུར་བྱས་པ་ཡང་ཡིན། དེ་བས་ཁྱེད་ཀྱིས་པར་རིན་ཐང་ཅན་ཞིག་བསྒྲོན་པར་ཆེད་ལས་པར་ལེན་པ་དང་ཆེད་ལས་མཛེས་བཟོ་བ། དེ་བཞིན་ཆེད་ལས་ཀྱི་པར་ལེན་ལས་ཁུངས་ཤིག་འཚོལ་དགོས་ལ། དེ་བས་ཁྱེད་ཉིད་ཀྱིས་མགོ་ལོག་ཁུལ་རྨ་ཆེན་རྗོང་ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས་འདེམས་རོགས་འདེམས་རོགས་དང་ཙན་དན་ལོ་མ་སྨྱན་སྦྱོར་ལྟེ་གནས་ནི་ཆེད་ལས་ཀྱི་པར་ལེན་པ་དང་ཆེད་ལས་མཛེས་བཟོ་བ་ཕུལ་བྱུང་ཅན་མང་བོས་གྲུབ་པའི་སྤྱི་གཉེར་ཁང་ཞིག་ཡིན། དེ་མིན་སྤྱི་གཉེར་ཁང་གིས་ད་དུང་རྒྱུ་སྤུས་རྩེ་གྲ་ཅན་གྱི་བརྙན་ལེན་དང་མདོ་འཛིན་པའི་དགོས་མཁོ་སྐོང་བ། དཔེ་དེབ་ཀྱི་སྒྲིག་སྦྱོར། དཔེ་དེབ་པར་སྐྲུན་སོགས་ཀྱི་དཔུང་སྡེ་ཡང་བཟང་བོ་ཞིག་གིས་གྲུབ་པས་རྒྱ་ཆེ་བའི་སྐུ་མགྲོན་རྣམ་པའི་རེ་བ་སྣ་ཚོགས་ལ་འགན་འཁྲིའི་བསམ་པ་ལེགས་པོ་ཞིག་ནང་སེམས་རྒྱུད་ལ་སྲུང་ནས་རྒྱ་ཆེ་བའི་སྐུ་མགྲོན་པའི་འདོད་བློ་སྐོང་ངེས་ཡིན།
香叶传媒中心基本情况
香叶传媒中心一-专业的技术,资深的团队,精湛的后期,为您呈现完美影像!
香叶传媒中心是一家由资深摄影人创办的专业摄影公司,业务范围包括:企业专题片、产品摄影、广告摄影、商业摄影、人像摄影、外景摄影、电影摄影、地产摄影等, 同时,演出场所经营、歌舞娱乐活动、馆藏文物修复、可根据客户需求提供设计、印刷及拍摄制作等延伸服务。
公司拥有200平大型高质里专业影棚:全套进口灯光设备;和国际顶级的摄影器材:包括骑士X4X5大型技术座机,中画幅相机哈苏 503CW(6X6cm)全套镜头,丹麦飞思P30+高清数字后备(3100万相素), 佳能2180万像素全画幅单反相机以及专业摄影灯光20多盏等,|硬件实力领航同行。
香叶传媒中心汇聚了来自摄影、美术、媒体、传播等领域的多名视觉精英,葆有最新鲜敏锐的光影敏感,习惯于深度透析客户需求,积极探索商业、摄影与设计的创造性结合,赋予作品强大的视觉能量。
香叶传媒中心团队的镜头下,机构成功创作了众多颇具销售力的摄影作品,并协助者多行业客户建立高端的品牌和产品形象,其中包括:玛积藏玉、地震中我们在平安、玛沁县财审统党支部庆祝中国共产党百年华诞、果洛州玛沁县大武乡江前村第一届野公牛、母牛体型塞美活动、第二届玛域甘德格萨尔史诗文化旅游长廊“马背藏戏之乡"旅游艺术节民族传统射箭邀请赛 、等等。
“用镜头为您创造更高的价值”是香叶摄影的追求与承诺。我们追求光影艺术与现代商业文化的高度结合:力求用镜头完美展现产品的内通、气质与形象。我们期待;您的每一分钱都物超所值!一-专业的技术,资深的团队,精湛的后期,为您呈现完美影像!
香叶传媒中心是一家由资深摄影人创办的专业摄影公司,业务范围包括:企业专题片、产品摄影、广告摄影、商业摄影、人像摄影、外景摄影、电影摄影、地产摄影等, 同时,演出场所经营、歌舞娱乐活动、馆藏文物修复、可根据客户需求提供设计、印刷及拍摄制作等延伸服务。