འདུ་བྲལ་སྒྱུ་མའི་འཁོར་ལོ།སྐྱེ་བ་འདི་ལ་ལྷ་ཆོས་གཙང་མ་ཞིག་མེད་ཚེ།།
འཆི་བདག་འབོད་པ་ཐོན་དུས་སྐྲག་སྣང་གིས་ཅི་ཕན།།
རྒྱུ་འབྱོར་ཧམ་སེམས་རྒད་པོའི་མཆེ་བ་དེ་རྣོ་ཡང་།།
ཚེ་འཇུག་ཤུལ་དུ་བཞག་ནས་ཁ་ཁ་རང་གྱེས་དགོས།།
༢
སྣ་མང་ཤེེ་བྱའི་རྒྱལ་ཁམས་བསྐོར་བ་རང་མིན་ཚེ།།
ཁ་སྟོང་ཚིག་སྟོང་ལབ་པར་དོན་གོ་རང་མི་འདུག།
གཞན་ཕན་ཀུན་མཐུན་རྩ་བ་སེམས་ཁུངས་སུ་མེད་ན།།
སྐྱེ་བ་མི་ལུས་ཐོབ་ཀྱང་དོན་སྙིང་ཞིག་མི་འདུག།
༣
གསོན་པའི་ཚེ་ལ་དགའ་བ་རྣམ་དག་ཅིག་མེད་ཚེ།།
གཏན་དུ་གྱེས་ཚེ་འགྱོད་པའི་མིག་ཆུ་ཡིས་ཅི་ཕན།།
ནམ་རྒྱུན་ཁ་འཁོན་བྱིས་པའི་རྩེད་རྡོ་ལྟར་མ་སྒྲིག།
འདུ་བྲལ་སྒྱུ་མའི་འཁོར་ལོ་ནམ་འཁོར་རང་མི་ཤེས།།
གོང་གི་བཤེར་རིས་བརྒྱུད་ནས་བརྙན་ལ་གཟིགས་ཐུབ།
ས་འཛིན་གངས་རི་དཀར་པོའི་ཡང་རྩེར་ན་རྨ་ཁྱུང་རིའི་ཡང་གསེང་དུ་སྙན་པའི་གྲགས་པ་འབར་ཞིང་རྨ་ཆུ་སྔོན་མོ་དལ་གྱིས་བཞུར་བའི་ཁུག་སོ་རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱིས་ཉེ་འགྲམ་ནས་ནར་སོན་པའི་མདོ་འཛིན་པ་དོན་གྲུབ་རྡོ་རྗེ་འམ་རྭ་སྨྱུག་འོད་ལགས་ནི།ནགས་སྐོར་གཡང་སྡེ་ཕྱུག་མོ་རུ་འབོད་པ་ནས་སྤྱི་ལོ༡༩༩༥ལོར་འཚར་ལོངས་བྱུང་བར་བསྟུན་ལང་ཚོས་གཉོམ་ལག་རྒྱས་ཤིང་།
ཕྱི་ལོ༢༠༠༤ལོར་དྲིན་ཆེན་ཕ་མའི་བྱམས་སྐྱོང་གི་འོག་ཏུ་ཤེས་རིག་གི་སྒྲོན་མེ་སྦར་སའི་སློབ་གླིང་གི་སྒོ་ཐེམ་ཐོག་མ་འགྲིམ་འགོ་བརྩམས་ནས་སྔོན་བྱོན་མེས་པོས་མཛད་པའི་ཀ་ཁའི་སྦྱོར་ཀློག་གི་དབྱངས་རྟ་སློབ། དེ་ནས་རིམ་བཞིན་ཤེས་རིག་གི་འོད་སྣང་འབར་བར་གཤོག་རྩལ་ངང་གིས་རྒྱས་ཏེ་ཕྱི་ལོ་༢༠༡༠ལོར་བོད་ཀྱི་ཐུན་མིན་རྩོམ་རིག་གི་ལས་སུ་ཞུགས་ནས་དེང་རབས་བོད་ཀྱི་ཚགས་པར་དང་དུས་དེབ་དྲྭ་ཚིགས་སོགས་སུ་སྙན་རྩོམ་གྲངས་མང་བཀོད་ཡོད་པར་གསལ་ལོ།༢༠༡༥ལོར་བོད་ཀྱི་སྒྱུ་རྩལ་བ་གྲགས་ཅན་མགོ་ལོག་འཇམ་དབྱངས་བློ་གྲོས་ལགས་དགེ་རྒན་དུ་བསྟེན་ནས་རང་ཉིད་ཀྱི་མོས་པ་དང་བསྟུན་ཏེ་བོད་ཀྱི་མདོ་འཛིན་གྱི་བྱ་བ་དང་ཁ་ཤགས་ཀྱི་རིག་གནས་སོགས་ལ་ཉམས་མྱོང་དང་མཛུབ་སྟོན་གང་ལེགས་ཐོབ་པ་དང་།
རྒན་འཇམ་དབྱངས་བློ་གྲོས་ལགས་ཀྱི་ཁ་ཤགས་ཆེད་ཚོགས་དགའ་སྤྲོའི་དགོད་སྒྲ་ཞེས་པར་རང་ཉིད་དངོས་སུ་ཞུགས་རྒྱུའི་སྐལ་བ་ལྡན་པར་མ་ཟད་རྒན་ལགས་ཀྱིས་བདག་ལ་ཡིད་ཆེས་དང་རེ་བ་ཟབ་མོ་བཅོལ་མྱོང་ཟེར། འདས་ཟིན་པའི་ལོ་ཟླ་ཡི་འཕེལ་འགྲིབ་བར་ནས་མུ་མཐུད་དུ་རང་ཉིད་ཀྱི་དགའ་ཕྱོགས་ལ་རང་ཉིད་ཀྱིས་འབད་བརྩོན་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ལྗང་སྨྱུག་གི་ལོ་འདབ་བཀྲ་བར་རེ་སྒུག་བྱས་ཏེ་དགའ་སྐྱོ་དུ་མའི་འཁོར་བ་ཡི་ས་སྒང་འདི་ནས་ཁོ་རང་དཀའ་སྡུག་གང་ལ་འཕྲད་ཀྱང་མདུན་བསྐྱོད་ཀྱི་གོམ་ཁ་ལྷོད་མ་མྱོང་བ་དང་།མདོ་འཛིན་གྱི་བྱ་བ་ཡང་ནན་གྱིས་སྒྲུབ།རང་ཉིད་མོས་པའི་བྱ་བ་ལ་ཞེན་ཁོག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་འབད་འབུངས་བྱས་ཏེ་༢༠༡༦ལོར་མི་ཡུལ་ལ་ཡོང་བའི་ཟས་རིན་ཙམ་གྱི་ཕྱིར་དང་རང་ལ་དྲིན་ཆེ་བའི་ཕ་མ་དང་དགེ་རྒན་སོགས་ཀྱི་བཀའ་དྲིན་གྱི་མཐུ་ལས་ཁོ་བོའི་མཛའ་གཞས་གཞས་ཚིག་ཆེད་སྒྲིག༼ དྲན་པའི་ཀློང་གི་སྨྲེང་བ༽ ཞེས་པ་མིང་གྲགས་ཅན་གྱི་གླུ་མ་འཕྲིན་ལས་སྒྲོལ་མ་དང་གངས་སྲས་བུ་རྒྱུད་གཉིས་ཀྱི་མགྲིན་པར་དྲངས་ནས་མི་ཡུལ་དུ་སླེབས་ཡོད།དེ་མིན་དུང་བརྗོད་ཆེད་དེབ་ཐོག་མའི་དེབ་ཕྲེང་དང།གཞས་ཚིག་ཆེད་དེབ་གཉིས་པ་༼དབྱངས་ཀྱི་སྨྲ་བརྗོད་༽སོགས་མི་ཡུལ་ལ་ཕུལ་མྱོང་། དེའི་རྗེས་སུ་དགེ་རྒན་གྱི་བྱ་བ་ལ་ཞུགས་ཏེ་བོད་ཀྱི་བློ་གསལ་བྱིས་པའི་ཚོགས་ལ་དབྱངས་དང་གསལ་བྱེད་ཀྱི་བརྡ་དོན་སོགས་ལ་ནུས་པ་གང་ཡོད་ཀྱིས་མཛུབ་སྟོན་གནང་། ༢༠༡༧ལོའི་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཀྱང་ཐོབ།
༢༠༡༧ལོར་ཁོ་བོའི་མཛའ་གཞས་ཚིག་ཆེད་སྒྲིག་མིང་གྲགས
ཅན་གྱི་རྡུང་ལེན་པ་པདྨ་རྣམ་རྒྱལ་དང་ཨོ་རྒྱན་ཚེ་རིང་ཏཱ་རེ་ལྷ་མོ་ལྷ་རིས་སོགས་ཀྱི་མགྲིན་པར་བརྒྱུས་ནས་སྤྱི་ཚོགས་སུ་བགྲམ།
༢༠༡༨གཞས་ཚིག་གསར་རྩོམ་ཆེད་ཚོགས༼ འཁོར་བའི་ཉིན་སྲིབ་༽ཅེས་པ་ཡང་གཟབ་རྒྱས་ངང་འཚོགས།
དེ་མིན་ད་དུང་བོད་ཀྱི་རྡུང་ལེན་པ་མང་བོ་ཞིག་ལ་བོད་ཀྱི་གནའ་དེང་གླུ་གཞས་སྒྱུ་རྩལ་གྱི་འགྲོས་དང་བསྟུན་ཏེ་གཞས་ཚིག་བྲིས་པར་གདེང་འཇོག་དང་བསྔགས་བརྗོད་མི་དམན་པ་ཐོབ། དེ་མིན་ད་དུང་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་གང་མང་དང་མགོ་ལོག་ཁུལ་ལོ་གསར་དགོང་ཚོགས་ཀྱི་འཁྲབ་སྟོན་པ་དང་།ཕྱོགས་ཡོངས་ཀྱི་ལོ་གསར་དགོང་ཚོགས་ཆེ་མ་ཆུང་གསུམ་དག་གི་མདོ་འཛིན་པ་བྱས་པར་མ་ཟད། མདོ་ཁམས་ཀྱི་སྒྲ་སྙན་རྟགས་མའི་འགྲན་ཚོགས་ཆེན་མོ་དང་། ད་དུང་མདོ་ཁམས་ཡུལ་གྱི་ཁྱེད་དང་ངའི་མགྲིན་དབྱངས་ཞེས་པའི་འགྲན་ཚོགས་སོགས་ཀྱི་མདོ་འཛིན་གྱི་བྱ་བ་གཉེར་བར་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དགའ་བསུ་བླ་མེད་ཐོབ་པ་དང་དགོང་ཚོགས་དང་འགྲན་ཚོགས་སོགས༡༠༠ལྷག་གི་མདོ་འཛིན་གྱི་བྱ་བ་གཉེར་པ་དང་ཀ་མད་སུམ་ཅུའི་ཚིག་རྐང་ལ་གདངས་ཀྱི་རམ་འདེགས་བྱས་པའི་གྱེར་འདོན་༢༠༠ལྷག་ལ་དྲྭ་ལམ་སོ་སོ་ནས་དགའ་བསུ་གང་མང་ཐོབ་པར་མ་ཟད་རྒྱ་ཆེ་བའི་དམངས་ཚོགས་ཀུན་གྱིས་ཀྱང་དགའ་བསུ་ཚད་བྱེད་ཀྱིན་ཡོད།
མཇུག་མཐར་གངས་རིའི་གཞོན་སྐྱེས་ཁོང་གི་སྒྱུ་རྩལ་གྱི་ས་ལམ་ཡང་བའི་སྨོན་འདུན་ཞུ།
——རྭ་སྨྱུག་འོད
གཤམ་གྱི་རྒྱ་ཡིག་在看ཞེས་པའི་སྟེང་ནས་གནོན་རོགས།