༄༅།། 2025ལོའི་ལོ་གསར་གྱི་ཤིས་ཚིག
རྫོང་ཨུད་ཧྲུའུ་ཅི། ཝུའུ་ཧོན་མིན།
སྲིད་གཞུང་རྫོང་དཔོན། སྤེན་པ།
གནམ་ལོ་གསར་དུ་བཞད་པའི་དུས་བཟང་ཤར། ལོ་ཟླའི་བགྲོད་པ་སླར་ཡང་གསར་པར་ཕྱོགས། ལོ་གསར་པ་ཤར་བའི་བཀྲ་ཤིས་པའི་ཉིན་དེར། ང་ཚོས་སྤྲོ་སེམས་ངང་ནས་རེ་བས་ཁེངས་པའི2025ལོ་སླེབས་པར་ཐུན་མོང་ཐོག་བསུ་བ་ཞུ་རྒྱུ་ཡིན། འདིར་ང་ཚོས་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གི་སྐུ་ཚབ་ཞུས་ནས་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་། བཞད་མཐོང་སྨོན་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་པ་དང་། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། བཞད་མཐོང་སྨོན་གི་འཛུགས་སྐྲུན་དང་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་འབུལ་མཁན་གྱི་ལས་བྱེད་རྒན་གྲས་དང་། ཏང་ཡོན་རྒན་གྲས། བློ་མཐུན་རྒན་གྲས། དེ་བཞིན་ཧེ་ལུང་ཅང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་བརྒྱད་པའི་བཞད་མཐོང་སྨོན་ལས་དོན་ཚོགས་ཆུང་། བཞད་མཐོང་སྨོན་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར། རོགས་རམ་བཅས་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚང་མར་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་རྒྱུ་ཡིན།
དུས་ཚོད་ཀྱིས་འཕེལ་རྒྱས་གོམ་སྟབས་ལ་སྣེ་ཁྲིད་བྱེད་པ་དང་ལོ་ཟླའི་ནང་འབད་འཐབ་ཀྱི་རྐང་རྗེས་བརྐོས་ཡོད། 2024ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལག་བསྟར་དང་དོན་འཁྱོལ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཡིན་ལ། བཞད་མཐོང་སྨོན་གྱིས་འབད་བརྩོན་དང་གྲུབ་འབྲས་ཀྱིས་ཁེངས་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག རྫོང་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཐོག་ནས་ལས་དོན་ཁྱོན་ཡོངས་ལ་གཅིག་གྱུར་བཀོད་སྒྲིག་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་པ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་དེ་“དོན་ཆེན་བཞི་”ལ་དམིགས་ནས། “འཛུགས་གཏོད་བཞི་”ལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། རྙིང་བསྒྱུར་གསར་གཏོད་དང་། དྲང་སྲུང་གསར་གཏོད་བཅས་བྱས་ཏེ། རྫོང་ཡོངས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད་པ་སྟེ། སྔོན་དཔག་ལྟར་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་8.5%ཡས་མས་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར་ཁྲི5ཡན་ཟིན་པ། གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ10.5%ཡན་འཕར་བ། ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་ཞི་མཐུན། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཚམས་མཐུན། མི་དམངས་བདེ་སྐྱིད་བཅས་བྱུང་སྟེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།
སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་འབད་བརྩོན་ཁ་ཕྱོགས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱས་པས། སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་མུ་མཐུད་བརྟན་པོ་བྱུང་ཡོད། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་ཚན་རིག་ཅན་གྱི་ལམ་སྲོལ་རྒྱུན་ལྡན་ཅན་དང་། ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་ལྡན་དང་ཚད་ལྡན་དུ་བསྒྲུབས་ཤིང་། བདེ་འཇགས་ཐོན་སྐྱེད་དང་ཡིག་སྐུར་ཞུ་གཏུག་ཐག་གཅོད་སོགས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་དང་། ཁ་བྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་འཇགས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཡུན་རིང་བརྟན་ལྷིང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།
རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་རོགས་རེས་བྱས་ཏེ། མི་རིགས་ཁག་གི་སྤེལ་རེས་འགྲོ་འོང་མཉམ་འདྲེས་ཀྱི་རྣམ་པ་རྒྱུན་མཐུད་རྒྱ་སྐྱེད་དུ་བཏང་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། “ལས་གྲྭ་ཆེན་པོ་བཞི་”དང་“བྱ་སྤྱོད་དྲུག་”ལག་བསྟར་གཏིང་ཟབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་གསར་པ་མངོན་པ་དང་། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་འདུ་ཤེས”མི་སེམས་སུ་གཏིང་ཟབ་ཟུག་པ་དང་། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བཞད་མཐོང་སྨོན་འཛུགས་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་སྒྲིལ་བྱུང་ཡོད།
ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་ཐོན་ཁུལ་འཛུགས་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། བརྟན་ལྷིང་ཁྲོད་ཡར་རྒྱས་ཡོང་བ་དང་སྤུས་ཚད་མཐོ་བའི་ཕན་འབྲས་ཐོན་ཏེ་དཔལ་འབྱོར་ཕྱོགས་བསྡུས་སྟོབས་ཤུགས་བརྟན་པོའི་ངང་མཐོ་རུ་བཏང་ཡོད། “ལྡན་པ་གསུམ་དང་ཕན་འབྲས་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་བརྟན་པོ་སྤོས་ནས། རྒྱལ་ཁབ་གློག་ཤུགས་མ་འཇོག་འོད་གློག་ནུས་གསོག་དང་ཆབ་ཁ་ཆུ་ཚན་རིམ་སྤོར་བསྒྱུར་བཀོད་སོགས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བདེ་བླག་ངང་སྐུལ་འདེད་བཏང་སྟེ། ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་དང་། རིག་གནས་ཡུལ་སྐོར་ལས་དོན། སྔོ་ལྗང་བཟོ་ལས། ནུས་ཁུངས་གཙང་མ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དང་། གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཐོག གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་སོང་ནས། འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་ཡོད།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུ་དེ་ནང་གནས་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། རི་སྔོན་ཆུ་དྭངས་སྲུང་སྐྱོབ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་སོང་ཡོད། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་ཤུགས་ཆེན་བྱས་ཏེ། རི་སྔོན་ཆུ་དྭངས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གསར་གཏོད་ལ་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་སྔོ་ལྗང་རྨང་གཞི་རྒྱུན་འཁྱོངས་བྱས་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སྒུལ་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
རྒྱལ་ཁབ་ཀྱི་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས། མཐའ་མཚམས་བརྟན་སྲུང་དང་། མཐའ་མཚམས་དར་རྒྱས་དང་མི་དམངས་ཕྱུག་པོར་འགྱུར་བ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་བཏང་ཡོད། ལྟེ་བའི་རྫོང་གི་གནས་གཏན་འཁེལ་ལ་གཞི་ཚུགས་ནས་གཉིས་བཀུར་དཔེ་མཚོན་རྫོང་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། མཐའ་མཚམས་ས་ཁུལ་གྱི་གློ་བུར་དུ་བྱུང་བའི་དོན་རྐྱེན་འཕྲལ་སྡོམ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བརྟན་པོ་བཅས་བྱས་ཏེ་མཐའ་མཚམས་ཡུལ་མི་ཕྱུག་པོ་དང་། མཐའ་མཚམས་མཛེས་པ། མཐའ་མཚམས་བརྟན་པོ་བཅས་མངོན་འགྱུར་བྱ་ཆེད་བཞད་མཐོང་སྨོན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་གཞི་འཛིན་ས་དང་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། དོན་དག་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་། སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད། མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་དག་ཆུང་ཆུང་དེ་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། དམངས་འཚོའི་དོན་དག་དངོས་ཁག21རྒྱུན་འཁྱོངས་བྱས་ཏེ། སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཚད95.97%ཟིན་པ། སློབ་གསོའི་གྲོན་དངུལ་འགན་ལེན་བརྟན་པོའི་ངང་འཕར་བ། ཞིང་འབྲོག་མང་ཚོགས་ལ་རིན་མེད་ཀྱི་བདེ་ཐང་བརྟག་དཔྱད་ལོངས་སུ་སྤྱོད་པ། རིག་གནས་དང་ལུས་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བས། མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་སྔར་ལས་ལྷག་པ་དང་། བདེ་སྐྱིད་ཀྱི་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཀྱི་བདེ་སྣང་སྔར་ལས་འགན་སྲུང་ཐུབ་པ་བཅས་བྱུང་ཡོད།
ཏང་འཛུགས་སྐྱོང་དེ་རྩ་བའི་འགན་སྲུང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། ཏང་ནན་སྐྱོང་དང་། རུལ་རྒོལ་གཙང་སྤེལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་འཛུགས་སྐྱོང་གཏིང་ཟབ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། ཏང་ནན་སྐྱོང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་བ། ཆབ་སྲིད་ལྟ་སྐུལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་ནུས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་མུ་མཐུད་དུ་སྟོབས་ཆེར་བཏང་བ། སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་བ་དང་དོན་འཁྱོལ་དམ་འཛིན་ནན་པོ་བྱེད་པ། རྣམ་པ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། སྒྲིག་ཁྲིམས་གཙང་སེལ་དང་རུལ་སུངས་ངོ་རྒོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སེམས་གཅིག་ཏུ་བསམ་བློ་གཏོང་བ་དང་། ནུས་ཤུགས་གཅིག་ཏུ་སྤྱོད་པའི་ལས་སྒྲུབ་དང་ལས་གཏོད་ཀྱི་རྣམ་པ་གསར་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་བ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་མུ་མཐུད་དུ་སྲ་བརྟན་དུ་བཏང་ཡོད།
གོང་གསལ་གྲུབ་འབྲས་དེ་དག་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་དང་ཁ་བྲལ་ཐབས་མེད་ལ། ཁ་གཏད་བོད་རོགས་སྐྱོར་ལས་དོན་ཚོགས་ཆུང་དང་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག་བཅས་ཀྱི་ཤུགས་ཆེན་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད་ལ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཀྱི་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་འབད་བརྩོན་གཅིག་ཏུ་སྒྲིལ་བའི་འབྲས་བུ་ཡིན།
གནམ་ལོ་གསར་དུ་བཞད། རེ་བའི་འབྲས་བཟང་སྨིན། 2025ལོར་རྒྱང་ལྟ་བྱས་ན། མདུན་ལམ་ལ་དཀའ་ཚེགས་ཡོད་ཀྱང་དཀའ་ངལ་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་དང་བྱེད་ཐབས་སྔར་ལས་ལྷག་པ་ལྡན་དགོས། 2025ལོ་ནི་“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་འགྲིལ་བའི་ལོ་ཞིག་ཡིན། བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་ལྷིང་གི་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས་”ལ་བརྩི་བཀུར་བརྟན་པོ་དང་། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་ཐུབ་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ། གྲོང་ཨུད་ཀྱི་ཞིབ་ཕྲའི་བཀོད་སྒྲིག་བཅས་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བཞད་མཐོང་སྨོན་གྱི་ལེའུ་གསར་པ་བརྩོམས་དགོས།
བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ། མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་འབད་འཐབ་བྱས་ནས་བྱ་གཞག་རླབས་ཆེན་འགྲུབ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། འགན་འཁྲི་ནན་ཏན་དང་ལག་གདང་སྦྲེལ་ནས་དད་སེམས་ལ་བརྟེན་ནས་བཞད་མཐོང་སྨོན་འཛུགས་སྐྲུན་ཆེན་པོ་དང་འཕེལ་རྒྱས་ཆེན་པོའི་རྦ་རླབས་ཁྲོད་འབད་བརྩོན་དངོས་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་བཞད་མཐོང་སྨོན་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།
རླབས་ཆེན་མེས་རྒྱལ་མངའ་ཐང་རྒྱས་པར་སྨོན།
བོད་ལྗོངས་ཀྱི་སང་ཉིན་སྔར་བས་མཛེས་སྡུག་ལྡན་པར་སྨོན།
མཐོང་སྨོན་གྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཡོང་བར་སྨོན།
མཇུག་ཏུ་ལྷན་རྒྱས་ཚང་མ་ལོ་གསར་པའི་ནང་ཁྱིམ་ཚང་འཆམ་མཐུན་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། །
主编:李萍
编审:雷海坤
编辑:普尺
来源:县委办
投稿邮箱:
xtmwxb@126.com
这里有谢通门县最权威的新闻