必看!来自巴青疾控的科普知识,请注意查收
政务
2025-01-12 19:59
西藏
随着寒潮袭来,气温逐渐下降,流感高发季节也到来了。流感的传播速度快,感染范围广,人群对流感病毒普遍易感,抵抗力弱的老年人和儿童随时可能“中招”。为有效应对流感,以下这些关键知识点请牢记。དྲོད་ཚད་རིམ་བཞིན་དམའ་བ་དང་བསྟུན་ནས། ཆམ་རིམས་འབྱུང་མང་བའི་དུས་ཚིགས་ཀྱང་སླེབས་ཡོད། ཆམ་རིམས་ཁྱབ་པའི་མྱུར་ཚད་མགྱོགས་ལ་འགོས་པའི་ཁྱབ་ཁོངས་རྒྱ་ཆེ་བས། མི་ཚོགས་ལ་ཆམ་རིམས་ནད་དུག་ཡོངས་ཁྱབ་ཏུ་འབྱུང་སླ་ འགོག་རྒོལ་ནུས་པ་ཞན་པའི་རྒན་རྒོན་དང་བྱིས་པ་དུས་དང་རྣམ་པ་ཀུན་ཏུ་འགོས་སྲིད། ཆམ་རིམས་ལ་ཁ་གཏད་ནུས་ལྡན་འཇལ་ཆེད་གཤམ་གསལ་གྱི་འགག་རྩའི་ཤེས་བྱ་འདི་དག་བློ་ལ་བརྟན་པོར་ངེས་དགོས།1.流感不是普通感冒。ཆམ་རིམས་ནི་ཆམ་པ་དཀྱུས་མ་ཞིག་མིན།流感具有明显的季节性流行特点,冬春季节高发,是由流感病毒感染引起的急性呼吸道传染病,以发热、头痛、乏力和肌肉酸痛等全身症状为主,呼吸道症状较轻,部分高危人群可能会进展为急性呼吸窘迫综合征、感染性休克以及多脏器功能不全等危及生命的严重并发症。ཆམ་རིམས་ལ་དུས་ཚིགས་རང་བཞིན་གྱི་ཁྱབ་ཚུལ་གྱི་ཁྱད་ཆོས་མངོན་གསལ་ལྡན་ལ། དགུན་དང་དཔྱིད་དུས་སུ་འབྱུང་མང་བའི་འགོས་ནད་ཅིག་ཡིན། ཚ་བ་རྒྱས་པ། མགོ་ན་པ། ཤུགས་མེད་པ་ ཤ་གནད་ན་བ་སོགས་ལུས་ཡོངས་ཀྱི་ནད་རྟགས་ཡོད་སྲིད་ དབུགས་ལམ་གྱི་ནད་རྟགས་ཅུང་ཆུང་ རིམས་འགོག་ནུས་པ་དམའ་བའི་མི་ཚོགས་ཁག་གཅིག་ཞོར་སྐྱོན་ནད་ཐོན་ནས་ཚེ་སྲོག་ལ་ཉེན་ཁ་ཡོང་གི་ཡོད།普通感冒无明显季节性,多由鼻病毒、副流感病毒、呼吸道合胞病毒等感染引起,临床以鼻塞、流涕、打喷嚏和干咳等呼吸道症状为主,无发热或只有轻度发热,较少出现并发症。སྤྱིར་བཏང་གི་ཆམ་ནད་ལ་མངོན་གསལ་གྱི་དུས་ཚིགས་རང་བཞིན་མེད། སྣ་འགག་པ་དང། མིག་ཆུ་བཞུར་བ་ ཧབ་སྦྲིད་རྒྱག་པ་ གློ་སྐམ་སོགས་དབུགས་ལམ་གྱི་ནད་རྟགས་གཙོ་བོ་ཡིན་ ཚ་བ་མེད་པའམ་ཡང་ན་ཚ་བ་ཅུང་ཆུང་བ་ལས་ཞོར་སྐྱོན་ནད་ཐོན་པ་ཉུང་ཉུང་ཡིན།2.去年接种过流感疫苗,今年还需要接种。ན་ནིང་ཆམ་རིམས་རིམས་འགོག་སྨན་ཁབ་རྒྱག་མྱོང་ཡོད་ཀྱང་ད་ལོར་ད་དུང་རིམས་འགོག་སྨན་ཁབ་རྒྱག་དགོས།接种流感疫苗是预防流感的有效手段,建议6月龄以上的人(无疫苗接种禁忌)接种流感疫苗。接种流感疫苗后,抗体保护水平一般可维持6个月,疫苗保护力随着时间延长而减弱,建议每年接种流感疫苗以增强防护。ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ནི་ཆམ་རིམས་སྔོན་འགོག་བྱེད་པའི་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡིན་ ཟླ་བ་དྲུག་ཡན་གྱི་མི་ཚོགས་ལ་དམིགས་བསལ་གནད་དོན་མེད་ཚེ་འགོག་སྨན་བརྒྱབ་ན་ལེགས ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ སྲུང་སྐྱོང་ཆུ་ཚད་སྤྱིར་བཏང་དུ་ཟླ་བ་དྲུག་རྒྱུན་འཁྱོངས་བྱེད་ཐུབ་ རིམས་འགོག་སྨན་ཁབ་ཀྱི་སྲུང་སྐྱོང་ནུས་པ་དུས་ཚོད་ཇེ་རིང་དུ་འགྲོ་བ་དང་བསྟུན་ནས་ཇེ་ཞན་དུ་འགྲོ་བས་ ལོ་ལྟར་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ན་ལེགས།3.接种过流感疫苗也不是一定不会感染流感。ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་མྱོང་ཡང་ཆམ་རིམས་མི་འགོས་པ་བཤད་མི་ཐུབ།接种流感疫苗可以减少感染风险,降低流感病情严重程度,但并不能确保一定不感染。流感病毒类型多,变异速度快,疫苗难以防护所有类型的流感病毒。ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་བརྒྱབ་ན་ཆམ་རིམས་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ་པ་དང་ཆམ་རིམས་ཕོག་ཚེ་ནད་གཞི་ཚབས་ཆུང་དུ་གཏོང་ཐུབ་མོད་ འགོས་ནད་གཏན་ནས་མི་ཡོང་བའི་ཁག་ཐེག་བྱེད་མི་ཐུབ། ཆམ་རིམས་ནད་དུག་རིགས་མང་ཞིང་གཞན་འགྱུར་མྱུར་ཚད་མགྱོགས་པས། རིམས་འགོག་སྨན་ཁབ་ཀྱིས་ཆམ་རིམས་ནད་དུག་རིགས་ཡོད་ཚད་འགོག་སྲུང་བྱེད་དཀའ།4.症状严重时应及时就医。 ནད་རྟགས་ཚབས་ཆེ་བའི་སྐབས་སུ་དུས་ཐོག་ཏུ་སྨན་པ་བསྟེན་དགོས་། 患儿感染流感后,若持续发热3天未见好转或病情反复,或发热同时伴有呼吸频率明显加快、尿量减少、反复呕吐、新发皮疹、抽搐、意识不清等症状时,应及时就诊。ཆམ་རིམས་ཕོག་རྗེས་ཉིན་གསུམ་ཙམ་ཚ་བ་རྒྱས་ནས་ད་དུང་མི་དྲག་པའམ་ཡང་ནས་བསྐྱར་དུ་ན་བ།ཚ་བ་དང་མཉམ་དུ་དབུགས་གཏོང་ཚད་མགྱོགས་སུ་འགྲོ་བ། གཅིན་པ་ཉུང་དུ་འགྲོ་བ། སྐྱུག་པ། པགས་ནད་གསར་པ་ཐོན་པ། རྩ་འཁུམ་པ། རིག་པ་མི་གསལ་སོགས་ཐོན་ཚེ་དུས་ཐོག་སྨན་ཁང་དུ་འགྲོ་དགོས།5.防流感要注意手卫生、室内多通风。 ཆམ་རིམས་སྔོན་འགོག་བྱེད་པར་ལག་པའི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དང་ཁང་པའི་ནང་དུ་རླུང་འགྲོ་ཡོད་པ་བྱེད་དགོས།日常生活中,要养成良好的卫生习惯,咳嗽、打喷嚏时遮掩口鼻,公共场合戴口罩,勤洗手,保持手卫生,保持室内空气流通,经常开窗通风。此外,要养成良好的作息习惯,加强体育锻炼,健康饮食,提高免疫力,预防流感。རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་དགོས་པ་སྟེ། གློ་དང་ཧབ་སྦྲིད་རྒྱག་དུས་ཁ་སྣ་འགེབས་པ། མི་མང་སར་ཁ་རས་རྒྱག་པ། ལག་པ་ཡང་ཡང་བཀྲུ་པ། ལག་པའི་འཕྲོད་བསྟེན་རྒྱུན་འཁྱོངས་བྱེད་པ། ཁང་པའི་ནང་གི་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡོད་པ་བྱེད་དགོས། གཞན་ཡང་ལུགས་མཐུན་གྱི་ངལ་གསོ་དང་སྦྱོང་བརྡར། བཟའ་བཏུང་ཐད་དོ་སྣང་བྱས་ནས་ནད་འགོག་ནུས་པ་མཐོ་རུ་བཏང་ནས་ཆམ་རིམས་སྔོན་འགོག་བྱེད་དགོས།责 编:拉朗
编 辑:德吉曲宗
消息来源:巴青县疾控中心