【聚焦两会】中国人民政治协商会议碌曲县第十六届委员会第四次会议政治决议

旅行   2024-12-20 11:50   甘肃  


中国人民政治协商会议

碌曲县第十六届委员会第四次会议政治决议

(2024年12月19日中国人民政治协商会议碌曲县第十六届委员会第四次会议通过)


中国人民政治协商会议碌曲县第十六届委员会第四次会议,于2024年 12 月17日至19日在县城召开。


中共碌曲县委书记吴煜,县委副书记、县长旦正昂杰等县上领导出席会议,听取大会发言,参加分组讨论,与委员们共商碌曲改革发展稳定大计。吴煜同志在开幕大会上发表讲话。会议审议并批准黄万民同志代表政协碌曲县第十六届委员会常务委员会所作的工作报告和杨月红同志所作的提案工作情况报告,补选云丹慈仁同志为县政协副主席,补选黄维红、杨海龙为常务委员会常委。委员们列席碌曲县第十九届人民代表大会第五次会议,听取并讨论旦正昂杰同志所作的政府工作报告,听取并讨论县人民法院、县人民检察院工作报告及其他有关报告,对上述报告均表示赞同。


委员们以高度的政治责任感和历史使命感,紧紧围绕州委突出“六个聚焦”、实施“六大行动”,全面打造新时代“五个甘南”部署要求,紧扣县委中心工作,扎实推进中国式现代化碌曲实践进程,深入协商讨论,积极议政建言,广泛凝聚共识。会议简朴隆重、务实高效、风清气正,是一次高举旗帜、发扬民主、凝心聚力、团结奋进的大会。


会议认为,吴煜同志的讲话,充分肯定了县政协一年来的工作。并提出投身中国式现代化碌曲实践,在凝心聚力上开新局、在服务发展上出新绩、在保障民生上答新卷、在自身建设上展新貌等具体要求,充分体现了县委对政协工作的高度重视和对政协委员的殷切期望,委员们表示一定认真抓好落实。旦正昂杰同志所作的政府工作报告,政治站位高、发展思路清、工作举措实、为民情怀深,是一个求真务实、情系人民、凝心聚力的好报告。委员们一致认为,在县委的坚强领导下,全县上下创新实干、加压奋进,一定能够实现高质量发展目标任务。


会议认为,2024年,在县委的坚强领导下,政协第十六届碌曲县委员会及其常委会坚持以习近平新时代中国特色社会主义思想为指导,深入学习贯彻党的二十大和二十届三中全会精神,深刻践行习近平总书记关于人民政协工作的重要思想和庆祝中国人民政治协商会议成立75周年大会上的重要讲话精神,认真落实省委、州委、县委决策部署,充分发挥专门协商机构作用,团结引领全县广大政协委员,围绕中心、服务大局,创新开展委员联系界别服务群众工作,持续擦亮“书香政协”“一委一品”“民意驿站”等工作品牌,为全县经济社会高质量发展作出了政协贡献、展现了政协作为。  
 

会议强调,2025年是“十四五”规划的收官之年,也是我县推动新一轮西部大开发、加快推进中国式现代化碌曲实践的关键一年。全县政协组织和广大政协委员要强化政治引领,在增进思想共识上持续用力,要强化担当有为,在服务中心大局上精准发力,要强化守正创新,在提升履职质效上激发活力,要强化自身建设,在夯实工作基础上提升能力,不断开创政协工作新局面。


会议号召,全县各级政协组织、政协各参加单位和广大政协委员,要更加紧密地团结在以习近平同志为核心的党中央周围,在县委的坚强领导下,坚定信心、同心同德,实干争先、勇毅前行,以排头兵姿态推动政协工作高质量发展,为奋力谱写中国式现代化碌曲篇章作出新的更大贡献!

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་

ཀླུ་ཆུ་རྫོང་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད།

(2024ལོའི་ཟླ་12པའི་ཚེས་19ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀླུ་ཆུ་རྫོང་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་།)


ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཀླུ་ཆུ་རྫོང་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་དེ་2024ལོའི་ཟླ་12ཚེས་17 ནས་ཚེས་   19ཉིན་བར་རྫོང་མཁར་དུ་འཚོགས།


ཀྲུང་གུང་ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ཝུའུ་ཡུས་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་རྟ་མགྲིན་དབང་རྒྱལ་སོགས་ཚོགས་འདུར་ཞུགས་ནས་ཚོགས་ཆེན་གྱི་གཏམ་བཤད་ལ་ཉན་པ་དང་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་ཞུགས་ཏེ་ཨུ་ཡོན་ཚོ་དང་མཉམ་དུ་ཀླུ་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་བྱས་པ་རེད། བློ་མཐུན་ཝུའུ་ཡུས་ཀྱིས་མགོ་ཚུགས་ཚོགས་ཆེན་ཐོག་གསུང་བཤད་གནང་ཞིང་། ཚོགས་ཆེན་གྱིས་བློ་མཐུན་ཧོང་ཝན་རྨིན་གྱིས་སྲིད་གྲོས་ཀླུ་ཆུ་རྫོང་སྐབས་བཅུ་དྲུག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་གནང་བའི་ལས་དོན་སྐོར་གྱི་སྙན་ཞུ་དང་། བློ་མཐུན་དབྱང་ཡུའེ་ཧུང་གིས་གནང་བའི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་ཆོག་མཆན་བཀོད་པ་དང་། བློ་མཐུན་ཡོན་ཏན་ཚེ་རིང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་གསབ་འདེམས་བྱས་པ་དང་། ཧོང་ཝེ་ཧུང་དང་དབྱང་ཧའེ་ལུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུ་གསབ་འདེམས་བྱས་པ་ཡིན།  ཨུ་ཡོན་རྣམས་ཀླུ་ཆུ་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་དགུ་པའི་ཚོགས་འདུ་ཐེངས་ལྔ་པར་ཟུར་ཞུགས་གནང་ནས་བློ་མཐུན་རྟ་མགྲིན་དབང་རྒྱལ་གྱིས་གནང་བའི་སྲིད་གཞུང་གི་བྱ་བའི་སྙན་ཞུ་གསན་ནས་གྲོས་བསྡུར་གནང་བ་དང་། རྫོང་མི་དམངས་ཁྲིམས་ཁང་དང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་དང་དེ་བཞིན་འབྲེལ་ཡོད་སྙན་ཞུ་གཞན་དག་ལ་གསན་ནས་གྲོས་བསྡུར་གནང་ཞིང་།  གོང་གི་སྙན་ཞུ་ཚང་མར་མོས་མཐུན་གནང་བ་རེད།


ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་ལས་འགན་ཡིད་ལ་བཅངས་ནས་ཁུལ་ཨུའི“གཙུག་འཛིན་དྲུག”དང“བྱ་སྤྱོད་ཆེན་པོ་དྲུག”གི་དམིགས་ཚད་ལ་དམ་པོར་དམིགས་ཏེ་དུས་རབས་གསར་པའི“ཀན་ལྷོ་ལྔ”འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་རྫོང་ཨུའི་ལས་དོན་གལ་ཆེན་ལ་དམ་དུ་སྦྲེལ་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀླུ་ཆུའི་ལག་ལེན་འཕེལ་རིམ་ལ་སྐུལ་འདེད་ནན་གྱིས་གཏོང་བ་དང་། གྲོས་མོལ་གཏིང་ཟབ་བྱེད་པ།  སྲིད་གླེང་ཇུས་འདོན་ཧུར་ཐག་བྱེད་པ།  ཐུན་མོང་གི་འདུ་ཤེས་རྒྱ་ཁྱབ་ཏུ་གཏོང་བའི་ཕྱིར་ཚོགས་འདུ་སྟབས་བདེ་ཞིང་གཟབ་རྒྱས་ལྡན་པ། དོན་དངོས་ཀྱིས་བྱ་བ་བསྒྲུབ་པར་ནུས་པ་ཐོན་པ། སྒྲུབ་ལུགས་ཡང་དག་བཅས་ཡིན་ཞིང་།  དར་ཆ་མཐོན་པོར་བསྒྲེང་བ། དམངས་གཙོ་དར་སྤེལ་གཏོང་བ།  སེམས་ཤུགས་གཅིག་སྒྲིལ།  མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཀྱང་ཡིན།


ཚོགས་འདུའི་ཐོག    བློ་མཐུན་ཝུའུ་ཡུས་ཀྱི་གསུང་བཤད་ཀྱིས་རྫོང་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཡོད།     ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀླུ་ཆུའི་ལག་ལེན་ནང་ཞུགས་པ་དང་།    སེམས་ཤུགས་གཅིག་སྒྲིལ་ཐད་རྣམ་པ་གསར་པ་གཏོད་པ།    འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་དམངས་འཚོར་འགན་སྲུང་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་པ།    རང་ངོས་འཛུགས་སྐྱོང་ཐད་རྣམ་པ་གསར་པ་གཏོད་པ་སོགས་ཀྱི་བླང་བྱ་ཞིབ་ཕྲ་བཏོན་པ་དེའི་ཐོག་ནས་རྫོང་ཨུས་སྲིད་གྲོས་ཀྱི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་སྲིད་གྲོས་ཨུ་ཡོན་ལ་རེ་བ་ནན་མོ་བཅོལ་པ་མཚོན་པས་ཨུ་ཡོན་རྣམས་ཀྱིས་ངེས་པར་དུ་དོན་འཁྱོལ་དམ་འཛིན་ནན་ཏན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།     བློ་མཐུན་རྟ་མགྲིན་དབང་རྒྱལ་གྱིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་ཞུ་ནི་ཆབ་སྲིད་ཀྱི་གནས་བབ་མཐོ་བ་དང་།    གོང་འཕེལ་གྱི་བསམ་ཕྱོགས་གསལ་བ།    ལས་ཀའི་བྱ་ཐབས་དངོས་སྒྲུབ།    དམངས་ལ་བརྩེ་སེམས་ཟབ་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།     ཨུ་ཡོན་ཚོས་རྫོང་ཨུའི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རྫོང་ཡོངས་ཀྱི་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་དང་།    གསར་གཏོད་དངོས་སྒྲུབ།    སྙིང་རུས་ཆེན་པོས་མདུན་སྐྱོད་བཅས་བྱས་ཚེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཐུབ་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།    


གྲོས་ཚོགས་ཀྱིས་2024ལོར་རྫོང་ཨུའི་སྲ་བརྟན་འགོ་ཁྲིད་འོག་སྲིད་གྲོས་སྐབས་བཅུ་དྲུག་པའི་ཀླུ་ཆུ་རྫོང་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་གྲོས་ལས་དོན་གྱི་དགོངས་པ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་འཁོར་75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་བྱེད་པ།  ཞིང་ཆེན་དང་། ཁུལ་ཨུ།  རྫོང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ། ཨུ་ཡོན་གྱིས་རིགས་ཁོངས་དང་འབྲེལ་གཏུག་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གསར་གཏོད།  མུ་མཐུད་དུ་“དཔེ་ཀློག་སྲིད་གྲོས”དང་“ཨུ་ཡོན་ལྷན་ཁང་རེ་ལ་ཁྱད་ཆོས་རེ”། “དམངས་འདུན་བཤད་ས”བཅས་ཀྱི་ལས་ཀར་ཤུགས་སྣོན་བྱས་ཏེ་དེང་རབས་ཅན་གྱི་ཀླུ་ཆུའི་འཛུགས་བསྐྲུན་ལ་མགྱོགས་མྱུར་གྱིས་བྱས་རྗེས་མངོན་གསལ་དོད་པོ་འདོན་དགོས།


ཚོགས་འདུའི་ཐོག   2025ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འཆར་འགོད་མཇུག་སྒྲིལ་བའི་ལོ་ཞིག་ཡིན་ལ་རང་རྫོང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀླུ་ཆུའི་འཕེལ་རྒྱས་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་ཡིན།ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལག་ལེན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་འགག་རྩའི་ལོ་ཞིག་ཡིན་པ།    རྫོང་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་བསམ་བློའི་ཐུན་མོང་གི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།འགན་ཁུར་ཕོད་པ་དང་བྱས་རྗེས་འཇོག་རྒྱུར་ཡར་སྐུལ་བྱེད་པ།   ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པའི་ཐད་གནད་སྨིན་ཤུགས་འདོན་བྱེད་པ།  དྲང་སྲུང་གསར་གཏོད་ལ་ཤུགས་སྣོན་རྒྱག་པ།  འགན་སྒྲུབ་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ཐད་གསོན་ཤུགས་འཕེལ་བ།  རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  ལས་ཀའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས་པའི་བླང་བྱ་བསྟན།


ཚོགས་འདུས་བསྟན་དོན།  རྫོང་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་ཚོགས་ཞུགས་ལས་ཁུངས་སོ་སོ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་མཐའ་འཁོར་དུ་བརྟན་པོར་ལངས་པ་དང་།   རྫོང་ཨུའི་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཡིད་ཆེས་སྲ་བརྟན་དང་བློ་གཅིག་སེམས་གཅིག     དོན་དངོས་ལྷུར་ལེན།   ཞུམ་མེད་མདུན་སྐྱོད་བཅས་བྱེད་པ་དང་།  གདོང་མཆོང་པའི་རྣམ་འགྱུར་ཐོག་ནས་སྲིད་གྲོས་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཀླུ་ཆུའི་ལེའུ་གསར་པ་རྩོམ་ཆེད་སྟོབས་ཤུགས་ཆེན་པོ་འབུལ་དགོས།



主办|碌曲县融媒体中心

编辑|才让  昂毛 

审核|桑德加  华贡才让

总审核|李学明

投稿邮箱|284150986@qq.com


您的点赞是我们进步的动力!

↘↘↘

魅力碌曲
中共碌曲县委宣传部官方公众号,负责碌曲全县新闻信息发布、旅游资源介绍,碌曲地域文化展示。
 最新文章