“移风易俗 文明殡葬”倡议书
全县广大居民朋友们:
为进一步推进移风易俗,弘扬文明新风,倡导文明殡葬,革除殡葬陋习,让文明之风点面开花、蔚然成风,特向广大城乡居民发出如下倡议: 厚养薄葬,崇尚节俭。“祭而丰不如养之厚”,要大力弘扬“百善孝为先、孝敬在平时、丧葬重节俭”的传统美德,老人在世时,以孝为本、以德立家,做到尊老爱老、常伴老人左右;老人离世后,从简治丧、文明祭奠,坚决摒弃大操大办、铺张浪费、相互攀比的陈规陋习,让中华民族慎终追远的深情融入现代文明的怀抱。
文明祭扫,低碳环保。清明等节日祭扫,重在纪念,倡导以敬献鲜花等方式低碳文明祭扫,不在街道路口、公园广场、河道两岸等公共场所摆祭品、点香烛、烧纸币、放鞭炮,做到不污染环境、不堵塞交通、不影响他人生活,共同维护城市文明形象。
率先垂范,弘扬新风。各级党员、干部要自觉执行移风易俗要求,带头推进绿色殡葬,坚持厚养薄葬、文明治丧、文明祭扫,共同参与到殡葬改革的行列中来,以实际行动守护我们共有的绿水青山。
文明始于心、践于行。希望全体居民和广大家庭积极响应号召,树立主人翁意识,自觉做厚养薄葬的倡导者、践行者,以实际行动共同营造一个绿色、节俭、文明的殡葬环境。
工布江达县新时代文明实践中心办公室
2025年1月
༄༅། །"སྲོལ་ངན་དོར་ནས་ཡ་རབས་ཀྱི་རྗེས་འཇུག་བྱེད་"ཅེས་པའི་གྲོས་འགོ་འདོན་ཡིག
རྫོང་ཡོངས་ཀྱི་ཡུལ་མི་གྲོགས་པོ་ལྷན་རྒྱས།
སྲོལ་ངན་སྤངས་ནས་ཡ་རབས་སྲོལ་བཟང་རྒྱུན་འཛིན་སྔར་བས་བྱ་ཕྱིར། ཤེས་དཔལ་ལྡན་པའི་རྗེས་འཇུག་བྱས་ཏེ། པུར་འཇུག་སྲོལ་ངན་དོར་ནས། ཤེས་དཔལ་གྱི་རྣམ་པ་ཆགས་ལ་སྲོལ་བཟང་དུ་གྱུར་བ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཆེད་དུ་གྲོས་འགོ་འདོན་རྒྱུ་ནི།བསྙེན་བཀུར་རྒྱས་ལ་རྗེས་འཇུག་བསྡུས་ཙམ་བྱས་ཏེ་གྲོན་ཆུང་བསྲི་ཚགས་ལ་སྣང་ཆེན་གནང་དགོས། "མཆོད་འབུལ་གྲ་རྒྱས་ལས་བསྙེན་བཀུར་ལྷད་མེད་རྩ་ཆེ་བས་" ནུས་ཤུགས་གང་ཡོད་ཀྱིས་"ཀུན་སྤྱོད་ཀྱི་རྩ་བ་བསྙེན་བཀུར་ཡིན་ལ། སྲི་ཞུ་རྒྱུན་དུ་བསྒྲུབ་པ། རྗེས་འཇུག་གྲོན་ཆུང་བྱེད་པའི་སྲོལ་རྒྱུན་"སྤྱོད་བཟང་དར་སྤེལ་གཏོང་དགོས། རྒན་རྒོན་མི་ཡུལ་ལ་བཞུགས་སྐབས་སྲི་ཞུ་རྩ་བར་འཛིན་ནས་བསྒྲུབ་པ་དང་། ཀུན་སྤྱོད་ལ་བརྟེན་ནས་ཁྱིམ་སྐྱོང་བ། རྒན་རྒོན་ལ་བསྙེན་བཀུར་ཞབས་ཕྱི་ཧུར་ཐག་ཞུས་ཏེ། རྒྱུན་ཏུ་རྒན་རྒོན་དང་མཉམ་འགྲོགས་གནང་དགོས། རྒན་རྒོན་ཚེ་ལས་འདས་ཚེ་སྟབས་བདེ་ཁུ་བསྡུས་དང་ཡ་རབས་ལྡན་པའི་ངང་ནས་རྗེས་འཇུག་གནང་དགོས། རྒྱས་སྤྲོས་ངོམ་གཤོམ་དང་། ཡོད་ངོམ་འཕྲོ་བརླག་གཏོང་བ། ཕན་ཚུན་འགྲན་སེམས་བཅངས་བ་བཅས་ཀྱི་སྲོལ་ངན་མཐའ་གཅིག་ཏུ་དོར་ནས། ཀྲུང་ཧྭ་མི་རིགས་ཀྱི་མཇུག་སྡུད་གཟབ་ལ་ལྷག་བསམ་དཀར་པོའི་རྗེས་དྲན་ཞུ་བའི་བརྩེ་སེམས་ཟབ་མོ་དེ་དེང་རབས་ཀྱི་ཤེས་དཔལ་ནང་མཉམ་འདྲེས་ཐུབ་པ་དགོས།ཡ་རབས་ངང་ནས་དུར་ཕྱག་བྱེད་པ་དང་ཐྰན་ཉུང་ཁོར་ཡུག་སྲུང་སྐྱོང་གནང་དགོས། དྭངས་གསལ་དུར་མཆོད་སོགས་ཀྱི་དུར་ཕྱག་གནང་སྐབས། མེ་ཏོག་གི་མཆོད་འབུལ་སོགས་གནང་ནས་ཐྰན་ཉུང་ཁོར་ཡུག་སྲུང་སྐྱོང་སྒོ་ནས་དུར་ཕྱག་ཡ་རབས་ལྡན་པ་ལས། ཁྲོམ་གཞུང་ལམ་མདོ་དང་། སྤྱི་གླིང་ཐང་ཆེན། གཙང་འགྲམ་ངོགས་སོགས་སྤྱི་པའི་འདུ་འཛོམས་བྱེད་སར་མཆོད་རྫས་གཤོམ་པ་དང་། མར་མེ་སྤར་བ། ཤོག་བུའི་མཆོད་དངུལ་བསྲེགས་པ། ཤོག་སྦག་སྤོར་བ་སོགས་གནང་མི་རུང་། ཁོར་ཡུག་ལ་བཙོག་སྐྱོན་མི་གཏོང་བ་དང་། འགྲིམ་འགྲུལ་འཚང་ག་མི་བཟོ་བ། མི་གཞན་གྱི་འཚོ་བར་ཤུགས་རྐྱེན་ངན་པ་མི་བཟོ་བ་བཅས་བྱས་ཏེ། གྲོང་ཁྱེར་གྱི་ཤེས་དཔལ་རྣམ་པ་མཉམ་དུ་སྲུང་དགོས།རང་དཔེ་གཞན་སྟོན་བྱས་ཏེ། སྲོལ་གསར་དར་སྤེལ་གཏོང་དགོས། རིམ་ཁག་ཏང་ཡོན་དང་ལས་བྱེད་ཀྱིས་རང་རྟོགས་ངང་ནས་སྲོལ་ངན་དོར་བའི་བླང་བྱ་ལག་བསྟར་བྱས་ཏེ། སྣེ་ཁྲིད་དེ་འབྱུང་འཕྲོད་རྗེས་འཇུག་བྱེད་པ་དང་། བསྙེན་བཀུར་རྒྱས་ལ་རྗེས་འཇུག་བསྡུས་ཙམ་བྱེད་པ། ཡ་རབས་སྒོ་ནས་རྗེས་འཇུག་སྲོལ་སྐྱོང་བ། ཡ་རབས་ངང་ནས་དུར་ཕྱག་བཅས་མཐའ་འཁྱོངས་བྱས་ཐོག པུར་འཇུག་བྱེད་ལུགས་བསྒྱུར་བཅོས་གྲལ་ནང་མཉམ་དུ་འཛུལ་ནས་ལག་ལེན་དངོས་ཀྱི་ཐོག་ནས་ང་ཚོ་ཚང་མའི་སྔོ་ལྗང་རི་ཀླུང་སྲུང་དགོས།ཡ་རབས་ནི་སེམས་ཀྱི་སྐུལ་སློང་ལས་འབྱུང་ཅིང་ལག་ལེན་ཐོག་ལ་འཁྱོལ་དགོས། རེ་བར་ཡུལ་མི་ཡོངས་དང་རྒྱ་ཆེའི་ཁྱིམ་ཚང་ཁག་གིས་འབོད་སྐུལ་ལ་དང་ལེན་ཞུས་ནས། བདག་པོའི་འདུ་ཤེས་འཛུགས་ཏེ་རང་འགུལ་གྱིས་བསྙེན་བཀུར་རྒྱས་ལ་རྗེས་འཇུག་བསྡུས་ཙམ་བྱེད་པའི་སྐུལ་སློང་བ་དང་། ལག་ལེན་པ་གནང་ཐོག ལག་ལེན་དངོས་ཀྱི་ཐོག་ནས་འབྱུང་འཕྲོད་དང་། གྲོན་ཆུང་། ཤེས་དཔལ་བཅས་ཀྱི་པུར་འཇུག་ཁོར་ཡུག་ཅིག་གཏོད་དགོས།།།།
ཀོང་པོ་རྒྱ་མདའ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་གཞུང་ལས་ཁང་།
སྤྱི་ལོ་༢༠༢༥ལོའི་ཟླ་༡པོར།