ཁང་པ་ཉོ་ཚོང་གི་ཁྲལ་བསྡུའི་གཟིཊ་སྐྱོང་སྲིད་ཇུས་ཁྱབ་བསྒྲཊ་བྱས་པ།

政务   2024-11-15 15:42   西藏  

ཁང་པ་ཉོ་ཚོང་གི་ཁྲལ་བསྡུའི་གཟིཊ་སྐྱོང་སྲིད་ཇུས་ཁྱབ་བསྒྲཊ་བྱས་པ།


ནོར་སྲིད་པུའུ་དང་། ཁྲལ་དོན་སྤྱི་ཁྱབ་ཅུས། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་བཅས་ཀྱིས་སྤྱི་ཟླ་11ཚེས་13ཉིན《ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ཁྲལ་བསྡུའི་སྲིད་ཇུས་ཀྱི་སྤྱི་བསྒྲགས》ཞེས་པ་ཁྱབ་བསྒྲགས་བྱས་ནས། ས་ཁང་བདག་ཁོངས་ཁྲོམ་ར་གོང་འཕེལ་འགྲོ་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་མང་པོ་ཞིག་ཁ་གསལ་བཟོས་ཡོད་པ་རེད།


སྤྱི་བསྒྲགས་ནང་། སྡོད་ཁང་ཉོ་ཚོང་ལྷུ་ཚིགས་ཀྱི་གན་ཁྲལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མིའི་དགོས་ངེས་རང་བཞིན་དང་ཆ་རྐྱེན་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་། ས་ཆའི་རིན་ཐང་འཕར་མའི་དཔྱ་ཁྲལ་སྔོན་བསྡུ་བྱེད་ཚད་ཉུང་ཤོས་ལས་དམའ་རུ་བཏང་ནས་ས་ཁང་བདག་ཁོངས་ཁེ་ལས་ཀྱི་ནོར་དོན་དཀའ་ངལ་ཡང་དུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།


གན་ཁྲལ་ཐད། ད་ལྟ་ལག་ལེན་བསྟར་བཞིན་པའི་བརྒྱ་ཆ་1ཁྲལ་ཚད་དམའ་བའི་གཟིགས་སྐྱོང་ལོངས་སུ་སྤྱོད་པའི་རྒྱ་ཁྱོན་ཚད་གཞི་དེ་སྨི་ངོས་གྲུ་90ནས་སྨི་ངོས་གྲུ་140བར་མཐོ་རུ་གཏོང་རྒྱུ་མ་ཟད།  པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར་4ཡིས་ས་ཁུལ་གཞན་དང་ཁྱིམ་ཚང་གི་སྡོད་ཁང་གཉིས་པའི་གན་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་གཅིག་གྱུར་ཐོག་ལོངས་སྤྱོད་བྱེད་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད། ལེགས་སྒྲིག་བྱས་རྗེས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་མི་སྒེར་གྱིས་ཁྱིམ་ཚང་གི་སྡོད་ཁང་དང་པོའམ་ཁྱིམ་ཚང་གི་སྡོད་ཁང་གཉིས་པ་ཉོ་སྐབས། རྒྱ་ཁྱོན་སྨི་ངོས་གྲུ་140ལས་མ་བརྒལ་ཚེ། གཅིག་གྱུར་ཐོག་བརྒྱ་ཆ་གཅིག་གི་ཁྲལ་ཚད་ལྟར་གན་ཁྲལ་འཇལ་ཆོག


ས་ཆའི་རིན་ཐང་འཕར་མའི་དཔྱ་ཁྲལ་ཐད། ས་གནས་ཁག་གི་ས་ཆའི་རིན་ཐང་འཕར་མའི་དཔྱ་ཁྲལ་གྱི་སྔོན་བསྡུ་བྱེད་ཚད་ཉུང་ཤོས་དེ་གཅིག་གྱུར་ཐོག་བརྒྱ་ཆའི་གནས་0.5དམའ་རུ་གཏོང་རྒྱུ། ས་གནས་ཁག་གིས་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ལག་ལེན་དངོས་སུ་བསྟར་བའི་སྔོན་བསྡུའི་ཚད་གཞི་ལེགས་སྒྲིག་བྱ་ཆོག


གཞན་ཡང་། སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་ཕན་ཚུན་འབྲེལ་མཐུད་བྱེད་པའི་རིན་ཐང་འཕར་མའི་དཔྱ་ཁྲལ་དང་ས་ཆའི་རིན་ཐང་འཕར་མའི་དཔྱ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་མེད་པར་བཟོ་བ་དང་ཁང་པ་རྙིང་པ་ཉོ་ཚོང་བྱེད་པའི་མ་གནས་དམའ་རུ་གཏོང་བ་བཅས་བྱས་ནས། ས་ཁང་བདག་ཁོངས་ཁེ་ལས་ཀྱི་ཁྲལ་འབབ་བརྟན་པོ་རྒྱུན་འཁྱོངས་ཐུབ་རྒྱུ་ཁ་གསལ་བཏོན་ཡོད།


རིན་ཐང་འཕར་མའི་དཔྱ་ཁྲལ་ཐད། གྲོང་ཁྱེར་དུ་སྤྱིར་བཏང་གི་སྡོད་ཁང་ཚད་གཞི་མེད་པ་བཟོས་རྗེས། མི་སྒེར་གྱིས་ལོ་2དང་ཡང་ན་ལོ་2ཡན་སོང་བའི་སྡོད་ཁང་བྲིན་འཚོང་བྱེད་སྐབས་ཚང་མར་རིན་ཐང་འཕར་མའི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ། 


དེ་སྔ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར་4རུ་མི་སྒེར་ལ་འཚོང་བར་དམིགས་ནས་ཉོས་ཏེ་ལོ་2དང་ཡང་ན་ལོ་2ཡན་སོང་བའི་སྤྱིར་བཏང་མིན་པའི་སྡོད་ཁང་གི་རིན་ཐང་འཕར་མའི་དཔྱ་ཁྲལ་གྱི་གཏན་འབེབས་དེ་དང་བསྟུན་ནས་ལག་ལེན་བསྟར་མཚམས་འཇོག་རྒྱུ།


ས་ཆའི་རིན་ཐང་འཕར་མའི་དཔྱ་ཁྲལ་ཐད། སྤྱིར་བཏང་གི་སྡོད་ཁང་དང་སྤྱིར་བཏང་མིན་པའི་སྡོད་ཁང་གི་ཚད་གཞི་མེད་པར་བཟོས་པའི་གྲོང་ཁྱེར་དུ། ཁྲལ་འཇལ་མཁན་གྱིས་བཟོ་སྐྲུན་དང་ཕྱིར་འཚོང་བྱེད་པའི་རིན་ཐང་འཕར་ཚད་དེ་འཐེན་བྱའི་རྣམ་གྲངས་དངུལ་གྲངས་ཀྱི་བརྒྱ་ཆ་20ལས་བརྒལ་མེད་པའི་སྤྱིར་བཏང་ཚད་གཞིའི་སྡོད་ཁང་ཡིན་ཕྱིན། ས་ཆའི་རིན་ཐང་འཕར་མའི་དཔྱ་ཁྲལ་མུ་མཐུད།་རྩ་ཆག་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ།  


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

往期回顾

在比如县、嘉黎县、索县实施......


最新公告!那曲市以旧换新活动......

那曲又又又又双叒叕获奖了!

记 者:仓果

编 辑(一审):才仁拉珠

责 编(二审:秦     瑶

审 核(三审:索     朗


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章