国庆节倡议书
广大市民朋友们:
金秋送爽,举国同庆。在喜迎中华人民共和国成立75周年之际,为在全市形成传承美德、崇尚文明、摒弃陋习、文明守礼的良好风尚,共同营造温馨、和谐、浓厚的节日氛围,我们倡议广大市民积极行动起来,以实际行动共建文明和谐的西藏最高海拔长治久安和高质量发展示范市。
一、养成文明习惯。自觉践行社会主义核心价值观,倡导文明健康的生活方式,营造健康文明生活风尚,不酗酒乱为,不在公共场所吸烟,不大声喧哗,不粗言脏语,自觉遵守公共秩序、文明公约、居民公约和村规民约。
二、爱护环境卫生。不乱丢垃圾、乱倒污水、随地吐痰,不乱扔动物尸体等废弃物,不在背街小巷随意便溺,不损坏公物,不在露天场所和垃圾收集容器内焚烧垃圾或者其他废弃物,自觉保护生态环境,树立科学文明健康的生活理念。
三、遵守交通秩序。车辆、行人各行其道,不乱闯红灯、不逆行、不横穿马路、不随意停车、不翻越交通护栏,车辆遇斑马线要礼让行人,驾车时不吸烟、不拨打电话,不向窗外抛物、不酒后驾车,电动车不违法载人,未成年人不违规驾驶摩托车、电动车。
四、践行文明上网。不妄议国家大政方针和党委政府决策部署,不杜撰虚构编造夸大未经官方证实的不实信息和虚假消息,不转载发布来源不明图片、视频和消息,不传播低俗、媚俗、庸俗等低级趣味,不哗众取宠谋取不正当的个人私利,不恶意辱骂诽谤中伤他人,做到依法用网、理性上网。
五、规范文明旅游。遵守公共秩序,不喧哗、不插队,爱护文物和景区设施,热爱自然环境,尊重当地风俗习惯,禁止未经允许擅自进入保护区内开展旅游、探险等活动,不在旅游景区内乱写乱画损坏文物,出行优先选择乘坐公共交通工具,减少使用塑料袋、一次性纸杯等物品。
六、反对餐饮浪费。倡导节约光荣、浪费可耻的用餐观念,注重膳食均衡、荤素搭配,遵守用餐秩序,爱护用餐环境,讲究餐量适中、按需取量,以光盘为荣、剩宴为耻,使用公筷公勺,杜绝使用一次性筷子,做到不剩饭不剩菜,向舌尖上的浪费说“不”。
文明之基,筑于微末,聚沙成塔,蔚为壮观。让我们积极行动起来,从自身做起,从现在做起,从小事做起,以实际行动践行文明,共筑美丽那曲、和谐那曲、文明那曲的美好未来。祝愿全市各族人民群众国庆快乐、阖家幸福、扎西德勒!
那曲市精神文明建设办公室
2024年9月29日
རྒྱལ་སྟོན་དུས་ཆེན་གྱི་གྲོས་འདོན་ཡི་གེ
རྒྱ་ཆེའི་གྲོང་མི་གྲོགས་པོ་རྣམ་པ་ཚོ།
གསེར་མདོག་གི་འབྲས་བུས་དུད་པའི་དུས་ཚིགས་འདིར།། རྒྱལ་ཡོངས་གོང་འོག་ཚང་མས་ རྒྱལ་སྟོན་ལ་རྟེན་འབྲེལ་ཞུ།། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་མཚམས་འདིར་གྲོང་ཁྱེར་ཡོངས་སུ་ཐུན་མོང་ཐོག་སྤྱོད་བཟང་རྒྱུན་འཛིན་དང་། ཤེས་དཔལ་གོང་བཀུར། སྲོལ་ངན་འདོར་བ། ཤེས་དཔལ་ངང་གུས་ལུགས་སྲུང་བ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ་བྱས་ནས་དྲོ་སྐྱིད་དང་ཞི་མཐུན་ཟབ་པའི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད། ང་ཚོས་རྒྱ་ཆེའི་གྲོང་མི་རྣམས་ལ་བྱ་སྤྱོད་ཧུར་ཐག་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཤེས་དཔལ་ཞི་མཐུན་གྱི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་ཐུན་མོང་ཐོག་གཏོད་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན།
གཅིག ཤེས་དཔལ་གྱི་གོམས་གཤིས་ཆགས་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་བསྟར་བྱེད་པ་དང་ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ཡ་རབས་ཤེས་དཔལ་གྱི་འཚོ་བའི་དར་སྲོལ་གཏོད་པ་བཅས་བྱས་ཏེ་ཆང་རག་ཚོད་མེད་མི་འཐུང་བ་དང་སྤྱི་པའི་ཚོགས་རར་ཐ་མག་མི་འཐེན་པ། སྐད་ཅོར་ཆེན་པོ་མི་རྒྱག་པ། སྐད་ཆ་བཙོག་པ་མི་ཤོད་པ་བཅས་བྱས་ཏེ་སྤྱི་པའི་སྒྲིག་ལམ་དང་ཡ་རབས་སྤྱི་ཆིངས། གྲོང་མིའི་སྤྱི་ཆིངས། ཡུལ་སྲོལ་དམངས་ཆིངས་བཅས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས།
གཉིས། ཁོར་ཡུག་གི་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་དགོས། གད་སྙིགས་གང་བྱུང་དུ་མི་གཡུགས་པ་དང་བཙོག་ཆུ་གང་བྱུང་དུ་མི་བྱོ་བ། ཁ་ལུད་གང་བྱུང་དུ་མི་གཡུགས་པ། སྲོག་ཆགས་ཀྱི་རོ་སོགས་གད་སྙིགས་གང་བྱུང་དུ་མི་གཡུགས་པ། ཁྲོམ་གཞུང་དང་སྲང་ལམ་གང་སར་གང་བྱུང་དུ་གཅིན་སྐྱག་མི་གཏོང་བ། སྤྱི་རྫས་ལ་གཏོར་སྐྱོན་མི་གཏོང་བ། ཐང་སྟོང་དང་གད་སྙིགས་བླུགས་སྣོད་ནང་གད་སྙིགས་སམ་ཡང་ན་བེད་མེད་དངོས་པོ་གང་བྱུང་དུ་མེར་བསྲེགས་མི་གཏོང་བར་རང་རྟོགས་ངང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ནས་ཚན་རིག་དང་མཐུན་ལ་ཤེས་དཔལ་དང་བདེ་ཐང་གི་འཚོ་བའི་འདུ་ཤེས་འཛུགས་དགོས།
གསུམ། འགྲིམ་འགྲུལ་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས། འཁོར་རིགས་དང་རྐང་ཐང་བ་སོ་སོའི་འགྲོ་ལམ་ཐོག་བསྐྱོད་དགོས་པ་དང་གློག་དམར་གང་བྱུང་དུ་མི་བརྒལ་བ་དང་། བགྲོད་ལམ་ལྡོག་ནས་མི་སྐྱོད་པ། རྒྱ་ལམ་འཕྲེད་བརྒལ་མི་བྱེད་པ། རླངས་འཁོར་གང་བྱུང་དུ་མི་འཇོག་པ། འགྲིམ་འགྲུལ་སྒྲོམ་སྐྱོར་ནས་མི་བརྒལ་བ། འཁོར་རིགས་ལམ་ཐིག་ཁྲ་ཁྲར་འཕྲད་སྐབས་གུས་ཞབས་ངང་རྐང་ཐང་བ་སྔོན་ལ་གཏོང་དགོས་པ་དང་། རླངས་འཁོར་གཏོང་སྐབས་ཐ་མག་མི་འཐེན་པ་དང་ཁ་པར་མི་རྒྱག་པ། སྒེའུ་ཁུང་ཕྱིར་དངོས་པོ་མི་གཡུགས་པ། ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བ། གློག་སྒུལ་འཁོར་རིགས་ཀྱིས་ཁྲིམས་འགལ་ངང་མི་མི་བླུགས་པ། ན་སོ་དར་ལ་མ་བབས་པའི་མིས་ཁྲིམས་འགལ་ངང་སྦག་སྦག་དང་གློག་སྒུལ་འཁོར་རིགས་མི་གཏོང་བ་བཅས་བྱེད་དགོས།
བཞི། ཤེས་དཔལ་ལྡན་པའི་ངང་དྲ་བར་ཞུགས་དགོས། དྲ་ཐོག་ཏུ་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རང་དགར་མི་གླེང་བ་དང་གཞུང་ཕྱོགས་ཀྱི་བདེན་དཔང་མེད་པའི་ཆ་འཕྲིན་རྫུས་མ་དང་ཆ་འཕྲིན་རྫུས་མ་རྫུན་བཟོ་དང་འུད་སྒྲོག་མི་བྱེད་པ། ཡོང་ཁུངས་གསལ་པོ་མེད་པའི་པར་རིས་དང་བརྙན་ལམ། ཆ་འཕྲིན་བཅས་བརྒྱུད་འགོད་དང་ཡོངས་བསྒྲགས་མི་བྱེད་པ། མ་རབས་དང་སྤྲེལ་ལད། ཐ་ཤལ་སོགས་ཐ་མལ་བྱ་སྤྱོད་བརྒྱུད་བསྒྲགས་མི་བྱེད་པ། སྙན་བརྗོད་བློ་འགུག་མི་བྱེད་པ། ཚུལ་མིན་གྱི་སྒེར་ཕན་མི་གཉེར་བ། བསམ་ངན་ཁོག་བཅུག་གིས་དམའ་འབེབས་དང་སྐྱོན་འཛུགས་བྱས་ནས་མི་གཞན་ལ་གནོད་འཚེ་མི་གཏོང་བ་བཅས་བྱས་ཏེ་ཁྲིམས་ལྟར་དྲ་རྒྱ་སྤྱོད་པ་དང་ཚུལ་མཐུན་ངང་དྲ་ཞུགས་ཐུབ་པ་བྱེད་དགོས།
ལྔ། ཚད་ལྡན་དང་ཡ་རབས་ངང་ཡུལ་སྐོར་བྱེད་དགོས། སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་བ་དང་སྐད་ཅོར་མི་རྒྱག་པ། བར་ཚངས་མི་རྒྱག་པ། རིག་དངོས་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་ལ་གཅེས་སྤྲས་བྱེད་པ། རང་བྱུང་ཁོར་ཡུག་ལ་དགའ་ཞེན་དང་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བཅས་བྱེད་དགོས་པ། ཆོག་མཆན་མ་ཐོབ་པར་རང་དགར་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་དང་མྱུལ་དཔྱད་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རི་མོ་གང་བྱུང་བྲིས་ནས་རིག་དངོས་ལ་གཏོར་སྐྱོན་མི་གཏོང་བ། ཕྱིར་སྐྱོད་སྐབས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་རྒྱུ་གདམ་ག་བྱེད་པ། འགྱིག་ཁུག་དང་སྤྱོད་ཐེངས་གཅིག་རང་བཞིན་གྱི་ཤོག་ཕོར་སོགས་ཀྱི་དངོས་རྫས་སྤྱོད་རྒྱུ་ཉུང་དུ་གཏོང་དགོས།
དྲུག བཟའ་བཏུང་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་དགོས། གྲོན་ཆུང་བྱས་ན་གཟི་བརྗིད་ཡིན་པ་དང་འཕྲོ་བརླག་བཏང་ན་ངོ་ཚ་ཡིན་པའི་ཟས་སྤྱོད་འདུ་ཤེས་དར་སྤེལ་བཏང་སྟེ་བཟའ་བཏུང་དོ་མཉམ་དང་དམར་ཟས་དང་དཀར་ཟས་སྡེབ་སྤྱོད། ཟས་སྤྱོད་སྒྲིག་ལམ་བརྩི་སྲུང་། ཟས་སྤྱོད་ཁོར་ཡུག་ལ་གཅེས་སྤྲས་བྱེད་པ། ཟ་མ་མང་ཉུང་རན་པ་དང་དགོས་མཁོར་གཞིགས་ནས་ལེན་པ། སྡེར་སྟོང་ནི་གཟི་བརྗིད་དང་ཟས་ལྷག་ནི་ཞེ་ཁྲེལ་ཡིན་པའི་འདུ་ཤེས་འཛུགས་པ། སྤྱི་སྤྱོད་ཟ་ཐུར་སྤྱོད་པ་ལས་ཐེངས་གཅིག་རང་བཞིན་གྱི་ཟ་ཐུར་སྤྱོད་རྒྱུ་གཏན་འགོག་བྱེད་པ། ཟས་རིགས་མི་ལྷག་པ་བྱས་ཏེ་འཕྲོ་བརླག་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།
ཤེས་དཔལ་གྱི་རྨང་གཞི་ནི་ཆུང་ཙག་ནས་ཆགས་པ་དང་། བྱེ་འདུས་མཆོད་རྟེན་དུ་གྲུབ་པས་བརྗིད་ཆགས་ཀྱི་ཉམས་དང་ལྡན་པ་ཞིག་ཡིན། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་རང་ངོས་ནས་འགོ་འཛུགས་པ་དང་ད་ལྟ་ནས་འགོ་འཛུགས་པ། བྱ་བ་ཆུང་ཙག་བཅས་ནས་འགོ་བཙུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཤེས་དཔལ་ལག་ལེན་བསྟར་ཏེ་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ནག་ཆུ་དང་ཞི་མཐུན་གྱི་ནག་ཆུ། ཤེས་དཔལ་ལྡན་པའི་ནག་ཆུ་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་རྣམས་རྒྱལ་སྟོན་ལ་བཀྲ་ཤིས་བདེ་ལེགས་དང་། ཁྱིམ་ཚང་འཆམ་མཐུན་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ནག་ཆུ་གྲོང་ཁྱེར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་ནས།
༢༠༢༤ལོའི་ཟླ་བ་༩པའི་ཚེས༢༩ཉིན།
往期回顾
三 审:索 朗
二 审:普布塔培
编 辑:才仁拉珠