དགུན་ཁར་དྲོ་ཇུས་ཁོ་ན་བྱས་ནས་མ་བསྡད་པར་ད་དུང་འདི་དག་མཆོད་དང་།

文摘   2024-11-26 08:01   西藏  

    


ཁྲིམས་ལྟར་རྒྱལ་སྲུང་སློབ་གསོ་དང་ལེན་བྱ་རྒྱུ་ནི་སྤྱི་དམངས་ཡོངས་ཀྱི་དབང་ཆ་དང་འོས་འགན་ཞིག་ཡིན།

    དགུན་ཁར་དྲོ་ཇུས་བྱས་པ་ཁོ་ནས་འགྲིག་གམ། དགུན་ཁར་ལུས་ཟུངས་གསོ་བར་ད་དུང་དོ་སྣང་གང་འདྲ་བྱེད་དགོས། གཤམ་ལ་ང་ཚོ་དང་མཉམ་དུ་དགུན་ཁར་ལུས་ཟུངས་གསོ་བའི་རྒྱུན་ཤེས་འདི་དག་མཁྱེན་པ་གནང་དང་།

    སེ་འབྲུ་དང་། ལི། རྒུན་འབྲུམ་བཅས་མང་ཙམ་མཆོད་དགོས། གང་ཡིན་ཟེར་ན། ཤིང་ཏོག་འདི་རིགས་ལ་སྐོམ་པ་སེལ་བ་དང་གློ་འཇགས་པའི་ཕན་ནུས་ཡོད་པས། འདི་དག་ནི་དགུན་ཁ་གློ་བ་གསོ་བའི་ཤིང་འབྲས་ཡག་ཤོས་ཤིག་རེད།

    རྒྱ་ཁོག་ཟ་དུས་ཞོ་ཏོག་ཙམ་བཏུངས་ཚེ། ཕོ་བ་དང་རྒྱུ་མའི་འབྱར་སྐྱི་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་སྟེ། ཞག་ཚི་ཆེ་དྲགས་པ་དང་རྒྱུ་རྐྱེན་གཞན་པའི་དབང་གིས་ཁོག་པ་བཤལ་བ་དང་ཕོ་བ་ན་བ་སོགས་སྔོན་འགོག་ཡག་པོ་བྱེད་ཐུབ།

    ཁ་བ་འབབ་པའི་དུས་ཚིགས་སུ་ཁྲག་ཚིལ་གཅོག་པའི་ཟས་རིགས་འོས་འཚམ་ཟ་དགོས། དཔེར་ན་ཁུའུ་ཀྭ་དང་། མ་རྨོས་ལོ་ཏོག བྲ་བོ། མོག་རོ་ནག་པོ་སོགས།    

    དགུན་ཁར་ལུས་ཟུངས་གསོ་བའི་ཐབས་ཤེས་བཟང་ཤོས་ནི་ལུས་སྦྱོང་བྱེད་རྒྱུ་དེ་ཡིན་པས། རྒྱུན་དུ་རྒྱུག་ཤར་གློད་པ་དང་། ཞབས་བྲོ་འཁྲབ་པ། འཁྱགས་ཤུད་གློད་པ། སྤོ་ལོ་རྒྱག་པ་སོགས་མང་ཙམ་བྱས་ན། གཅིག་ནས་གཟུགས་པོ་བདེ་རུ་འགྲོ་སྲིད་ལ། གཉིས་ནས་སེམས་པ་རང་བཞིན་གྱིས་སྐྱིད་དུ་འགྲོ་སྲིད།

    ལོ་སྒོར་པད་ཚལ་མང་ཙམ་ཟ་དགོས་ཏེ། དེར་འཚོ་བཅུད་Cའདུས་ཚད་ཀྲོ་མ་ཀྲུ་ལས་ལྡབ་3.5ཡི་མང་བ་ཡོད་པས། མང་ཙམ་བཟས་ན་ནད་འགོག་ནུས་པ་ཇེ་ཆེར་གཏོང་ཐུབ།


ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།





རྩོམ་སྒྲིག་པ། བློ་བཟང་ལྷ་མོ།

ལྟ་ཞིབ། བློ་བཟང་ཕུན་ཚོགས།

 སྤྱི་ཁྱབ་ལྟ་སྐུལ་བ། ཁྱི་ལོད་གྲགས་པ།

ཆབ་མདོའི་བོད་སྐད་འཕྲིན་ལམ།

གཡས་ཀྱི་རྩ་གཉིས་རྟགས་རིས་བཤེར་ནས་

ང་ཚོར་དོ་ཁུར་བྱ་ཆོག

昌都藏语频道
权威发布昌都藏语新闻 向农牧区宣传党的政策 传播康巴文化
 最新文章