མཆིན་པར་ཐ་མག་དང་ཆང་རག་ལས་འདི་དག་གནོད་པ་ཆེ་བ་འདུག

文摘   2024-11-18 21:30   西藏  

    


ཁྲིམས་ལྟར་རྒྱལ་སྲུང་སློབ་གསོ་དང་ལེན་བྱ་རྒྱུ་ནི་སྤྱི་དམངས་ཡོངས་ཀྱི་དབང་ཆ་དང་འོས་འགན་ཞིག་ཡིན།

 ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་སྐྲན་ནད་ཕོག་མཁན་མང་དུ་འགྲོ་ཡི་ཡོད་པ་དང་། མཆིན་པར་སྐྲན་ནད་ཕོག་ཚད་སྐྲན་ནད་གཞན་དག་ལས་མང་བ་ཡོད།  དེར་བརྟེན་ཀློག་པ་པོ་ཚོས་འདི་དག་ལ་ཡིད་གཟབ་གནང་དགོས་འདུག

 དང་པོ། ཡུན་རིང་པོ་སྤྱད་པའི་བཞེས་ཙེ།  

    མི་མང་ཆེ་བས་བཞེས་ཙེ་བཀྲུས་རྗེས་སྐེམ་གྱི་མེད་པས། རླམ་རྩི་སེར་པོའི་དུག་ཆགས་སླ་པོ་ཡོད། དེར་བརྟེན་བཞེས་ཙེ་བཀྲུས་རྗེས་དེའི་ངོས་སུ་ཧམ་སྤུ་བརྒྱབ་ཡོད་མེད་ལ་ལྟ་དགོས། ཡག་ཤོས་བྱུང་ན་བཞེས་ཙེ་ལོ་ཕྱེད་རེར་བརྗེ་དགོས། བེད་སྤྱོད་བྱས་ཟིན་རྗེས་དུས་ཐོག་ཏུ་གཙང་མར་བཀྲུས་ནས་སྐེམ་དགོས་པའམ་ཡང་ན་ལྕགས་ཀྱི་བཞེས་ཙེ་སྤྱད་ན་ལེགས། 

གཉིས་པ། དྲི་མ་ཡོད་པའི་བཟའ་སྣུམ།  

      བཟའ་སྣུམ་ནི་ཁ་ལག་བཟོ་སྐབས་མེད་དུ་མི་རུང་བ་ཞིག་རེད། འོན་ཀྱང་བཟའ་སྣུམ་འགའ་ཤས་དབོར་འདྲེན་དང་ཉར་ཚགས་བྱེད་སྐབས། བཞའ་ཚན་ཆེ་བའི་དབང་གིས་ཧམ་སྤུ་རྒྱག་གི་ཡོད་པས། རླམ་རྩི་སེར་པོའི་དུག་འགོ་སླ་པོ་ཡོད། གལ་ཏེ་བཟའ་སྣུམ་ལ“ཧམ་དྲི”ཡོད་ན་ཚལ་རྔོ་སྐབས་དྲི་མ་ངར་པོ་ཞིག་བྲོ་ཡི་ཡོད་པས། བཟའ་སྣུམ་འདི་འདྲ་བེད་སྤྱོད་བྱ་མི་ཉན། གང་ཡིན་ཟེར་ན། དེས་སྐྲན་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད། 

 གསུམ་པ།  ཧམ་སྤུ་བརྒྱབ་པའི་ཨ་ཤོམ་དང་འབྲུ་རིགས།  

    སིང་ཕྱེའི་འདུས་ཚད་མཐོ་པོ་ཡོད་པའི་ཟས་རིགས་ལ་རླམ་རྩི་སེར་པོའི་དུག་ཆགས་སླ་པོ་ཡོད། དཔེར་ན། ཨ་ཤོམ་དང་བ་དམ་སོགས་ལ་ཧམ་སྤུ་བརྒྱབ་ཚེ་རླམ་རྩི་སེར་པོའི་དུག་གི་འདུས་ཚད་མཐོ་པོ་ཡོད།

མཆིན་པ་ཡག་པོ་མེད་ན། གཤམ་གྱི་ནད་རྟགས་ཐོན་སྲིད། 


དང་པོ། གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་གཏོང་གི་ཡོད། 

    གྲོད་ཁོག་གི་གཞོགས་གཡས་པར་ན་ཟུག་བཏང་ན་མཆིན་པར་ན་ཚ་སླེབས་པའི་རྟགས་རེད། གང་ཡིན་ཟེར་ན་མཆིན་པ་གནས་འདིར་ཡོད། དུས་རྒྱུན་མཆིན་པ་ལག་པས་རེག་ཐུབ་ཀྱི་མེད། གལ་སྲིད་མཆིན་པ་སྐྲངས་ཚེ་གནས་འདིར་སྐྲངས་འབུར་དོན་གྱི་ཡོད་པས། ངེས་པར་དུ་དོགས་ཟོན་བྱེད་དགོས།



 གཉིས་པ། ཤ་སྐམ་པ་དང་གཟུགས་པོར་ཤུགས་མེད་པ།  

    ནད་གཞི་མང་པོས་ཤ་སྐམ་པ་དང་གཟུགས་པོར་ཤུགས་མེད་པར་གྱུར་གྱི་ཡོད། གལ་ཏེ་མཆིན་ཚད་ཁ་པའི་གཅོང་ནད་དང་། ཡུན་རིང་ཆང་རག་འཐུང་བ། རྟག་ཏུ་མཚན་འཁྱོངས་སོགས་བྱས་ཚེ་གོང་གི་ནད་རྟགས་ཐོན་གྱི་ཡོད། 

གསུམ་པ། གཅིན་པ་སེར་རྐྱང་ཆགས་པ།  

    མཆིན་པར་ནད་ཕོག་རྗེས་མཁྲིས་པའི་དམར་གཤེར་ཁྲག་རྒྱུན་ནང་དུ་ལུས་ནས། མཁལ་མ་ནས་ཕྱིར་དོན་གྱི་ཡོད་པས། གཅིན་པའི་ཚོས་གཞི་ལོག་ནས་སེར་པོ་ཆགས་ཀྱི་ཡོད། 



ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།






རྩོམ་སྒྲིག་པ། ཨོ་རྒྱན།

ལྟ་ཞིབ། བློ་བཟང་ཕུན་ཚོགས།

 སྤྱི་ཁྱབ་ལྟ་སྐུལ་བ། ཁྱི་ལོད་གྲགས་པ།

ཆབ་མདོའི་བོད་སྐད་འཕྲིན་ལམ།

གཡས་ཀྱི་རྩ་གཉིས་རྟགས་རིས་བཤེར་ནས་

ང་ཚོར་དོ་ཁུར་བྱ་ཆོག

昌都藏语频道
权威发布昌都藏语新闻 向农牧区宣传党的政策 传播康巴文化
 最新文章