欢庆佳节,亲朋好友聚餐增多。为弘扬中华民族勤俭节约的优良传统,不论在家用餐还是外出聚餐,都应倡导文明用餐,不吃“豪华年夜饭”,杜绝餐饮浪费。为此,特做如下消费提示。
一、针对需求适度采购以杜绝浪费
家庭日常消费食品应按照“食物多样、合理搭配”的原则,通过正规商超、农贸市场或电商平台等渠道购买。可根据用餐人数和制作菜肴所需品类,提前列好采购清单,适量购买。尽量减少囤积,避免食用不完造成浪费。采购时注重合理搭配,选择谷类、肉类、蛋类、蔬菜、水果等多样化食物。
二、科学合理的储存
购买后的预包装食品应按照标签上的贮存条件保存,散装食品需按其特点及时分类、合理储存。
(一)谷物、干果类。可置于低温、避光、通风和干燥处存放。
(二)肉类。新鲜肉当天食用可冷藏保存,如需存放一段时间,建议按量分割后放入保鲜袋冷冻保存。干肉可密封保存、冷藏防潮、真空冷冻等。
(三)奶制品。奶制品的存放方法对其新鲜度和品质有着重要影响。正确的存放不仅能够保持奶制品的营养价值,还能避免食品安全问题。冷藏存放:大多数奶制品,如牛奶、酸奶、奶酪等,都应该存放在冰箱的冷藏室中。冷藏可以减缓微生物的生长速度,延长奶制品的保质期。一般来说,奶制品的理想冷藏温度应该在4℃以下。
(四)果蔬类。新鲜果蔬最好现吃现买。香蕉、芒果等热带水果不宜冷藏。苹果、梨等既可冷藏,也可室内阴凉处存放。绿叶蔬菜等可用软纸包裹后放入保鲜袋冷藏。土豆、胡萝卜等根茎类蔬菜,宜置于阴凉通风处,避免阳光直射。
需要注意的是,冷藏或冷冻保存的食品应及时放入冰箱,避免长时间暴露在室温下,注意生熟分开、荤素分开、分隔或独立包装。熟食和直接入口的食物宜放在冰箱上层,生的食物宜放在下层,避免贴近冰箱内壁。
三、剩饭剩菜的安全食用注意事项别
预留在先,食用前如果认为量大吃不完,可先分出一部分提前打包存放,避免浪费。
剩不隔餐,剩饭剩菜可短时间存放在玻璃、陶瓷餐具或容器里冷藏,存放时间以不隔餐为宜,早上剩的中午吃,中午剩的晚上吃。叶类蔬菜不过夜。
彻底复热,剩饭剩菜再次食用前要彻底加热,通过看和闻,判断无异常后再食用。
一粒粮食饱含滴滴汗水,一张餐桌传承优良品德。让我们携起手来拒绝“舌尖上浪费”,共享美好佳节!
藏语版
འཛད་སྤྱོད་ཉེན་བརྡ་
དགའ་སྤྲོའི་ངང་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་།གཉེན་ཉེ་དང་གྲོགས་པོ་མཉམ་འཛོམས་བྱེད་པ་མང་དུ་འགྲོ་བ་དང་བསྟུན།ཀྲུང་ཧྭ་མི་རིགས་ཀྱི་ཧུར་བརྩོན་གྲོན་ཆུང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་ཆེད།ཁྱིམ་དུ་ཟ་མ་ཟ་བའམ་ཡང་ན་ཕྱི་རུ་ཟ་མ་ཟ་བར་སྐྱོད་སྐབས་ཡ་རབས་ངང་ལྟོ་བཟའ་རྒྱུ་དར་སྤེལ་བཏང་ནས།“རྒྱས་སྤྲོས་ཀྱི་ལོ་གསར་གནམ་གང་གི་ཟ་མ”མི་ཟ་བ་དང་བཟའ་བཏུང་འཕྲོ་བརླག་གཏོང་རྒྱུ་གཏན་འགོག་བྱེད་དགོས།དེའི་ཆེད་དུ་གཤམ་གསལ་གྱི་འཛད་སྤྱོད་དྲན་སྐུལ་བྱ་རྒྱུ་ཡིན།
གཅིག དགོས་མཁོར་གཞིགས་ནས་ཉོ་སྒྲུབ་འོས་འཚམ་བྱས་ཏེ་ཆུད་ཟོས་ལ་གཏན་འགོག་བྱེད་དགོས།
ཁྱིམ་ཚང་གི་རྒྱུན་གཏན་གྱི་འཛད་སྤྱོད་བཟའ་བཅའ་དེ“བཟའ་བཅའ་སྣ་མང་དང་ལུགས་མཐུན་ངང་སྡེབ་སྒྲིག་བྱེད་པའི”རྩ་དོན་གཞིར་བཟུང་།ཚད་ལྡན་གྱི་ཚོང་ཁང་དང་།ཞིང་ཟོག་ཁྲོམ་ར།དྲ་ཐོག་ཚོང་ཁང་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཉོ་སྒྲུབ་བྱེད་དགོས།ཟ་མ་ཟ་བའི་མི་གྲངས་དང་ཚལ་རིགས་བཟོ་བར་མཁོ་བའི་རིགས་ལ་གཞིགས་ནས།ཉོ་སྒྲུབ་ཀྱི་རྩིས་ཐོ་སྔོན་ཚུད་ནས་བཟོས་ཏེ་ཉོ་སྒྲུབ་འོས་འཚམ་བྱེད་དགོས།གསོག་ཉར་བྱེད་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ཏེ།ཟས་མ་ཚར་ན་འཕྲོ་བརླག་མི་ཡོང་བ་བྱེད་དགོས།ཉོ་སྒྲུབ་བྱེད་སྐབས་ལུགས་མཐུན་ངང་སྡེབ་སྒྲིག་བྱེད་རྒྱུ་དོ་སྣང་བྱས་ཏེ།འབྲུ་རིགས་དང་།ཤ་རིགས།སྒོ་ངའི་རིགས།སྔོ་ཚལ།ཤིང་འབྲས་སོགས་བཟའ་བཅའ་སྣ་ཚོགས་གདམ་དགོས།
གཉིས། ཚན་རིག་དང་མཐུན་པའི་གསོག་ཉར་བྱེད་ཐབས་ནི་ཐོན་ཁུངས་ཆུད་ཟོས་སུ་མི་གཏོང་བའི་གནད་འགག་ཡིན།
ཐུམ་སྒྲིལ་ཟས་རིགས་ཉོས་རྗེས་ཤོག་བྱང་སྟེང་གི་གསོག་ཉར་ཆ་རྐྱེན་ལྟར་ཉར་ཚགས་བྱེད་དགོས་པ་དང་།སིལ་བླུག་ཟས་རིགས་ནི་དེའི་ཁྱད་ཆོས་ལྟར་དུས་ཐོག་རིགས་དབྱེ་དང་གསོག་ཉར་ལུགས་མཐུན་བྱེད་དགོས།
(གཅིག)འབྲུ་རིགས་དང་ཤིང་ཏོག་སྐམ་པོའི་རིགས།དྲོད་ཚད་དམའ་བ་དང་།འོད་མི་ཕོག་པ།རླུང་འགྲོ་བ།སྐམ་ཤས་ཆེ་ས་བཅས་སུ་འཇོག་དགོས།
(གཉིས)ཤ་རིགས།ཤ་སོས་པ་ཉིན་དེར་ཟས་སྤྱོད་བྱེད་རྒྱུ་ཡིན་ཚེ་འཁྱག་ཉར་བྱེད་ཆོག་པ་དང་།གལ་ཏེ་དུས་ཚོད་ངེས་ཅན་ཞིག་འཇོག་དགོས་ཚེ།ཟ་ཚོད་ལྟར་ཁག་བགོས་བྱས་ནས་སོས་ཉར་ཁུག་མའི་ནང་བླུགས་ཏེ་འཁྱག་གཏོང་ཉར་ཚགས་བྱས་ན་ལེགས།ཤ་སྐམ་པོ་ནི་ཁ་སྦྱར་ཉར་ཚགས་དང་།འཁྱག་ཉར་རླན་འགོགསྟོང་སངས་འཁྱག་གཏོང་སོགས་བྱེད་ཆོག
(གསུམ)འོ་བཟོས་བཟའ་བཅའ།འོ་བཟོས་བཟའ་བཅའི་གསོག་འཇོག་བྱེད་ཐབས་ནི་དེའི་སོས་པ་བསྡད་ཚད་དང་རྒྱུ་སྤུས་ལ་ཤུགས་རྐྱེན་ཆེན་པོ་ཡོད།ཉར་ཚགས་ཡང་དག་བྱས་ན་འོ་བཟོས་བཟའ་བཅའི་འཚོ་བཅུད་ཀྱི་རིན་ཐང་རྒྱུན་འཁྱོངས་བྱེད་ཐུབ་པ་མ་ཟད།ད་དུང་ཟས་རིགས་བདེ་འཇགས་ཀྱི་གནད་དོན་སྔོན་འགོག་བྱེད་ཐུབ།འཁྱག་ཉར་བྱེད་པ་སྟེ།འོ་བཟོས་བཟའ་བཅའ་མང་ཆེ་བ་དཔེར་ན་འོ་མ་དང་།ཞོ།ཕྱུར་བ་སོགས་འཁྱག་སྒམ་ནང་གི་འཁྱག་ཉར་དུ་འཇོག་དགོས།འཁྱག་ཉར་བྱས་ན་སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་འཚར་མྱུར་ཚད་དལ་དུ་གཏོང་ཐུབ་པ་དང་།འོ་བཟོས་བཟའ་བཅའི་སྤུས་ཚད་འགན་ལེན་གྱི་དུས་ཡུན་རིང་དུ་གཏོང་ཐུབ།སྤྱིར་བཏང་ཆ་ནས་བཤད་ན།འོ་བཟོས་བཟའ་བཅའི་འཁྱག་ཉར་དྲོད་ཚད་ནི་4℃མན་ཡིན་དགོས།
(བཞི)ཤིང་འབྲས་དང་སྔོ་ཚལ་གྱི་རིགས།ཤིང་འབྲས་དང་སྔོ་ཚལ་སོས་པ་ཡག་ཤོས་བྱུང་ན་ད་ལྟ་བཟའ་རྒྱུ་ད་ལྟ་ཉོ་དགོས།ངང་ལག་དང་ཨ་མྲ་སོགས་ཚ་ཁུལ་གྱི་ཤིང་འབྲས་འཁྱག་ཉར་བྱེད་མི་རུང་།ཀུ་ཤུ་དང་ཤིང་ཏོག་ལི་སོགས་འཁྱག་ཉར་བྱས་ཆོག་ལ།ཁང་པའི་བསིལ་སར་བཞག་ཀྱང་ཆོགསྔོ་ཚལ་སོགས་ཤོག་བུ་མཉེན་མོས་ཐུམ་བརྒྱབ་རྗེས་སོས་ཉར་ཁུག་མའི་ནང་བླུགས་ནས་འཁྱག་ཉར་བྱེད་དགོས།ཞོག་ཁོག་དང་ལ་ཕུག་སེར་པོ་སོགས་རྩད་ཤིང་རིགས་ཀྱི་སྔོ་ཚལ་ནི་བསིལ་རླུང་རྒྱུག་སར་བཞག་ནས་ཉི་འོད་ཐད་ཀར་མི་ཕོག་པ་བྱེད་དགོས།
དོ་སྣང་བྱེད་དགོས་པ་ཞིག་ནི། འཁྱག་ཉར་དང་འཁྱག་བཟོ་བྱས་པའི་ཟས་རིགས་དུས་ཐོག་ཏུ་འཁྱག་སྒམ་ནང་དུ་འཇོག་དགོས་པ་དང་།དུས་ཡུན་རིང་པོར་ཁང་པའི་དྲོད་ཚད་འོག་ཏུ་མི་འཇོག་པ་དང་།རྗེན་པ་དང་བཙོས་མ་ཁག་བགོས་དང་།དཀར་དང་དམར་ཁག་བགོས།ལོགས་དབྱེ་དང་ཐུམ་རྒྱག་པ་བཅས་ལ་དོ་སྣང་བྱེད་དགོས།ཟས་བཙོས་མ་དང་ཐད་ཀར་ཟ་ཆོག་པའི་ཟས་རིགས་འཁྱག་སྒམ་གྱི་གོང་རིམ་དུ་འཇོག་དགོས་པ་དང་།ཟས་རྗེན་པ་འོག་རིམ་དུ་འཇོག་དགོས་ལ།འཁྱག་སྒམ་གྱི་ནང་ལྡེབས་སུ་མི་བཅར་བ་བྱེད་དགོས།
གསུམ། བདེ་འཇགས་ཀྱི་སྒོ་ནས་ཟས་ལྷག་ཟ་བར་དོ་སྣང་བྱེད་དགོས་པའི་དོན་ཚན།
སྔོན་ལ་ཉར་བ་ཞེས་པ་ནི་ཟ་མ་མ་ཟོས་གོང་ཟས་མི་ཚར་བར་སྙམ་ན།སྔོན་ལ་ཁག་ཅིག་བགོས་ཏེ་ཐུམ་བརྒྱབ་ནས་ཉར་ཚགས་བྱས་ཏེ་ཆུད་ཟོས་སུ་མི་འགྲོ་བར་བྱེད་དགོས།
ལྷག་ཀྱང་བར་ཐག་རིང་པོ་མི་འཇོག་པ་ཞེས་པ་ནི་ཟས་ལྷག་རྣམས་དུས་ཚོད་ཐུང་ངུའི་ནང་ཤེལ་དང་རྫ་དཀར་སྣོད་ཆས་སོགས་ཀྱི་ནང་དུ་འཁྱག་ཉར་བྱེད་ཆོག་པ་དང་།ཉར་ཚགས་དུས་ཚོད་རིང་པོ་མེད་ན་ལེགས།ཞོགས་པའི་ལྷག་མ་རྣམས་ཉིན་གུང་ཟ་བ་དང་།ཉིན་གུང་ལྷག་མ་དགོང་མོར་ཟ་དགོས།ལོ་མའི་རིགས་ཀྱི་སྔོ་ཚལ་ཞག་ལུས་མི་རུང་།
ཚ་སྣོན་མཐར་ཕྱིན་ཞེས་པ་ནི་ཟས་ལྷག་མ་ཟོས་གོང་ཚ་པོ་བཟོས་ནས་མིག་གིས་ལྟ་བ་དང་སྣ་ཡིས་སྣོམ་པ་བརྒྱུད་རྒྱུན་གཏན་མིན་པ་བརྡར་ཤ་བཅད་རྗེས་གཞི་ནས་ཟ་དགོས།
འབྲུ་རྡོག་གཅིག་གི་ནང་དུ་རྔུལ་ཆུ་ཐིགས་པ་བསགས་ཡོད་པ་དང་།གསོལ་ལྕོག་གཅིག་གི་ཐོག་ནས་ཀུན་སྤྱོད་བཟང་པོ་རྒྱུན་འཛིན་བྱས་ཡོད།ང་ཚོས་ལག་གདང་སྦྲེལ་ནས“ལྕེ་ཐོག་གི་ཆུད་ཟོས”མི་གཏོང་བ་དང་།བདེ་སྐྱིད་ལྡན་པའི་དུས་ཆེན་མཉམ་སྤྱོད་བྱེད་དགོས
网信羌塘
主审:柳跟象
审编:罗杰
编辑:才白玛
来源:那曲市市场监督管理局