那曲市市场监督管理局关于经营主体报送2024年度年报公示的公告

政务   2025-02-07 22:18   西藏  


2024年度经营主体年报公示工作已经开始,现就全市企业、农民专业合作社、个体工商户2024年度年报公示有关事宜公告如下:


根据《企业信息公示暂行条例》《农民专业合作社年度报告公示暂行办法》规定,凡于2024年1231日之前(含当日)设立登记的企业、农民专业合作社、外国企业常驻代表机构,应当自202511日至630日,登录西藏自治区市场监管局门户网站,在网站首页左下角点击“网上办事”专栏,进入“国家企业信用信息公示系统(西藏)”(以下简称“公示系统”)填报信息,也可关注“西藏市场监管”微信公众号,点击“服务”,报送年度报告,并向社会公示。


根据《促进个体工商户发展条例》和《个体工商户年度报告暂行办法》规定,凡于2024年1231日之前(含当日)设立登记的个体工商户,应当自202511日至630日,通过以下任意一种方式报送年报:一是登录公示系统报送年度报告,并向社会公示;二是搜索“西藏市场监管”微信公众号,点击“服务”,报送年度报告;三是搜索“国家企业信用信息公示系统”微信小程序,点击“年度报告”进行报送;四是向经营场所所在地市场监督管理部门报送纸质年度报告书。对于未按规定期限报送及公示年报的企业、农民专业合作社、个体工商户,那曲市各级市场监督管理部门将其列入经营异常名录或标注经营异常状态,同时依据《市场主体登记管理条例实施细则》的规定,可以处1万元以下的罚款。

重要提醒

年报不收取任何费用,谨防上当受骗。


那曲市市场监督管理局

2025年2月7日


གཉེར་སྐྱོང་བྱེད་པོས་2024ལོའི་ལོ་འཁོར་སྙན་ཞུ་ཕུལ་ནས་ཡོངས་བསྒྲགས་བྱེད་རྒྱུའི་སྐོར་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་གསལ་བསྒྲགས།


2024ལོའི་གཉེར་སྐྱོང་བྱེད་པོས་ལོ་འཁོར་གྱི་སྙན་ཞུ་ཡོངས་བསྒྲགས་ལས་དོན་སྤེལ་འགོ་ཚུགས་ཟིན་པས། ད་ལྟ་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཁེར་རྐྱང་བཟོ་ཚོང་ཚོང་དུད་བཅས་ཀྱི་2024ལོའི་ལོ་འཁོར་གྱི་སྙན་ཞུ་ཡོངས་བསྒྲགས་ཀྱི་འབྲེལ་ཡོད་དོན་དག་སྐོར་གསལ་བསྒྲགས་བྱེད་རྒྱུ་གཤམ་གསལ།


ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་གནས་སྐབས་སྲོལ་ཡིག་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལོ་འཁོར་སྙན་ཞུ་ཡོངས་བསྒྲགས་བྱེད་པའི་གནས་སྐབས་ལག་བསྟར་སྲོལ་ཡིག་གི་གཏན་འབེབས་ལྟར།  2024ལོའི་ཟླ་12ཚེས་31ཉིན་གྱི་གོང་དེ་ཉིན་ཚུདབཙུགས་ནས་ཐོ་འགོད་བྱས་པའི་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཕྱི་རྒྱལ་ཁེ་ལས་ཀྱི་རྒྱུན་སྡོད་འཐུས་ཚབ་ལས་ཁུངས་བཅས་ཡིན་ཚེ་2025ལོའི་ཟླ་1ཚེས་1ཉིན་ནས་ཟླ་6ཚེས་30ཉིན་བར་བོད་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་དྲ་ཚིགས་སུ་དྲ་ཚིགས་ཀྱི་ཤོག་ངོས་དང་པོའི་གཡོན་འོག་ཏུདྲ་ཐོག་དོན་སྒྲུབཅེས་པའི་ཆེད་བསྒྲིགས་ལེ་ཚན་གནོན་ཏེ། རྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལགབོད་ལྗོངས)”(གཤམ་དུ་བསྡུས་མིང་ཡོངས་བསྒྲགས་མ་ལག་ཟེར་ནང་ཞུགས་ནས་ཆ་འཕྲིན་ཐོ་འགོད་བྱེད་ཆོག་པ་དང་།  དེ་མིནབོད་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་འཕྲིན་ཕྲན་སྤྱི་སྟེགས་ཨང་རྟགས་ལ་དོ་ཁུར་བྱས་ཏེ་ཞབས་ཞུ་ཞེས་པ་གནོན་ནས་ལོ་འཁོར་གྱི་སྙན་ཞུ་ཕུལ་ནས་སྤྱི་ཚོགས་ལ་ཡོངས་བསྒྲགས་ཀྱང་བྱེད་ཆོག།  


ཁེར་རྐྱང་བཟོ་ཚོང་ཚོང་དུད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་དང་ཁེར་རྐྱང་བཟོ་ཚོང་ཚོང་དུད་ཀྱི་ལོ་འཁོར་སྙན་ཞུའི་གནས་སྐབས་ལག་བསྟར་བྱེད་ཐབས་ཀྱི་གཏན་འབེབས་གཞིར་བཟུང་2024ལོའི་ཟླ་12ཚེས་31ཉིན་གྱི་གོང་དེ་ཉིན་ཚུདབཙུགས་ནས་ཐོ་འགོད་བྱས་པའི་ཁེར་རྐྱང་བཟོ་ཚོང་ཚོང་དུད་ཡིན་ན་2025ལོའི་ཟླ་1ཚེས་1ཉིན་ནས་ཟླ6ཚེས་30ཉིན་བར་གཤམ་གསལ་གྱི་བྱེད་ཐབས་གང་རུང་གཅིག་སྤྱད་ནས་ལོ་འཁོར་སྙན་ཞུ་ཕུལ་དགོས་པ་སྟེ། 


གཅིག་ནི་ཡོངས་བསྒྲགས་མ་ལག་ཏུ་ཐོ་འགོད་བྱས་ནས་ལོ་འཁོར་གྱི་སྙན་ཞུ་ཕུལ་བ་དང་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ། 


གཉིས་ནིབོད་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་གྱི་འཕྲིན་ཕྲན་སྤྱི་སྟེགས་ཨང་རྟགས་འཚོལ་བཤེར་བྱས་ཏེ་ཞབས་ཞུ་ཞེས་པ་གནོན་ནས་ལོ་འཁོར་གྱི་སྙན་ཞུ་ཕུལ་བ།


གསུམ་ནིརྒྱལ་ཁབ་ཁེ་ལས་ཀྱི་ཡིད་རྟོན་ཆ་འཕྲིན་ཡོངས་བསྒྲགས་མ་ལག་གི་འཕྲིན་ཕྲན་བྱ་རིམ་ཆུང་གྲས་འཚོལ་བཤེར་བྱས་ཏེ་ལོ་འཁོར་སྙན་ཞུ་ཞེས་པ་གནོན་ནས་སྙན་ཞུ་ཕུལ་བ།


བཞི་ནི་གཉེར་སྐྱོང་བྱ་ཡུལ་གནས་སའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་ལ་ཤོག་ངོས་ཀྱི་ལོ་འཁོར་གྱི་སྙན་ཞུ་ཕུལ་བ། 


གཏན་འབེབས་ཀྱི་དུས་བཀག་ལྟར་ལོ་འཁོར་སྙན་ཞུ་ཕུལ་མེད་པ་དང་ཡོངས་བསྒྲགས་བྱས་མེད་པའི་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཁེར་རྐྱང་བཟོ་ཚོང་ཚོང་དུད་བཅས་ནག་ཆུ་གྲོང་ཁྱེར་རིམ་པ་ཁག་གི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་གཉེར་སྐྱོང་རྒྱུན་ལྡན་མིན་པའི་མིང་ཐོའི་ནང་འཇུག་པའམ་ཡང་ན་གཉེར་སྐྱོང་རྒྱུན་ལྡན་མིན་པའི་རྣམ་པ་ཟུར་མཆན་དུ་འགོད་རྒྱུ་དང་། དུས་མཚུངས་སུ་ཁྲོམ་རའི་བྱེད་པོའི་ཐོ་འགོད་དོ་དམ་སྲོལ་ཡིག་གི་ལག་བསྟར་ཞིབ་སྲོལ་གྱི་གཏན་འབེབས་གཞིར་བཟུང་སྒོར་ཁྲི་1མན་གྱི་དངུལ་ཆད་བཅད་ཆོག།


གལ་ཆེན་དྲན་སྐུལ།

ལོ་འཁོར་སྙན་ཞུ་ཕུལ་བར་གྲོན་དངུལ་གང་ཡང་སྤྲོད་མི་དགོས་པས།

མགོ་སྐོར་ཐེབས་པ་དང་གཡོ་འོག་ཏུ་ཚུད་པར་དོགས་ཟོན་བྱེད་དགོས།



ནག་ཆུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད།

2025ལོའི་ཟླ་2ཚེས་7ཉིན།

期回顾

西藏一单位考录公务员面试公告!

申扎县创新发展 融合活力尽显

扫黄打非不停步 净化环境树新风


编 辑(一审):德庆拉泽
责 编(二审):秦     瑶
审 核(三审):戴 青 霞


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章