ནག་ཆུ་གྲོང་ཁྱེར་གྱི་སྨན་རྫས་སྤུས་དག་ཐོན་སྐྱེད་བྱས་ཐོག་སྤུས་ལེགས་ཀྱི་བོད་སྨན་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་རྒྱུར་ཐུན་མོང་ཐོག་ཇུས་འགོད་བྱས་པ།
2024ལོར་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་བོད་སྨན་སྨན་རྫས་སྦྱོར་བཟོ་ཁང་གིས་སྨན་རྫས་སྤུས་ཚད་དོ་དམ་དང་ཐོན་སྐྱེད་ཐད་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་ལ་བརྟེན་ནས་སྨན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ལ་འགན་ལེན་བྱས་ཡོད།
ལོ་ཧྲིལ་པོའི་ནང་དུས་ཁག་ཁག་300ཡི་ནང་སྨན་རྫས་རིགས་102ལྷག་ཙམ་སྦྱོར་བཟོ་བྱས་ནས་སྤྱི་རྒྱ་13539.6ཐོན་ཚད་བྱས་པ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི་1357ཙམ་ཟིན་ཡོད་པས་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཏན་འཁེལ་བཟོས་པའི་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་ཐུབ་ཡོད།
ལག་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ་དང་། ཐོན་ལས་གྲུབ་ཆ་ལེགས་སུ་བཏང་བ། བོད་སྨན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ། ཐོན་སློབ་ཞིབ་འཇུག་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་ཁྲོམ་ར་རྒྱ་སྐྱེད་གཏོང་བ་སོགས་ཀྱི་བྱ་ཐབས་ལག་བསྟར་བྱས་པ་བརྒྱུད་བོད་སྨན་སྨན་རྫས་ཀྱི་སྤུས་ཚད་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ནད་པ་དེ་བས་མང་བར་བདེ་ཐང་དང་རེ་བའི་གསོན་ཤུགས་སྦྱིན་ཡོད་པ་རེད།
གོམ་སྟབས་རྗེས་མར་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གིས་མུ་མཐུད་དུ་བོད་སྨན་སྨན་རྫས་ཐོན་སྐྱེད་དང་བཟོ་རྩལ་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། སྔར་ལས་ཕན་ནུས་ཆེ་བ་དང་ནུས་རྒྱུ་གྲོན་ཆུང་གི་ཐོན་སྐྱེད་བྱ་ཐབས་འཚོལ་ཞིབ་བྱས་པ་དང་ཆབས་ཅིག་ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཀྱི་སྤུས་ཚད་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་སྨན་རྫས་ཁག་ཚང་མ་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
往期回顾
记 者:边巴占堆
编 辑(一审):德庆拉泽
责 编(二审):秦 瑶
审 核(三审):戴 青 霞