རྒྱ་ཆེའི་གྲོང་མི་དང་གྲོགས་པོ། ཁེར་གཉེར་ཚོང་དུད་ཁག་ལ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཆར་ལ་ཉེ་བའི་སྐབས་འདིར། གོང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། གཙོ་དོན་སློབ་གསོའི་ལས་བརྩོན་ལས་གཏོད་ཐད་དམ་པོར་དམིགས་ནས། རང་འགུལ་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་ཧུར་ཐག་འཁུར་རྒྱུ་ཡིན། དུས་ཆེན་རིང་གྲོང་ཁྱེར་གྱི་རྣམ་པ་དང་འགྲིམ་འགྲུལ་སྒྲིག་ལམ་འགན་སྲུང་དང་། མི་དམངས་མང་ཚོགས་ལ་བདེ་འཇགས་དང་། སྤུས་ལེགས། སྟབས་བདེ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་པ། མང་ཚོགས་ཀྱི་དཔལ་འབྱོར་ཡོང་འཕར་ཡོང་བར་ཁྲིད་སྟོན། དུས་ཆེན་གྱི་ཁྲོམ་ར་འཁྲུག་ཏུ་གཏོང་བ། གྲོང་ཁྱེར་དོ་དམ་ཚད་ལྡན་དུ་བཟོ་བ་བཅས་བྱ་ཆེད། “ཡུལ་བབ་དང་བསྟུན་པ་དང་། མང་ཚོགས་ལ་སྟབས་བདེ་སྐྲུན་པ། འགག་བཤངས་ཟུང་འབྲེལ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་། གོང་དཀར་རྫོང་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུད་ཀྱིས་ལུགས་མཐུན་འཆར་འགོད་བྱས་པ་བརྒྱུད། རྫོང་གྲོང་ནང་ཁུལ་དུ་གནས་སྐབས་ཀྱི་ལོ་གསར་ཉེར་མཁོའི་ཚོང་ཟོག་ཁྲོམ་ར་ཞིག་འཛུགས་རྒྱུའི་གཏན་འབེབས་བྱས་ཡོད། དེའི་གནས་ཡུལ་ནི་གོང་དཀར་རྫོང་རྫོང་གྲོང་གི་ཅིན་ཤིའུ་མཚན་མོའི་ཁྲོམ་རའི་སྒོ་རའི་ནང་དུ་བཙུགས་ཏེ། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་ལོ་གསར་ཉེར་མཁོའི་ཚོང་ཟོག་ཉོ་སྒྲུབ་དགོས་མཁོ་སྐོང་ནས། གྲལ་སྒྲིག་ལ་གོ་རིམ་ལྡན་པ་དང་། བདེ་འཇགས་བརྟན་ལྷིང་། དར་རྒྱས་འཆམ་མཐུན་བཅས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་བསྐྲུན་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་དོན་བྱ་གསལ་བརྡ་གཏོང་རྒྱུ་གཤམ་གསལ་ལྟར།
གཅིག གནས་ཡུལ་བཀོད་སྒྲིག
གོང་དཀར་རྫོང་གི་མཚན་མོའི་ཁྲོམ་རའི་ས་ཁོངས་གཏན་འཁེལ་བྱས་པ་སྟེ། གོང་དཀར་རྫོང་གི་རྒྱལ་ལམ་349དང་བདེ་སྐྱིད་ལམ་སྣོལ་མཚམས་ཀྱི་ནུབ་བྱང་སྨི་60(ཁྲང་ཧྲ་གསོལ་མགྲོན་ཁང་གི་ཁ་སྤྲོད་)དུ་གནས་པ་དང་ཁྲོམ་བཀྱག་ཁག་རིན་མེད་ངང་སྒོ་འབྱེད་བྱ་རྒྱུ་ཡིན།
གཉིས། དུས་ཚོད་ཀྱི་ཡུན་ཚད།
2025ལོའི་ཟླ་2ཚེས་5ཉིན་ནས་ཟླ་2ཚེས་28ཉིན་བར་(ཉིན་24)ཡིན་ཞིང་། ཉིན་ལྟར་9:00ནས་20:00བར་ཡིན།
ཁྲོམ་བཀྱག་རྒྱན་འཕེན་པའི་དུས་ཚོད་ནི་2025ལོའི་ཟླ་2ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་10ནས་འགོ་འཛུགས་རྒྱུ་ཡིན།
གསུམ། གཉེར་སྐྱོང་གི་ཁྱབ་ཁོངས།
ལོ་གསར་གྱི་ཉེར་མཁོའི་ཚོང་ཟོག་ཁོ་ན་བྲིན་འཚོང་བྱ་རྒྱུ་སྟེ། དཔེར་ན། ཤིང་འབྲས་སྐམ་པོ་དང་བརྔོས་ཟས། འཚོ་བའི་མཁོ་ཆས། མེ་ཏོག་ཆུན་པོ་སོགས།
བཞི། གཉེར་སྐྱོང་གི་བླང་བྱ།
(གཅིག)རེ་ཞུ་བྱས་པའི་ཁྲོམ་བཀྱག་ངེས་པར་དུ་དོ་བདག་རང་ཉིད་ནས་ཐོ་འགོད་དང་ཚོང་གཉེར་བྱེད་དགོས་པ་ལས། ཁྲོམ་བཀྱག་བར་ཚོང་རྒྱག་པ་དང་ནང་བཤུག་བཏང་ནས་ཁེ་ཕན་དོན་གཉེར་བྱེད་པའི་རིགས་གཏན་འགོག་བྱེད་དགོས།
(གཉིས)ཚོང་ཁྲོམ་ཁག་གིས་ངེས་པར་དུ་གཏན་འཁེལ་བྱས་པའི་དུས་ཚོད་དང་ས་གནས། གནས་ཡུལ་བཅས་སུ་ཁྲོམ་ཚད་ལྡན་འདོན་དགོས་པ་ལས། ས་ཁོངས་ལས་བརྒལ་བ་དང་དུས་བཀག་ལས་བརྒལ་ཏེ་ཚོང་གཉེར་བྱེད་མི་ཆོག
(གསུམ)བགྲོད་ལམ་བཙན་བཟུང་བྱས་ནས་ཁྲོམ་འདོན་པ་དང་། སྒྲ་གདངས་མཐོ་བའི་སྒྲ་དུང་སྒྲོག་ནས་གྲོང་མི་སུན་པོ་བཟོས་པ། སྤྱི་པའི་སྒྲིག་བཀོད་གཏོར་བཤིག་གཏོང་བ། འཛེམ་ཟོན་མེད་པར་མེ་གཏོང་བ། གློག་གང་བྱུང་མཐུད་པ་བཅས་གཏན་འགོག་བྱེད་དགོས།
(བཞི)ཚོང་ཁྲོམ་ཁག་གིས་ཁྲོམ་བཀྱག་ཉེ་འཁོར་གྱི་འཕྲོད་བསྟེན་གཙང་ཞིང་གྲལ་སྒྲིག་པོ་ཡོང་རྒྱུ་འགན་ལེན་བྱས་ཏེ། རང་འགུལ་ངང་གད་སྙིགས་རྣམས་གད་སྙིགས་བླུགས་སྒམ་ནང་དབྱུགས་དགོས། དེ་ལས་འགལ་བའམ་ཡང་ན་དོ་དམ་སྲུང་བརྩི་མི་ཞུ་བའི་ཚོང་གཉེར་དུད་ཚང་ལ་ཁྲིམས་ལྟར་ཆད་པ་གཅོད་པའམ་ཡང་ན་བཀག་སྡོམ་བྱེད་དགོས།
(ལྔ)དུག་དང་གནོད་ཚེ་ཡོད་པ་དང་། འབར་སླ་བ། རྩིས་སྤྲོད་དོ་དམ་གྲི་ཆས་ཚོང་གཉེར་དང་ཕྱིར་འཚོང་བྱེད་མི་ཆོག གལ་ཏེ་གོང་གསལ་གྱི་བྱ་སྤྱོད་ཡོད་ཕྱིན། ཁ་ཏ་བྱས་ཀྱང་སྔར་བཞིན་བཅོས་སྒྲིག་མ་བྱས་ན་དེའི་ཚོང་གཉེར་ཐོབ་ཐང་མེད་པར་བཟོ་དགོས།
(དྲུག)གནས་སྐབས་ཀྱི་ཚོང་ཁྲོམ་བཙུགས་པ་ཕུད། རྫོང་གྲོང་གི་ལམ་རྒྱུད་གཞན་དག་ཏུ་ཁྲོམ་བཀྱག་འཛུགས་པ་དང་། སྐོར་སྐྱོད་ཚོང་གཉེར་བྱེད་པ། རྗེས་འབྲང་ཕྱིར་འཚོང་བྱེད་པ་བཅས་གཏན་འགོག་བྱེད་དགོས། གལ་ཏེ་དེ་ལས་འགལ་ན་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།
(བདུན)སྤྱི་བདེ་དང་ཁྲོམ་ར་ལྟ་སྐུལ་དོ་དམ། ཕྱོགས་བསྡུས་ཁྲིམས་སྒྱུར་ཅུད་ཀྱི་ལས་དོན་མི་སྣའི་དོ་དམ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས།
(བརྒྱད)གལ་ཏེ་གློ་བུར་གྱི་དོན་རྐྱེན་སོགས་འགོག་ཐབས་མེད་པའི་རྒྱུ་རྐྱེན་གྱི་དགོས་མཁོ་འཕྲད་ཚེ། གནས་སྐབས་ཀྱི་ལོ་གསར་གྱི་ཉེར་མཁོའི་ཚོང་ཟོག་ཁྲོམ་ར་འཕྲལ་དུ་གཉེར་མཚམས་འཇོག་དགོས་པ་དང་། ཚོང་གཉེར་དུད་ཚང་ཁག་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཚོང་གཉེར་དུས་ཚོད་ལེགས་སྒྲིག་གམ་ཡང་ན་སྒོ་རྒྱག་རྒྱུར་གཞོགས་འདེགས་བྱེད་དགོས།
ཞིབ་ཕྲའི་འགན་འཁུར་མི་སྣ། སྐལ་བཟང་བཀྲ་ཤིས། ཁ་པར་18089035554
རྒྱ་ཆེའི་གྲོང་མི་དང་ཚོང་གཉེར་བས་ཕན་ཚུན་བརྒྱུད་བསྒྲགས་དང་། རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ། མཉམ་དུ་སྤྲོ་སྣང་དང་འཆམ་མཐུན་ལྡན་པའི་དཔྱིད་གསར་དུས་ཆེན་དང་བོད་གྱི་ལོ་གསར་ཞིག་གཏོང་ཐུབ་པ་བྱེད་དགོས།
དམིགས་སུ་གསལ་བརྡ་སྤེལ་རྒྱུ།
གོང་དཀར་རྫོང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུད། (གྲོང་ཁྱེར་དོ་དམ་ཅུད་)
2025ལོའི་ཟླ་2ཚེས་5ཉིན།