浪卡子县关于开展2025年城乡居民暨在编僧尼健康体检的公告人民健康是社会文明进步的基础,是民族昌盛和国家富强的重要标志,也是广大人民群众的共同追求。为进一步提高全民健康水平,保障全县各族群众身心健康,及时掌握城乡居民和在编僧尼健康状况,浪卡子县于2025年1月20日起全面实施全民健康体检工作,现将相关情况公告如下:以村为单位,由各乡镇人民政府、村“两委”驻村工作队负责组织群众,提前一天通知村居委会参检人员做好体检前的准备事宜,并统一组织体检。健康是幸福生活最重要的指标,健康是1,其他是后面的0,没有1,再多的0也没有意义。健康体检是您全面了解自己健康状况,提高自我保健水平的一次机会。衷心希望您积极参与全民免费健康体检,与我们携手齐心,共建健康浪卡子。
སྣ་དཀར་རྩེ་རྫོང་གི་༢༠༢༥ལོའི་དམངས་ཡོངས་ཀྱི་གཟུགས་པོའི་བདེ་ཐང་བརྟག་དཔྱད་ལས་དོན་སྐོར་གྱི་སྤྱི་བསྒྲགས།
མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་དཔལ་ཡོན་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐུན་མོང་འདུན་པ་ཡིན། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་དང་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་སྔར་བས་མཐོར་འདེགས་གཏོང་ཆེད། གྲོང་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན་གྱི་གཟུགས་གཞི་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱ་ཆེད། སྣ་དཀར་རྩེ་རྫོང་གིས་༢༠༢༥ལོའི་ཟླ་༡ཚེས་༢༠ཉིན་ནས་བཟུང་དམངས་ཡོངས་ཀྱི་གཟུགས་པོའི་བདེ་ཐང་བརྟག་དཔྱད་ལས་དོན་ཁྱོན་ཡོངས་ནས་འགོ་བརྩམས་རྒྱུ་ཡིན་པས་འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།གཅིག། གཟུགས་པོ་བརྟག་དཔྱད་བྱ་ཡུལ།ཐེམ་ཐོ་རང་རྫོང་ཁོངས་སུ་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དང་སྒྲིག་ཁོངས་སུ་ཡོད་པའི་གྲྭ་བཙུན།གཉིས། གཟུགས་པོར་བརྟག་དཔྱད་བྱེད་པའི་དུས་ཚོད།༢༠༢༥ལོའི་སྤྱི་ཟླ་༡ཚེས་༢༠ཉིན་ནས་སྤྱི་ཟླ་༣ཚེས་༢༠ཉིན་བར་།གསུམ། གཟུགས་པོར་བརྟག་དཔྱད་བྱེད་པའི་ས་གནས་དང་བཀོད་སྒྲིག།བརྟག་དཔྱད་བྱེད་པའི་བརྡ་ཐོར་ཞིག་ཏེ་ཤང་དང་གྲོང་རྡལ་ཁག་གི་མི་དམངས་སྲིད་གཞུང་དང་གྲོང་ཚོའི“ཨུ་ལྷན་གཉིས”དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་རེ་ཚན་པ་བྱས་ཏེ་སྔ་སྣུར་དུ་མང་ཚོགས་སྒྲིག་འཛུགས་བྱ་རྒྱུ་དང་གྲོང་མི་བརྟག་དཔྱད་ནང་ཞུགས་མཁན་ལ་གཟུགས་པོར་བརྟག་དཔྱད་མ་བྱས་གོང་གི་གྲ་སྒྲིག་བྱ་རྒྱུའི་བརྡ་ཐོ་གཏོང་རྒྱུ་།བཞི། བརྟག་དཔྱད་བྱེད་མཁན་ཚན་པ་།སྣ་དཀར་རྩེ་རྫོང་ལྟེ་བའི་སྨན་ཁང།ལྔ། གཟུགས་པོར་བརྟག་དཔྱད་བྱེད་པའི་བློ་འདྲི་འབྲེལ་བ་བྱ་ཡུལ་།རྫོང་ལྟེ་བའི་སྨན་ཁང་གི་ཡོན་ཀྲང་གཞོན་པ་དང་གཟུགས་པོ་བརྟག་དཔྱད་ཚོགས་ཆུང་གི་ཙུའུ་ཀྲང་སྐལ་བཟང་མཆོག་སྒྲུབ་། འབྲེལ་གཏུགས་ཁ་པར། ༡༧༣༨༩༩༣༥༠༥༩དྲུག། མཛའ་བརྩེའི་དྲན་སྐུལ།བདེ་ཐང་ནི་བདེ་སྐྱིད་འཚོ་བའི་ཆེས་གལ་ཆེ་བའི་དམིགས་ཚད་ཞིག་ཡིན།བདེ་ཐང་ནི་ཨང་གྲང་༡ཡིན་པ་དང་།བྱ་གཞག་གཞན་ནི་རྗེས་ཀྱི་༠ཡིན།གལ་ཏེ་༡མེད་ན།༠ཇི་ཙམ་མང་ནའང་དོན་སྙིང་མེད།བདེ་ཐང་བརྟག་བཤེར་ནི་ཁྱོད་ཀྱིས་ཕྱོགས་ཡོངས་ནས་རང་ཉིད་ཀྱི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་རང་ཉིད་ཀྱི་ལུས་ཁམས་བདེ་སྲུང་གི་ཆུ་ཚད་མཐོར་འདེགས་གཏོང་བའི་གོ་སྐབས་ཡག་ཤོས་ཤིག་རེད། འདིར་ཁྱེད་ཉིད་ནས་ཐེངས་འདིའི་དམངས་ཡོངས་ཀྱི་གཟུགས་པོའི་བདེ་ཐང་བརྟག་དཔྱད་ལ་ཧུར་ཐག་ཞུགས་རྒྱུའི་རེ་བ་སྙིང་ཐག་པ་ནས་ཞུ་རྒྱུ་ཡིན། ང་ཚོས་ལག་རྡང་སྦྲེལ་ནས་བདེ་ཐང་གི་སྣ་དཀར་རྩེ་མཉམ་སྐྲུན་བྱེད་པར་འབད་དགོས་།སྣ་དཀར་རྩེ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན།སྣ་དཀར་རྩེ་རྫོང་ལྟེ་བའི་སྨན་ཁང་།སྤྱི་ལོ་༢༠༢༥ལོའི་ཟླ་༡ཚེས་ ༡༧ཉིན་།