ཐོག་མར་ཚང་མའི་་ངེད་་༼མཁར་རི་ཚང་དམངས་ཁྲོད་རིག་གནས་ཁྱབ་སྤེལ་གླིང་།༽ ཞེས་པའི་སྤྱི་སྟེགས་འདི་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་མ་ཟད། ང་ཚོའི་རྒྱུན་དུ་སྤྱི་སྟེགས་འདི་བརྒྱུད་ནས་བོད་ཀྱི་༼༼ མདོ་དབུས་ཁམས་གསུམ་གྱི་གླུ་གཞས་གསར་རྙིང་དང་༽༼ གཏམ་དཔེ ༽༼ གབ་ཚིག ༽ ༼ བོད་ཀྱི་ལོ་རྒྱུས། ༽༼ གླིང་སྒྲུང། ༽སོགས་མི་ལོ་སྟོང་ཕྲག་དུ་མའི་གོང་གི་གནའ་བོའི་ལོ་རྒྱུན་འགའ་འཚོལ་བསྡུས་དང་དར་སྤེལ་བྱས་ཏེ་ཁྱེད་ཅག་དང་མཉམ་རོལ་བྱེད་རྒྱུ་ཡིན།
བོད་པའི་རྟ་མཆོག
བོད་པའི་རྟ་མཆོག
赛马
ཚིག་དང་དབྱངས། བླ་མ་བློ་བཟང་།
ལེན་མཁན། རེ་བ་ཚང་།
སྒྲ་ལེན། ཉི་མའི་ཨ་ཕ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་ཐུན་གཉེར་ཁང་།
录音:太阳爸爸文化艺术传播有限公司
བརྙན་ལེན། ཉི་མའི་ཨ་ཕ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་ཐུན་གཉེར་ཁང་།
拍摄:太阳爸爸文化艺术传播有限公司
སྒྲིག་སྦྱོར། ཉི་མའི་ཨ་ཕ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཚད་ཡོད་ཐུན་གཉེར་ཁང་།
剪辑:太阳爸爸文化艺术传播有限公司
༼༡༽ རེ་བའི་བུ་མོ།
ཆུ་རྨ་ཆུའི་ཁ་ལ་རྟ་ཞིག་ཡོད། །
ཁྱོད་རྨ་ཁུག་གྱི་ལིང་འཕུར་ཤེས་ཟེར། །
མགྱོགས་བང་རྩལ་ནམ་མཁའི་བྱ་ལས་མྱུར། །
བུ་བསོད་ནམས་ཅན་གྱི་ལག་ཏུ་ཡོད། །
ལྷ་རྟ་ལགས། དེ་རིང་ནི་ཁྱོད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱོད་ཛཾ་ལྷ་སྟོང་གིས་ཁ་འཛིན་མཛོད།
ས་རྨ་ཡུལ་སྐྱིད་པའི་ལུང་པ་ན། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
༼༢༽ རིག་འཛིན་སྒྲོལ་མ།
ཆུ་འབྲི་ཆུའི་ཁ་ལ་རྟ་ཞིག་ཡོད། །
ཁྱོད་འབྲི་རྟ་སྔོན་མོ་ཕྱོག་དྲུག་ཟེར། །
མགྱོགས་བང་རྩལ་སེར་མ་རླུང་ལས་མྱུར། །
བུ་ལ་རྒྱ་ཅན་པོའི་ལག་ཏུ་ཡོད། །
ལྷ་རྟ་ལགས། དེ་རིང་ནི་ཁྱེད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱེད་གཡང་ལྷ་སྟོང་གིས་ཁ་འཛིན་མཛོད།
ས་འབྲི་ཟླ་ཟལ་མོའི་སྒང་རྒྱུད་ན། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
༼༣༽ ཤེས་རབ་སྒྲོལ་དཀར།
ཆུ་རྫ་ཆུའི་ཁ་ལ་རྟ་ཞིག་ཡོད། །
ཁྱོད་རྫ་རྟ་དཀར་པོ་གློག་འཛིན་ཟེར། །
མགྱོགས་བང་རྩལ་ནམ་མཁའི་གློག་ལས་མྱུར། །
བུ་རིག་གནས་ཅན་པོའི་ལག་ཏུ་ཡོད། །
ལྟ་རྟ་ལགས། དེ་རིང་ནི་ཁྱེད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱེད་ལུས་ལྷ་སྟོང་གིས་ཁ་འཛིན་མཛོད།
ཡུལ་རྫ་ཆུ་ཁ་བའི་འབྲོག་སྡེ་ལ། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
༼༤༽ ཡེ་ཤེས་ཆོས་མཚོ།
སྟོད་དབུས་གཙང་ཡུལ་ན་རྟ་ཞིག་ཡོད། །
ཁྱོད་དབུས་རྟ་ཁམ་པ་བྱ་འཛིན་ཟེར། །
རྒྱུག་བང་རྩལ་ཐང་དཀར་རྒོད་ལས་མགྱོགས། །
བུ་ཁོག་རྒྱ་ཅན་པོའི་ལག་ཏུ་ཡོད། །
ལྷ་རྟ་ལགས། དེ་རིང་ནི་ཁྱོད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱོད་ཕུག་ལྷ་སྟོང་གིས་ཁ་འཛིན་མཛོད།
སྟོད་དབུས་གཙང་དག་པའི་ཞིང་ཁམས་ན། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
༼༥༽ དཔལ་ལྡན་མཁའ་འགྲོ།
སྨད་ཨ་མདོའི་ཡུལ་ལ་རྟ་ཞིག་ཡོད། །
རྒྱུག་སྨད་རྟ་དཀར་མོ་ཕྱོག་དྲུག་ཟེར། །
ཁྱོའི་བང་རྩལ་སྐར་མའི་མདའ་ལས་མགྱོགས། །
བུ་རྣམ་དཔྱོད་ཅན་པོའི་ལག་ཏུ་ཡོད། །
ལྷ་རྟ་ལགས། དེ་རིང་ནི་ཁྱོད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱོད་ནོར་ལྷ་སྟོང་གིས་ཁ་འཛིན་མཛོད།
སྨད་ཨ་མདོ་རིག་པའི་གྲོང་ཁྱེར་ན། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
༼༦༽ བཀྲ་ཤིས་དཔལ་མཚོ།
བར་མདོ་སྟོད་ཡུལ་ལ་རྟ་ཞིག་ཡོད། །
ཁྱོད་བར་རྟ་རྐྱང་དམར་འཕུར་ཤེས་ཟེར། །
རྒྱུག་བང་རྩལ་ནམ་མཁའི་གློག་ལས་མྱུར། །
བུ་བསོད་མམས་ཅན་པོའི་ལག་ཏུ་ཡོད། །
ལྷ་རྟ་ལགས། དེ་རིང་ནི་ཁྱོད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱོད་དགྲ་ལྷ་སྟོང་གིས་ཁ་འཛིན་མཛོད།
བར་མདོ་སྟོད་ནོར་བུའི་བང་མཛོད་ན། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
༼༧༽ ཚེ་རིང་སྒྲོལ་དཀར།
བོད་ཁ་བ་ཅན་ལ་རྟ་ཞིག་ཡོད། །
ཁྱོད་བོད་རྟ་སྔོན་པོ་གཡུ་བྱ་ཟེར། །
རྒྱུག་བང་རྩལ་ཉི་མའི་འོད་ལས་མགྱོགས། །
བུ་དབང་ཐང་ཅན་པོའི་ལག་ཏུ་ཡོད། །
ལྷ་རྟ་ལགས། དེ་རིང་ནི་ཁྱོད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱོད་ཡུལ་ལྷ་སྟོང་གིས་ཁ་འཛིན་མཛོད།
བོད་ཁ་བ་ཅན་གྱི་ཡུལ་གྲུ་ན། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
༼༨༽ སྒྲོལ་དཀར་ལྷ་མོ།
རྟ་བརྒྱུགས་ན་ཨ་ཆེན་ཐང་ནས་རྒྱུགས། །
མགྱོགས་བང་ཁ་སུ་རེད་དེ་རིང་ལྟ། །
དར་དཀར་པོས་ཁྱེད་ལ་སྒུག་ནས་ཡོད། །
གསེར་སེར་པོའི་བྱ་དགའ་ཁྱེད་ལ་ཡོད། །
ལྷ་རྟ་ལགས། དེ་རིང་ནི་ཁྱོད་ཀྱི་ཉི་མ་རེད།
རྟ་མཆོག་ལགས། ཁྱོད་ཕྱུག་ལྷ་སྟོང་གིས་ཁ་འཛིན་མཛོད།
བོད་ཆོལ་ཁ་གསུམ་གྱི་ས་ཆ་ན། །
བུ་རྟ་མཆོག་གཉིས་ཀ་དར་བར་ཤོག །
སྙན་འཇེབས་རོལ་དབྱངས་དགའ་བའི་མཚོ་བྱུང་མས།
རམ་འདེགས་པི་ཝང་སྙན་པའི་གླུ་ཆུང་ལེན།།
རྒྱུད་དྲུག་གྷི་ཊཱར་སྐྱོང་བའི་སློབ་མ་རྣམས།།
མཚོ་ལྡན་མ་ཡི་དངོས་གྲུབ་སྩལ་དུ་གསོལ།།
♪非常感谢大家对藏北江南”之称(卡日仓弘扬民间文化)微信公众平台的支持与鼓励,本平台每天都会给您们分享动听的藏北羌塘之音和优美的羌塘舞姿以及 ,♪ 歌手宣传,♪ 谚语 ,♪谜儿,♪西藏历史,♪格萨尔王说唱,同时还有美妙的传统民歌和国际有名的艺术竞赛等, 感谢父老乡亲喜欢我的平台并关注。希望我的平台给您们带来快乐。再次感谢亲朋好友们的 支持!
བོད་ཁུལ་སྤྱི་སྟེགས་ཆེ་མོ་ནང་གི་ཡ་གྱལམཁར་རི་ཚང་་འཕྲིན་ཕྲན་སྤྱི་སྟེགས་དང་འབྲེལ་ཡོད་ཀྱི་མ་ལག་གཞན་གྱི་གར་སྟེགས་འདི་དག་ཡིན་པས་རྣམ་པ་ལྷན་རྒྱས་ཀྱིས་དོ་སྣང་དང་རྒྱབ་སྐྱོར་གནང་བ་བཀའ་དྲིན་ཆེ།།
藏区最大自媒体微信公众平台之一“卡日仓”及相关其他平台如下:感谢大家一路以来的支持和鼓励,欢迎朋友们敬请关注我们的其他平台,我们会更新精彩内容 谢谢!
སྡོ་གཡིང་། krc11888 抖音: krc11888
མཛེས་པར། 1056972778 美拍: 1056972778
སྐད་འཕྲིན། krc23242526 微信: krc23242526
ཝང་དབྱིངས་ཡོན། དབྱངས་བསྟན་འཛིན་གྱི་གླུ་གཞས་སྤྱི་སྟེགས། 网易云: 央旦增音乐贴吧
གཙོ་སྒྲིག་པ། དབྱངས་བསྟན་འཛིན།
དོ་དམ་པ། དབྱངས་བསྟན་འཛིན།
འགན་ཁུར་བ། དབྱངས་བསྟན་འཛིན།
ཇུས་འགོད་པ། དབྱངས་བསྟན་འཛིན།
扫码关注我们了解更多资讯
视频号
抖音号
འོག་གི་རྒྱ་ཡིག་ 关注 འམ་ཡང་ན 广告 གང་རུང་གནོན་ནས་སོང་དང་ལྟས་མོ་་འདྲ་མིན་བལྟ་རྒྱུ་ཡོད།