汉藏双语|关于元旦、春节、藏历新年期间市场价格行为提醒告诫书

政务   2024-12-31 21:54   西藏  




关于元旦、春节、藏历新年期间市场价格行为提醒告诫书

 

各经营者及相关单位:

2025年元旦、春节、藏历新年将至,为进一步规范节日期间各经营主体价格行为,加强生活必需品、药品、餐饮娱乐、高端烟酒等重点领域价格行为监管,切实维护消费市场秩序,营造放心消费环境,保护消费者和经营者合法权益,现对各经营者及相关单位提醒告诫如下:

一、加强价格自律

各经营主体要严格遵守《中华人民共和国价格法》《明码标价和禁止价格欺诈规定》《规范促销行为暂行规定》《网络交易监督管理办法》等法律法规和相关规定,切实加强价格自律,遵循公平合法和诚实守信原则,做到依法经营、诚信经营,自觉维护良好的市场价格秩序。

二、执行明码标价

各经营主体要严格执行明码标价制度,做到价签价目齐全,标价内容真实明确、字迹清晰、货签对位、标示醒目。若有价格变动,应当及时调整;不得在标价之外加价出售商品或者提供服务,不得收取任何未予标明的费用;经营者通过网络等方式销售商品或者提供服务的,应当通过网络页面,以文字、图像等方式进行明码标价。

三、禁止价格欺诈

经营者不得利用虚假或者使人误解的价格手段,诱骗消费者或者其他经营者与其进行交易。通过实体店线下经营、电商平台APP、直播营销等各种方式销售商品或提供服务,均不得出现低价诱骗高价结算、先提价后打折、虚假折价、不履行价格承诺等价格欺诈行为,不得捏造、散布涨价信息,严禁囤积居奇或操纵市场价格。

各经营者及相关单位应按照本提醒告诫要求,开展自查整改,规范价格行为,自觉维护旅游市场价格秩序。亚东县市场监管局将加强对节日市场价格行为的监管,对经提醒告诫后仍未整改规范、群众反映强烈的价格违法问题,一经查实,将依法从严处理,对情节恶劣、性质严重、影响较大的违法案件将予以公开曝光。

广大消费者若发现有价格违法行为,请保存好证据资料并及时拨打12345、12315或者0892—8222315热线进行投诉举报。 

 

 

亚东县市场监督管理局

2024年12月31日

 



༄༅། །གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་ཁྲོམ་རའི་རིན་གོང་སྐོར་གྱི་དྲན་སྐུལ་བསླབ་འདོམས་ཡི་གེ

 

གཉེར་སྐྱོང་ཚོང་དུད་དང་འབྲེལ་ཡོད་ཚན་པ་ཁག་ལ།

2025ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་སླེབས་ལ་ཉེ་བས། དུས་ཆེན་རིང་གཉེར་སྐྱོང་ཚོང་དུད་ཁག་གི་རིན་གོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། འཚོ་བའི་མཁོ་ཆས་དང་སྨན་རྫས། བཟའ་བཏུང་རོལ་རྩེད།  དང་ཨ་རག་གྲགས་ཅན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རིན་གོང་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་བློ་བདེའི་འཛད་སྤྱོད་ཁོར་ཡུག་བསྐྲུན་པ།  ་འཛད་སྤྱོད་པ་དང་གཉེར་སྐྱོང་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་པ་བཅས་ཀྱི་ཆེད་གཉེར་སྐྱོང་ཚོང་དུད་ཁག་དང་འབྲེལ་ཡོད་ཚན་པ་ཁག་ལ་དྲན་སྐུལ་བསླབ་འདོམས་བྱ་རྒྱུ་གཤམ་གསལ་ཏེ།

གཅིག རིན་གོང་རང་གཅུན་ལ་ཤུགས་སྣོན་རྒྱག་དགོས།

གཉེར་སྐྱོང་ཚོང་དུད་ཁག་ཁག་གིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམསདང་རིན་གོང་ཁ་གསལ་འགོད་རྒྱུ་དང་རིན་གོང་མགོ་སྐོར་གཏོང་མི་ཆོག་པའི་གཏན་འབེབས་》《བྲིན་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་གནས་སྐབས་གཏན་འབེབས་》《དྲ་རྒྱའི་ཉོ་ཚོང་ལྟ་སྐུལ་དོ་དམ་བྱ་ཐབསསོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཐོག་རིན་གོང་རང་གཅུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། དྲང་གཞག་ཁྲིམས་མཐུན་དང་གཞུང་དྲང་ཡིད་རྟོན་གྱི་རྩ་དོན་བརྩི་སྲུང་བྱས་ཏེ་ཁྲིམས་ལྟར་གཉེར་སྐྱོང་དང་ཡིད་རྟོན་ངང་གཉེར་སྐྱོང་བྱས་ནས་རང་རྒུལ་ངང་ཁྲོམ་རའི་རིན་གོང་སྒྲིག་ལམ་བཟང་པོ་སྲུང་སྐྱོང་བྱ་དགོས།

གཉིས། རིན་གོང་གསལ་འགོད་ལག་བསྟར་བྱེད་དགོས།

གཉེར་སྐྱོང་བས་རིན་གོང་གསལ་འགོད་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། རིན་གོང་གསལ་བྱང་གི་རིན་གོང་ཆ་ཚང་བ་དང་ནང་དོན་དངོས་ཡོད་ཁ་གསལ། ཚོང་ཟོག་དང་གསལ་བྱང་ཆ་སྒྲིག་པོ། གསལ་བྱང་མངོན་གསལ་དོད་པོ་བཅས་དགོས། གལ་ཏེ་རིན་གོང་ལ་འགྱུར་ལྡོག་བྱུང་ཚེ་གསལ་བྱང་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས། གསལ་བྱང་ཐོག་བཀོད་པའི་རིན་གོང་ལྟར་ལས་རིན་གོང་སྤར་ནས་ཚོང་ཟོག་བཙོང་བའམ་ཞབས་ཞུ་མཁོ་འདོན་བྱེད་མི་ཆོག   ་གྲོན་དངུལ་གང་ཡང་བསྡུ་མི་ཆོག གཉེར་སྐྱོང་ཚོང་དུད་ཀྱིས་དྲ་རྒྱ་སོགས་བརྒྱུད་ཚོང་ཟོག་ཕྱིར་ཚོང་བྱེད་པའམ་ཞབས་ཞུ་འདོན་སྤྲོད་བྱེད་ན། དྲ་རྒྱའི་དྲ་ངོས་ཐོག་ཡི་གེ་དང་པར་རིས་སོགས་ཀྱི་རྣམ་པའི་ཐོག་ནས་རིན་གོང་གསལ་པོར་འགོད་དགོས།   

གསུམ། རིན་གོང་མགོ་སྐོར་གཏོང་མི་ཆོག

གཉེར་སྐྱོང་བས་རིན་གོང་རྫུན་མའམ་ཡང་ན་གཞན་གྱིས་གོ་ནོར་ཐེབས་སླ་བའི་བྱ་ཐབས་སྤྱད་དེ་འཛད་སྤྱོད་པའམ་ཡང་ན་གཉེར་སྐྱོང་པ་གཞན་དག་བསླུ་བྲིད་བྱས་ཏེ་ཉོ་ཚོང་བྱེད་མི་ཆོག དངོས་གཞིའི་ཚོང་ཁང་དུ་ཚོང་གཉེར་བྱེད་པ་དང་། གློག་རྡུལ་ཚོང་དོན་ལས་སྟེགས་APP  ཐད་གཏོང་ཚོང་གཉེར་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་ཚོང་ཟོག་ཕྱིར་ཚོང་བྱེད་པའམ་ཞབས་ཞུ་མཁོ་འདོན་བྱེད་སྐབས། རིན་གོང་ཐད་མགོ་སྐོར་གཏོང་བ་དང་། སྔོན་ལ་རིན་གོང་སྤར་ནས་རྗེས་ལ་གོང་བཅག་པ། རིན་གོང་གཅོག་རྒྱུ་རྫུན་བཟོ་བྱེད་པ། རིན་གོང་ཁས་ལེན་མི་བྱེད་པ་སོགས་རིན་གོང་ཐད་མགོ་སྐོར་གཏོང་བའི་བྱ་སྤྱོད་ཐོན་མི་ཆོག་པ་དང་། རིན་གོང་འཕར་བའི་ཆ་འཕྲིན་རྫུན་བཟོ་དང་ཁྱབ་སྤེལ་བྱེད་མི་ཆོག   ་ཡང་ན་ཁྲོམ་རའི་རིན་གོང་ཚོད་འཛིན་བྱ་སྤྱོད་གཏན་འགོག་བྱེད་དགོས།

གཉེར་སྐྱོང་ཚོང་དུད་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་དྲན་སྐུལ་བསླབ་འདོམས་འདིའི་བླང་བྱ་གཞིར་བཟུང་རང་བཤེར་བཅོས་སྒྲིག་བྱས་ཏེ་རིན་གོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་རང་འགུལ་ངང་ཡུལ་སྐོར་ཁྲོམ་རའི་རིན་གོང་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། གྲོ་མོ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱིས་དུས་ཆེན་རིང་ཁྲོམ་རའི་རིན་གོང་བྱ་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དྲན་སྐུལ་བསླབ་བྱ་བྱས་རྗེས་ད་དུང་བཅོས་སྒྲིག་ཚད་ལྡན་མི་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དྲག་པོ་ཡོད་པའི་རིན་གོང་གི་ཁྲིམས་འགལ་གནད་དོན་ལ་ཞིབ་བཤེར་བྱས་ནས་དངོས་ཡོད་ཡིན་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་།  ་སྡུག་པོ་དང་།  ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཀྱི་ཁྲིམས་འགལ་གྱོད་གཞི་ཡོངས་བསྒྲགས་དང་དམར་འདོན་བྱ་རྒྱུ་ཡིན།

རྒྱ་ཆེའི་འཛད་སྤྱོད་པས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་མཁྱེན་རྟོགས་བྱུང་ཚེ། དཔང་རྟགས་དང་དཔྱད་གཞི་ཉར་ཚགས་ཡག་པོ་བྱས་ནས་དུས་ཐོག་ཏུ་ཐད་སྦྲེལ་ཨང་གྲངས་ 12345དང་12315ཡང་ན་0892-8222315ལ་ཁ་པར་བརྒྱབ་ནས་ཞུ་གཏུག་དང་ཐེར་འདོན་གནང་རོགས།

 

གྲོ་མོ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ནས།

2024ལོའི་ཟླ་12ཚེས་31ཉིན།



终审:黄 思 珍
复审:牛     枭
初审:巴桑卓玛
编辑:拉     吉
来源县市场监督管理局
扫码关注亚东发布了解更多亚东新闻

亚东县权威发布
亚东县官方信息发布
 最新文章